ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-10



 ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།

 སྤྱི་ཟླ8པའི་ཚེས8ཉིན། སྡེ་དགེ་རྫོང་གིས“ཏང་ལ་ལེགས་སྐྱེས་ཕུལ་བའི” རྩེར་སོན་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ཆེན་པོ་གཉིས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མཛེས་ལྗོངས་ཁུལ་བཅུ་དྲུག་གཅིག་སྡུད་ཀྱིས་དྲྭ་ཐོག་ནས་སྒོ་ཕྱེ་བའི་མཛད་སྒོ་སྤེལ་བ་རེད།

ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།

  དྲྭ་ཡོངས་ཀྱི་ལྟད་མོ་བ་རྣམས་ཀྱིས“ཁམས་པའི་རིག་གནས་ཡུལ་སྐོར”དང“ཉམས་ལེན་རྣམ་པའི་གསར་བརྗེའི་སློབ་གསོའི་ཡུལ་སྐོར”། དེ་བཞིན་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་མིག་སྔའི་བར་གཞི་ཁྱོན་ཆེས་ཆེ་བའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གླིང་ཁུལ་ཏེ“ཁམས་པའི་རིག་གནས་གླིང”སོགས་ཀྱི་ངོ་མཚར་ཁྱད་དུ་འཕགས་པའི་རྣམ་པ་ལ་ཐུན་མོང་ཐོག་མྱོང་རོལ་དང་བདེན་དཔང་བྱས་པ་རེད།

ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།

 “དྲྭ་ཐོག་ནས་སྒོ་ཕྱེ་བའི”ཐད་གཏོང་ཁང་དུ་སྡེ་དགེ་རྫོང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུའི་པུའུ་ཀྲང་ཉི་ལྷ་ཡིས་སྡེ་དགེ་རྫོང་གི་རྩེར་སོན་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ཆེན་པོ་གཉིས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མཛེས་ལྗོངས་ཁུལ་བཅུ་དྲུག་འོས་སྦྱོར་ཞིབ་ཕྲ་བྱས་པ་རེད། 

ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།
ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།
ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།
ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།
ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།
ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།
ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།

   སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ནོར་བུ་བཟང་པོས་ཉིན་དེར་གཅིག་སྡུད་ཐོག་སྒོ་ཕྱེ་བའི་གླིང་ཁའི་རྣམ་གྲངས་རབ་དང་རིམ་པའི་ཁྲོད་ཀྱི་ལྟེ་བའི་གླིང་ཁུལ“ཁམས་པའི་རིག་གནས་གླིང”གི་ངོ་སྤྲོད་བྱས་པ་སྟེ།“ཁམས་པའི་རིག་གནས་གླིང”ནི་སྡེ་དགེ་རྫོང་མཁར་དང་འབྲེལ་ཡོད་ཅིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར8.8བཏང་བ་དང་། རྒྱ་ཁྱོན་མུའུ910ལ་ཟིན་ཞིང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི8ཙམ་ལ་ཟིན་པ་རེད།

ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།
ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།
ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་གླིང་གི་སྒོ་ཕྱེ།

   དེ་ལས“དངོས་མང་སྟོན་ཚོགས་དང་ཞིབ་འཇུག་སྦྱོང་བརྡར། ཉམས་ཞིབ། བཟའ་བཏུང་། སྡོད་གནས། སྤྲོ་གསེང་། ལྟ་སྐོར། རིག་གནས་གསར་གཏོད། ཁྲིད་སྦྱོང”བཅས་གཞི་གཅིག་དུ་བསྡུས་པ་དང་། རིག་གནས་དངོས་མང་སྟོན་ཚོགས་ལྟེ་གནས་དང་། རིག་གནས་གསར་གཏོད་ལྟེ་གནས། ཡུལ་སྐོར་ལྟེ་གནས། དུང་དཀར་འཁྲབ་སྟོན་ལྟེ་གནས། འགྲེམས་ཚོང་ཉམས་ལེན་ལྟེ་གནས་སོགས12ལས་གྲུབ་པ་དང་།  ད་བར་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་དུ་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་རིག་གནས་ཡུལ་སྐོར་དང་ཡུལ་སྐོར་གླིང་ཁུལ་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཀྱིAགསུམ་རིམ་པའི་ལྗོངས་ཁུལ་ཞིག་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1