དབྱར་ཁའི་རྩྭ་ཐང་སྟེང་གི་རོལ་དབྱངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-19


 
    དབྱར་དུས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ལྷག་ཙམ་ཡོད་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུའི་རྩྭ་ཐང་དུ། གླིང་སྒྲུང་གྱེར་མཁན་ཚོས་རོལ་ཆས་ཁུར་ཏེ་རྩྭ་ཐང་དུ་བསྐྱོད་ནས། གླུ་གཞས་གཏོང་སྟངས་ཐོག་ནས་གླིང་སྒྲུང་གི་དཔའ་བོའི་གཏམ་རྒྱུད་བརྗོད་པ་དང་། སྙན་ཞིང་འཇེབས་པའི་གླིང་སྒྲུང་དེ་ཡང་དབྱར་དུས་རྩྭ་ཐང་སྟེང་གི་དར་ཁྱབ་ཆེ་བའི་རོལ་དབྱངས་ཤིག་ཏུ་གྱུར་ཡོད། 
    རྨ་ཆུ་རྫོང་ལ“གླིང་སྒྲུང་གི་ཕ་ས”ཞེས་བརྗོད་ཀྱི་ཡོད། ལོ་ངོ་སྟོང་ཕྲག་རིང་བོད་ཀྱི་དམངས་ཁྲོད་རོལ་དབྱངས་སྒྱུ་རྩལ་མཁས་ཅན་གྱིས་འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་ནང་། གླིང་སྒྲུང་གི་གཏམ་རྒྱུད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ནས་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་དཔའ་བོའི་ལོ་རྒྱུས་སྙན་ངག《གླིང་སྒྲུང》ལ་རིམ་བཞིན་གྱུར་ཡོད། 2006ལོར་གླིང་སྒྲུང་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1