དུས་སྐབས་གསར་པའི་ཁྲོད་རྒྱ་བོད་ཡིག་སྒྱུར་གྱི་བསམ་གཞིགས་འགའ།

བདེ་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


གཅིག །བོད་ཀྱི་སྐད་ཡིག་ཡིག་སྒྱུར་ལས་དོན་

འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ།

གཅིག་ནི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་སྐད་ཡིག་ཡིག་སྒྱུར་ལས་དོན་དེ་རྒྱུན་གཏན་འཚོ་བའི་ལས་དོན་ཁྲོད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པར་མ་ཟད། གྲངས་ཉུང་མི་རིགས་དང་འབྲེལ་བ་ཡོད་པའི་ས་ཁུལ་དུ་སྐད་ཡིག་སྤེལ་རེས་བྱ་རྒྱུ་ནི་བྱེད་སྟངས་ཧ་ཅང་གལ་ཆེན་ཞིག་ཡིན་པར་རྒྱུས་ལོན་བྱུང་དང་འབྱུང་བཞིན་ཡོད། གནས་ཚུལ་དངོས་ལ་གཞིགས་ནས་ལས་བྱེད་མི་སྣར་ངེས་པར་དུ་གོ་བདེ་བའི་རྒྱུན་སྤྱོད་སྐད་ཆ་ཤེས་དགོས་པའི་བླང་བྱ་བཏོན་ཡོད། ཁུལ་དང་རྫོང་མང་ཆེ་བས་རྩོམ་བསྒྱུར་སྒྲིག་གཞི་བཙུགས་པ་དང་དེ་མཚུངས་ཀྱི་ཡིག་བསྒྱུར་མི་སྣ་བཀོད་སྒྲིག་བྱས་པ་རེད། གཉིས་ནི་ཚོགས་འདུ་གལ་ཆེན་སྣ་ཚོགས་དང་བྱེད་སྒོ་གལ་ཆེན་སྣ་ཚོགས་ཀྱི་ནང་དོན། ཞིང་དར་དམངས་ཕན་གྱི་སྲིད་ཇུས་སོགས་ཚང་མར་ཅུང་འཐུས་སྒོ་ཚང་བའི་ཡིག་བསྒྱུར་ཐོབ་ཡོད། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་སྲིད་ཇུས་ཤེས་རྟོགས་དང་སྒྲིག་ཁྲིམས་བརྩི་སྲུང་། ཤེས་བྱ་ཁྱབ་གདལ། རྩལ་ནུས་མཐོར་གཏོང་བ་བཅས་བྱ་རྒྱུར་དཔྱད་ཡིག་ཆ་འཕྲིན་གྱི་ཡོང་ཁུངས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། ཕྱི་རོལ་ཡུལ་ནས་མི་དམངས་མང་ཚོགས་ཀྱི་དངོས་པོ་དང་བསམ་པའི་འཚོ་བ་ལེགས་སུ་བཏང་བ། གསུམ་ནི་ས་གནས་སྲིད་གཞུང་དང་ལས་ཁུངས་མང་ཆེ་བའི་རྩོམ་སྒྱུར་སྡེ་ཁག་གིས་ད་དུང་རྒྱ་བོད་ཡིག་བསྒྱུར་ཤེས་ལྡན་མི་སྣ་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས་ཡིག་བསྒྱུར་ལས་ཀའི་ཆུ་ཚད་ཇེ་དྲག་ཏུ་ཕྱིན་པར་མ་ཟད། ཡིག་བསྒྱུར་ལས་ཀའི་སྤུས་ཚད་ལངའ་རྨང་གཞི་བཟང་པོ་བཏིང་ཡོད་པ་རེད།

གཉིས། བོད་སྐད་ཡིག་ཡིག་སྒྱུར་ལས་ཀའི་

མིག་སྔའི་གནད་དོན།

བོད་རིགས་འདུས་སྡོད་ཁུལ་གྱི་ཡིག་བསྒྱུར་ལས་ཀའི་ཆུ་ཚད་མཐོ་དམན་མི་འདྲ་བ་དང་ཡིག་བསྒྱུར་གྱི་ཆུ་ཚད་དང་སྤུས་ཚད་ད་དུང་རང་འཁྲིའི་ལས་ཀ་ལེགས་པར་སྒྲུབ་པའི་དགོས་མཁོ་དང་ཡོངས་སུ་འཚམ་མ་ཐུབ་པས། མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བའི་ནུས་པ་ལ་ད་དུང་ཧེ་བག་ངེས་ཅན་ཡོད། ད་དུང་རྒྱ་ཆེ་བའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱ་བོད་ཡིག་སྒྱུར་ལས་ཀའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད། མཚོན་ཚུལ་གཙོ་བོ་འདི་ལྟར་རེད།

1.ཡིག་སྒྱུར་མི་སྣའི་ཆུ་ཚད་མི་མཐོ་བ། བོད་འབྲེལ་ས་ཁུལ་གྱི་གཞི་རིམ་དུ་ཡིག་སྒྱུར་མི་སྣ་ཉུང་བ་དང་ཡིག་སྒྱུར་མི་སྣའི་ཆུ་ཚད་ཞན་པ།

ཡིག་སྒྱུར་ལས་འགན་མང་བ་དང་དུས་ཚོད་ཐུང་བ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་ཡོད། ཡིག་སྒྱུར་བ་མང་པོ་ཞིག་ཡིག་སྒྱུར་ཆེད་ལས་དང་བོད་ཡིག་ཆེད་ལས་ནས་མཐར་ཕྱིན་མིན་པ།མང་ཆེ་བར་འཚོ་བ་དང་སློབ་སྦྱོང་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ནས་བོད་ཡིག་གི་རྨང་གཞི་ཅུང་ཞན་པ་རེད། ཡང་ན་བྱ་བའི་ཁོར་ཡུག་བཀོད་སྒྲིག་ཡང་དག་མིན་པས་ཡིག་སྒྱུར་བྱ་བར་སྒྱིད་ལུག་དང་རྗེས་ལུས་ཐེབས་སུ་བཅུག །ཡིག་སྒྱུར་ལས་བྱེད་མི་སྣའི་རིག་གནས་གཞན་པར་ཤེས་རྒྱ་མི་ཆེ་བ། ཆ་འཕྲིན་གྱི་ཐབས་ལམ་རྙེད་དཀའ་བ་དང་ཡིག་སྒྱུར་ཐོན་ཁུངས་མཉམ་སྤྱོད་བྱེད་དཀའ། འབྲེལ་ཡོད་ལས་སྒོའི་གསོ་སྦྱོང་ལ་ཞུགས་པའི་གོ་སྐབས་ཤིན་ཏུ་ཉུང་ལ། ལས་སྒོ་ཉམས་མྱོང་སྤེལ་རེས་ཧ་ཅང་ཉུང་བ། རྒྱ་བོད་ཡིག་སྒྱུར་གྱི་ཆེད་ལས་ཡོ་བྱད་དཀོན་ཞིང་། བསྒྱུར་ཡིག་གི་སྤུས་ཚད་ཡག་ཐོག་ཡག་བརྩེགས་ཡོང་དཀའ་བས་ཡིག་འབྲུ་ཕན་ཚུན་ཡང་འབྲེལ་དཀའ་བ་རེད། བོད་ཡིག་གི་བསྒྱུར་ཡིག་ནང་དུ། སྐབས་འགར་ཐད་བསྒྱུར་བྱས་པའམ་གོ་སླ་བའི་ཚིག་གྲུབ་དང་གོ་བ་ལེན་དཀའ་བའི་མིང་ཚིག་འབྱུང་བཞིན་ཡོད། དེ་ནི་ཡིག་སྒྱུར་བྱ་བ་གཉེར་མཁན་གྱི་ཤེས་བྱའི་ཆུ་ཚད་དང་བྱ་བའི་རྣམ་འགྱུར། ཡིག་སྒྱུར་ཉམས་མྱོང་དང་འབྲེལ་ཡོད་ཡིག་སྒྱུར་ཡོ་བྱད་ཀྱིས་མི་འདང་བ་བཅས་རྐྱེན་གྱི་ཡིན་པ་རེད།

2.སྐད་ཆ་བསྒྱུར་ནས་ཞྭ་དཔེ་ལྷམ་འགེབས་དང་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་གོམས་སྲོལ་ལ་བརྩི་འཇོག་མི་བྱེད་པ།

ཡིག་བསྒྱུར་མི་སྣས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐ་སྙད་དང་བརྡ་སྤྲོད། ཚིག་རྒྱན་གཏན་ཚིགས་བཅས་ཀྱི་ཁྱད་པར་རྒྱུས་ལོན་དང་ཁོང་དུ་ཆུད་མེད་པས། ཡིག་རིགས་གཉིས་ཀྱི་རྒྱབ་ཀྱི་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་གོམས་སྲོལ། འཚོ་བའི་གོམས་གཤིས། གྲུབ་ཆའི་ཁྱད་ཆོས་སོགས་ལ་རྒྱུས་མངའ་མེད་པ། ཡིག་སྒྱུར་ཐབས་རྩལ་ཐབས་རྡུགས་པ་དང་ཐད་བསྒྱུར་མཁྲེགས་བསྒྱུར་གྱིས་ཞྭ་དཔེ་ལྷམ་འགེབས་བྱས་ཏེ། ཡིག་སྒྱུར་བྱ་བ་སྤྱི་འགྲོས་ཅན་དང་ལུང་ཚིག་ཅན་དུ་བསྒྱུར་པ། དེ་ལྟ་བུའི་ཡིག་སྒྱུར་ལས་ཀའི་སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་མི་ཐུབ་པ་དང་། ལྷག་པར་དུ་རྒྱ་བོད་ཡིག་སྒྱུར་བྱེད་དུས་གལ་ཏེ་དེ་སྔའི་ཡི་གེའི་ངོས་ཀྱི་འདྲ་མཚུངས་ཁོ་ན་དོན་གཉེར་བྱེད་པ་ལས་བོད་ཡིག་གི་བརྡ་སྤྲོད་ལ་བརྩི་འཇོག་མི་བྱེད་པ་དང་། བསྒྱུར་བའི་ནང་དོན་བོད་མི་རིགས་ཀྱིས་ལྟ་མི་ཤེས་པ་དང་རྒྱ་མི་རིགས་ཡང་མི་གོ་བ་རེད། དཔེར་ན་བོད་མིའི་མིང་དང་དངོས་པོའི་མིང་ནི་རྒྱ་ཡིག་གི་སྒྲ་ལྟར་བསྒྱུར་ན་ཕྱི་ནས་ཡོང་བའི་སྐད་དུ་གྱུར། གལ་ཏེ་བོད་རིགས་ཀྱི་སྐད་དང་གོམས་གཤིས་ལྟར་བཀོལ་ན། ཡང་ན་ཀློག་པ་པོས་བོད་སྐད་ཀྱི་སྔོན་གྱི་སྒྲ་ལྟར་ཀློག་ན་མི་རྣམས་ཀྱིས་གསལ་བོར་གོ་ཐུབ་པ་དང་མངོན་སུམ་གསལ་རྗེན་ཡིན་པ་རེད།

གསུམ། ལས་བྱེད་པ་ཁག་ཅིག་གི་བོད་ཡིག་

སྦྱོང་བའི་ནུས་པ་ཞན་པ།

རྫོང་རིམ་པའི་སྡེ་ཁག་ཁ་ཤས་ཀྱི་མི་དོན་བཀོད་སྒྲིག་བྱས་པའི་དབང་གིས་རྒྱ་བོད་སྐད་རིགས་གཉིས་ཤེས་པའི་ལས་བྱེད་པར་མཐོང་ཆེན་དང་ངོས་འཛིན་ཧ་ཅང་ཡག་པོ་བྱུང་མེད། རྒྱུན་ལྡན་གྱི་བྱ་བའི་ཁྲོད་ཡིག་སྒྱུར་རྒྱུ་ཆ་དུས་ཐོག་ཏུ་སྒྱུར་མི་ཐུབ་པ་དང་། ཆེད་མངགས་མི་སྣ་སྐད་སྒྱུར་བཀོད་སྒྲིག་བྱས་ཀྱང་སྤུས་ཚད་མཐོན་པོ་མེད་པ། ལྟ་སྐུལ་དང་ཆེད་ལས་ཀྱི་མཛུབ་ཁྲིད་བྱེད་ཀྱིན་མེད། གཞི་རིམ་གྱི་གྲོང་གསེབ་ལས་བྱེད་པ་དང་མང་ཚོགས་ཀྱིས་ཧ་མི་གོ་བའམ་ཡང་ན་སྲིད་ཇུས་ཀྱི་ནང་དོན་ལ་གོ་བ་ལེན་མི་ཐུབ་པར་གྱུར། གྲོང་སྡེའི་ལས་བྱེད་པའི་བོད་སྐད་ཀྱི་ཆུ་ཚད་ཀྱང་མཐོན་པོ་མེད་ནས་ཡིག་སྒྱུར་ལས་ཀ་སྒྲུབ་དུས་རང་ཉིད་ཀྱི་ནུས་པ་དང་ཉམས་མྱོང་ལ་བརྟེན་ནས་རྒྱ་ཡིག་གི་རྒྱུ་ཆ་རྒྱུས་ལོན་བྱེད་པ་དང་། རྒྱ་བོད་ཡིག་སྒྱུར་ཐ་སྙད་ལ་བརྟེན་ནས་ཡིག་སྒྱུར་བྱེད་པ་རེད། བརྡ་སྤྲོད་དང་ཐ་སྙད་སྤྱོད་པའི་གནས་ཚུལ་ཡང་ཧ་ཅང་ཡང་དག་མིན། བསྒྱུར་ཡིག་ལ་ནོར་འཁྲུལ་བྱུང་བ་དང་མང་ཚོགས་ཀྱི་གོ་དཀའ་བར་གྱུར།

རྒྱ་བོད་སྐད་ཡིག་དང་རྩོམ་སྒྱུར་ལས་ཁུངས་འཐུས་ཚང་མེད་པ་དང་དཔུང་ཁག་བརྟན་པོ་མེད། ས་ཁུལ་ཁ་ཤས་རྒྱ་བོད་སྐད་ཡིག་གི་སྒྲིག་སྒྱུར་ལས་བྱེད་མི་སྣ་ཅུང་ཉུང་། ཞིབ་བཤེར་མཛུབ་ཁྲིད་ལས་ཀའི་སྟོབས་ཤུགས་ཞན་པ་བཅས་ཡིན་པས། བོད་འབྲེལ་ས་ཁུལ་གྱི་བོད་སྐད་ཡིག་ཡིག་སྒྱུར་ལས་ཀ་འཕེལ་རྒྱས་འགྲོ་ཚུལ་ཧ་ཅང་དོ་སྙོམས་མེད་པ་རེད།

ཐ་སྙད་གསར་པའི་ཚད་གཞི་དང་གྲངས་འབོར་གྱིས་མང་ཚོགས་ཀྱི་དགོས་མཁོ་སྐོང་མི་ཐུབ། དཔེར་ན། ཐ་སྙད་གསར་པ་ཁ་ཤས་ད་དུང་ཚད་ལྡན་བཟོ་ཁོམ་མ་བྱུང་ནས་མང་ཚོགས་ཁྲོད་དུ་སྔས་ནས་བཤད་པའི་ཐ་སྙད་ཡོངས་ཁྱབ་ཏུ་སྤྱོད་བཞིན་ཡོད་ལ། ཐ་སྙད་གསར་པ་དང་མང་ཚོགས་ཀྱི་དངོས་ཡོད་བཀོལ་སྤྱོད་གཉིས་ཧེ་བག་ཆེན་པོ་ཡོད་པ། ཐ་སྙད་གཅིག་འདྲ་ཡིག་སྒྱུར་དང་བེད་སྤྱོད་བྱེད་པའི་ཐད་གཅིག་གྱུར་མིན་པ་དང་ཚད་ལྡན་མིན་པའི་སྣང་ཚུལ་གནས་ཡོད། འདིས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་སྐད་ཡིག་རིག་གནས་སྤེལ་རེས་ལ་སྟབས་མི་བདེ་བ་བཟོས། ཕྱོགས་གཞན་ཞིག་ནས་བཤད་ན། ཡིག་སྒྱུར་མི་སྣས་ཚད་ལྡན་གཅིག་གྱུར་གྱི་བོད་ཡིག་ཐ་སྙད་བཀོལ་སྤྱོད་མི་བྱེད་པར། རང་ཉིད་ཀྱི་འདོད་བློ་ལྟར་ཐ་སྙད་གསར་བཟོ་བྱེད་པ་དང་ཐ་སྙད་ཡིག་སྒྱུར་ཐད་བསྒྱུར་བྱས་ནས་སྣང་ཚུལ་ཅུང་ཚབས་ཆེ་བ་དང་། སྐད་ཆ་ཡང་ཚད་ལྡན་མིན་པ་རེད། ཐ་སྙད་གསར་པ་བེད་སྤྱོད་ཁྱབ་གདལ་གཏོང་བའི་ཐད། དྲིལ་བསྒྲགས་དང་སློབ་གསོ། རྒྱ་བོད་སྐད་ཡིག་གི་ཡིག་སྒྱུར། སློབ་གྲྭ་བཅས་ཀྱི་སྡེ་ཁག་ནི་ཐ་སྙད་གསར་པ་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་ས་གཙོ་བོ་ཡིན་ཞིང་། གལ་ཏེ་མཐོང་ཆེན་མི་བྱེད་པའམ་ཡང་ན་བསམ་བཞིན་མ་ཡིན་པའི་སྒོ་ནས་བྱ་བ་དང་སློབ་ཁྲིད་ཁྲོད་ཐ་སྙད་གསར་པ་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་པ་དང་། ཐ་སྙད་གསར་པ་ཁྱབ་གདལ་དང་བཀོད་སྤྱོད་བྱེད་ཚད་མི་མཐོ་བ། མང་ཚོགས་ཀྱིས་ཐ་སྙད་གསར་པ་ཤེས་རྟོགས་བྱེད་པར་དཀའ་ཁག་ཡོད་ལ་བཀོད་སྤྱོད་བྱ་རྒྱུ་དེ་བས་ཀྱང་གླེང་ཐབས་མེད་པ་རེད།

བོད་ཀྱི་སྐད་ཡིག་གི་ཡིག་བསྒྱུར་གྱི་བསམ་གཞགས་འགའ།བོད་ཀྱི་སྐད་ཡིག་ཡིག་སྒྱུར་བྱ་བ་ནི་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་ལེགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཡིན་པ་དང་། ཁྲིམས་ལུགས་འཛུགས་སྐྱོང་། རིག་གནས་དར་སྤེལ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བའི་རང་ངོས་ཀྱི་བླང་བྱའང་ཡིན། མི་རིགས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་མཐུན་སྒྲིལ་འཕེལ་རྒྱས་གཏོང་བའི་སྒྲིག་ཐག་གི་རྨང་རྡོ་ལྟ་བུ་ཡིན་ལ། ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་འདྲེས་བྱེད་པའི་ཟམ་པ་ལྟ་བུ་ཡིན།

1.བོད་འབྲེལ་ས་ཁུལ་གྱི་ཡིག་སྒྱུར་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

གཅིག་ནས་ཡིག་སྒྱུར་དཔུང་ཁག་སྟོབས་ཆེ་རུ་བཏང་ནས་སྒྱུར་ཡིག་གི་སྤུས་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས། གཅིག་ནི་སྒྲིག་ཁོངས་དོན་འཁྱོལ་བྱ་དགོས། གཉིས་ནས་མི་རིགས་ཀྱི་ལས་བྱེད་པ་བཀོད་སྒྲིག་ལུགས་མཐུན་བྱ་དགོས། གསུམ་ནས་ཡིག་སྒྱུར་ནི་ཆེད་ལས་རང་བཞིན་ཧ་ཅང་ཆེ་བའི་བྱ་བ་ཞིག་ཡིན་ཞིང་། ཡིག་སྒྱུར་སྤུས་ཚད་དང་ཡིག་སྒྱུར་ཆུ་ཚད་ལ་འབྲེལ་བ་དམ་པོ་ཡོད་པས། ཡིག་སྒྱུར་མི་སྣ་བསྡུ་དུས་ངེས་པར་དུ་དེའི་ཡིག་སྒྱུར་ཆེད་ལས་ཆུ་ཚད་ལ་ཚོད་ལྟ་བྱ་དགོས་པ་རེད། གཉིས་ནས་ཡིག་སྒྱུར་མི་སྣར་གསོ་སྐྱོང་དང་ལས་སྒོ་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས། བོད་སྐད་ཡིག་ཡིག་སྒྱུར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འཆར་འགོད་དང་གསོ་སྦྱོང་འཆར་གཞི་ཚན་རིག་དང་མཐུན་པར་གཏན་འབེབས་བྱས་ཏེ། འབྲེལ་ཡོད་མི་རིགས་སློབ་གླིང་དང་སློབ་གྲྭར་བོད་སྐད་ཡིག་ཡིག་སྒྱུར་ཆེད་ལས་བཙུགས་ནས་ཆེད་ལས་དང་ལས་འགན་གཅིག་ལྕོགས་ཀྱི་ཡིག་སྒྱུར་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་དགོས། བོད་སྐད་ཡིག་གི་ཡིག་སྒྱུར་བ་དང་བོད་སྐད་ཡིག་གི་ཡིག་སྒྱུར་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱ་དགོས། དམིགས་ས་ཡོད་པའི་སྒོ་ནས་ཁྱབ་ཁོངས་དང་ཆེད་ལས་མི་འདྲ་བའི་ཡིག་སྒྱུར་གསོ་སྦྱོང་བྱས་ཏེ། ཆེད་བསྐོས་ཡིག་སྒྱུར་མི་སྣ་དང་སྡེ་ཁག་གཞན་པའི་འགན་གཅིག་ལྕོགས་ཀྱི་ཡིག་སྒྱུར་མི་སྣ། ཡུལ་ཤོག་དང་གྲོང་རྡལ་གྱི་ཡིག་སྒྱུར་ལས་འགན་འཁུར་བའི་ལས་བྱེད་པར་གསོ་སྦྱོང་བྱ་དགོས། ཆེད་འགན་གཅིག་ལྕོགས་ཀྱི་ཡི་སྒྱུར་མི་སྣའི་ཡིག་སྒྱུར་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།

2.ཆ་འཕྲིན་ལག་རྩལ་གྱི་བྱ་ཐབས་སྤྱད་དེ་བོད་ཀྱི་རིག་གནས་ཁྱབ་གདལ་གཏོང་དགོས།

ལོ་ངོ་སྟོང་ཕྲག་དུ་མའི་རིང་། བོད་སྐད་ཡིག་ནི་བོད་མི་རིགས་ནང་ཁུལ་དང་ཕྱི་ཕྱོགས་སུ་སྤེལ་རེས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་རིག་གནས་ཟིན་ཐོར་འགོད་པ་དང་རྒྱུན་འཛིན་བྱེད་བཞིན་ཡོད། བོད་ཀྱི་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

3.བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་ཡུན་ཕན་ལམ་སྲོལ་འཛུགས་དགོས།

གཅིག་ནི་བསམ་བློའི་གནད་དོན་ཐག་གཅོད་བྱ་དགོས་པ་དང་། གཉིས་ནི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། གསུམ་ནི་ལས་ཀའི་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། བཞི་ནི་དུས་བཀག་ལྟར་ཞིབ་འཇུག་དཔྱད་བསྡུར་དང་ལས་ཀའི་ཕྱོགས་བསྡོམས། ཉམས་མྱོང་སྤེལ་རེས། ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་ཏེ། བོད་སྐད་ཡིག་རྩོམ་སྒྱུར་བྱ་གཞག་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1