རྒྱུས་ལོན་བྱུང་བ་ལྟར་ན། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པས་བཀའ་བསྟན་མྱུར་སྐྱོབ་དང་དཔར་སྐྲུན། འགྲེམ་སྤེལ་གྱི་བྱ་བ་བཅས་ཧུར་ཐག་གིས་བསྒྲུབས་པར་བརྟེན། མིག་སྔའི་བར་སྣར་ཐང་པར་གཞིའི་༼བསྟན་འགྱུར།༽གྱི་དཔར་ཤིང་ཁྲི་7ལྷག་བརྐོས་ནས། ཞུ་དག་དང་སྒྲིག་དཔར་གྱི་ལས་ཀའང་བསྒྲུབས་ཚར་ཡོད་འདུག
སྣར་ཐང་དཔར་ཁང་ནི་གཞིས་རྩེའི་སྣར་ཐང་དགོན་དུ་ཡོད་ལ། བོད་ལྗོངས་ཀྱི་ཆེས་སྔ་བའི་དཔར་ཁང་རེད། དེ་ནི་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་བཀའ་ལྟར་༼ བསྟན་འགྱུར།༽པར་དུ་བསྐྲུན་ཆེད་བཞེངས་པ་རེད། །