གློག་ཤུགས་མཁའ་ལམ་གྱི་ལས་གཞི་འཕེལ་རྒྱས་སོང་བ་དང་བསྟུན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་18ཀྱི་རྫོང་ཁོངས་གློག་དྲ་དེ། ད་ལྟ་ཡོངས་སུ་རྒྱལ་ཁབ་གློག་དྲའི་དྲ་བ་གཙོ་བོར་སྦྲེལ་ཡོད་ཅིང་། དཀར་མཛེས་བོད་ཁུལ་གྱི་གློག་དྲའི་ཆིག་རྐྱང་གི་འཁོར་རྒྱུགས་རྣམ་པའི་ལོ་རྒྱུས་མཇུག་བསྒྲིལ།
2014ལོའི་ལོ་མཇུག་བར་དུ། སྤྱིའི་དངུལ་འཇོག་ཕལ་ཆེར་སྒོར་དུང་ཕྱུར་186.7བཏང་བའི་གློག་ཤུགས་མཁའ་ལམ་གྱི་ལས་གཞིའི་བསྒྲུབ་ཚད་60% ལས་བརྒལ་ཡོད་པས། གཞི་རྩའི་ཐོག་ཕྱག་ཕྲེང་དང་རྟའུ། འབའ་ཐང་། བདེ་རོང་སོགས་རྫོང་ཁོངས་8ཀྱི་ཆིག་རྐྱང་རྣམ་པའི་གློག་དྲའི་གནད་དོན་ཡོངས་སུ་སེལ་ཏེ། དཀར་མཛེས་ཁུལ་གྱི་རྫོང་ཁོངས་ཡོངས་ཀྱི་གློག་དྲ་དང་རྒྱལ་ཁབ་གློག་དྲའི་གཙོ་ལག་གཉིས་ཕན་ཚུན་སྦྲེལ་མཐུད་བྱས་ཤིང་། སྟོང་ཧྥུ་110ཡོད་པའི་གློག་དྲ་དེ་ཡངས་ཤིང་རྒྱ་ཆེ་བའི་གློག་མེད་པའི་ཁུལ་དུ་ཁྱབ་ཅིང་། རྫོང་ཡོངས་ཀྱི་གློག་འདོན་ནུས་ཤུགས་དང་གློག་འདོན་གྱི་ཡིད་རྟོན་རང་བཞིན་ཆེ་ཆེར་མཐོར་འདེགས་བྱུང་ཡོད། །