རང་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་སྦྱོང་དང་ཟབ་སྤེལ་བྱས།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་། རང་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོས་དོན་དངོས་ལ་གཞིགས་པ་དང་། དོན་འཁྱོལ་ལ་དམ་པོར་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བཞིན་ཡོད།
གཟི་རྩ་སྡེ་དགུ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱེད་སྒོ་སྤེལ།
ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཟབ་སྤེལ་བྱེད་ཆེད། ཉེ་ཆར། གཟི་རྩ་སྡེ་དགུ་རྫོང་གིས་ས་གནས་ཀྱི་གསར་བརྗེའི་གནས་རྙིང་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། སློབ་སྦྱོང་བྱེད་ཐབས་མུ་མཐུད་དུ་གསར་དུ་བཏང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་པོར་བྱས་ཏེ། གསར་བརྗེ་རྣམ་ལྔ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ནི་གསོན་ཉམས་ལྡན་པར་འགྱུར་བར་སྐུལ་འདེད་བཏང་།
གསར་བརྗེ་རྣམ་ལྔ་ཞེས་པ་ནི་གསར་བརྗེའི་སློབ་གསོ་ལས་ཡུལ་དངོས་སུ་སློབ་ཁྲིད་བྱེད་པ་དང་། ས་གནས་དེ་གའི་གསར་བརྗེའི་རིག་གནས་སློབ་ཚན་དེ་བེད་སྤྱོད་ལེགས་པོ་བྱེད་པ། གསར་བརྗེའི་ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་པར་ཤུགས་སྣོན་པ། གསར་བརྗེའི་ལྗོངས་སྐོར་གྱི་ལམ་བུ་བཏོད་པ། གསར་བརྗེའི་རིག་གནས་ལུས་རྩལ་གྱི་བྱེད་སྒོ་ཕུན་སུམ་ཚོགས་པོར་གཏོང་བ་བཅས་རེད།
ཟུང་ཆུ་རྫོང་གིས་རྒྱུ་རྐྱེན་གསུམ་ཁོང་དུ་ཆུད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཟབ་སྤེལ་བྱས་པ།
ཟླ་7པ་ནས་བཟུང་། ཟུང་ཆུ་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སེམས་འདྲེས་པ་དང་། གཞི་རིམ་དུ་སྐྱོད་པ། དོན་དངོས་འཚོལ་བ་བཅས་རྒྱུ་རྐྱེན་གསུམ་ཁོང་དུ་ཆུད་པ་དང་། སྡེ་ཁག་དང་ཡུལ་ཚོའམ་གྲོང་རྡལ། གྲོང་སྡེའམ་ཚན་ཆུང་བཅས་སུ་ཏང་གི་སློབ་ཚན་གྱི་འབོད་སྐུལ་ནུས་པ་དང་། བློ་འགུག་ནུས་པ། རྟོལ་བའི་ནུས་པ་བསྣན་ནས། གཞི་རིམ་གྱི་ལས་བྱེད་པ་དང་གྲོང་སྡེའི་ཏང་ཡོན་རྣམས་ཀྱིས་ཉན་མོས་པ་དང་གོ་བ་ལེན་སླ་བ། གྲུབ་འབྲས་ཡོད་པར་བྱས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་སྤེལ་བྱས།
སེམས་འདྲེས་ཐུབ་ན་ཉན་མོས་པ་རེད། རྫོང་དེའི་རྫོང་རིམ་པའི་འགོ་ཁྲིད་པ་དང་ཞིབ་འཇུག་པ་བཞི་བཅུ་ལྷག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱེད་པའི་ལས་ཀ་གལ་ཆེན་དང་ཟུང་དུ་འབྲེལ་ནས་སྡེ་ཁག་དང་ཡུལ་ཚོའམ་གྲོང་རྡལ། གྲོང་སྡེའམ་ཚན་ཆུང་བཅས་སུ་ཞིབ་འཇུག་བྱས་ཤིང་། ལས་བྱེད་མང་ཚོགས་ཀྱི་བསམ་བློ་དང་ལས་ཀ འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།
གཞི་རིམ་དུ་སྐྱོད་ཐུབ་ན་དོན་དག་གསལ་བོ་ཤེས་ཐུབ། རྫོང་དེའི་སྡེ་ཁག་སོ་སོའི་འགོ་ཁྲིད་པས་རང་མོས་ཀྱིས་ཡུལ་ཚོ་དང་གྲོང་རྡལདུ་ཕྱིན་ནས་ལས་ཡུལ་དངོས་སུ་ཕན་ཚུན་བརྗེ་རེས་ཀྱི་རྣམ་པས་ཏང་གི་སློབ་ཚན་སློབ་ཁྲིད་བྱས།
དོན་དངོས་འཚོལ་ཐུབ་ན་གྲུབ་འབྲས་ཐོབ་ངེས། ཏང་གི་སློབ་ཚན་ལ་ཉན་མཁན་འདྲ་མིན་སྣ་ཚོགས་ཡོད་པས། ཟུང་ཆུ་རྫོང་གིས་ལྟོས་བཅས་ཀྱི་དབང་གིས་རང་གི་ས་གནས་དང་བར་ཐག་ཉེ་བ་དང་། ལས་རིགས་མཐུན་པ། ལས་རྐང་གཅིག་པའི་གཏམ་རྒྱུད་དང་སློབ་གཞི་བདམས་ནས་སློབ་ཁྲིད་བྱས་པས། ཏང་གི་སློབ་ཚན་སྔར་ལས་གཅིག་བསྡུས་དང་སྔར་ལས་ཡང་དག་པར་སློབ་སྦྱོང་བྱས་སོ།