༄༅།། ཁ་སྦུག་བདེ་སྲུང་གི་རྒྱུན་ཤེས།

སྒྲོལ་མ་ཚེ་བརྟན་གྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-10




        སོ་བདེ་ཐང་ཡིན་མིན་ལས་ཁ་སྦུག་ཧྲིལ་པོར་ཐད་ཀར་ཤུགས་རྐྱེན་ཐེབས་པས། སོ་ན་ཚེ་མཆུ་ཧྲིལ་པོ་དང་ཐ་ན་གདོང་ཚང་མར་ཤུགས་རྐྱེན་ཐེབས་སྲིད། དེའི་ཕྱིར་ཁ་སྦུག་བདེ་སྲུང་གི་ཐོག་མའི་གནད་དོན་ནི་སོར་སྲུང་སྐྱོབ་བྱེད་པ་དེ་ཡིན། ཕན་ལྡན་གྱི་སོ་རུལ་བ་ཇི་ལྟར་སྔོན་འགོག་བྱེད་དགོས་ཟེར་ན།
        1.ཁ་སྦུག་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་པ། དུག་སྲིན་ནི་སོ་རུལ་དུ་འཇུག་པའི་ཉེས་ཅན་གཏེ་པོ་ལྟ་བུ་ཡིན། ང་ཚོས་ཁ་སྦུག་ལ་གཙང་སྦྲ་མ་བྱས་ཚེ། སོའི་ངོས་ལ་དུག་སྲིན་མང་པོ་འབྱར་ངེས་ཡིན། དུག་སྲིན་དེ་ཟས་རིགས་ཁྲོད་ཀྱི་ཀ་ར་དང་འགྲོགས་ནས་སྐྱུར་མང་པོ་བྱུང་སྟེ་ང་ཚོའི་སོར་གཏོར་བརླག་གཏོང་བ་ཡིན། དུས་ཚོད་ངེས་ཅན་ནང་གཏོར་བརླག་བྱས་པ་བརྒྱུད། སོ་རུལ་ནས་ཁུང་བུ་བྱུང་བའི་སྐབས་དེར་སོ་རུལ་བ་ཡིན། སོ་རུལ་བ་སྔོན་འགོག་བྱེད་པའི་ཐབས་གཙོ་བོ་ནི་ཁ་སྦུག་གི་གཙང་སྦྲར་དོ་སྣང་བྱེད་པ་དང་། དུས་ནམ་ཡང་སོ་བདེ་སྲུང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ལོབས་སུ་འཇུག་དགོས།
        2.འབྲི་རྩིང་དང་སྔོ་ཚོད། ཤིང་ཏོག །སྟར་ཀ །འབྲས་བརྔོས་མ། འོ་མ་སོགས་ཀ་ར་འདུས་ཚད་ཅུང་ཉུང་བའི་ཟས་རིགས་མང་པོ་བསྟེན་ན་བཟང་།
        3.ཀ་ར་ཉུང་དུ་ཟ་བ་དང་། ཀ་ར་གཏན་ནས་ཟ་མི་རུང་བ་ཞིག་མིན་ལ་འོས་འཚམ་ཞིག་ཟོས་ན་ཆོག །ཀ་ར་ཚད་འདྲ་བ་ཞིག་ཐེངས་གཅིག་ལ་ཟ་བ་དེ་ཐེངས་འགའ་ལ་ཟ་བ་དང་བསྡུར་ན་སོར་གནོད་པ་སྐྱེལ་བའི་ཚད་ཉུང་། ཡང་གཅིག་བཤད་ན། ཐེངས་གཅིག་ལ་ཀ་ར་5ཟོས་ཏེ་སོ་ལ་ཐེབས་པའི་གནོད་པ་དེ་ཐེངས་5ལ་ཟ་བ་དང་བསྡུར་ན་གནོད་པ་ཆུང་།
        4.ཞོར་ཟས་ཉུང་དུ་ཟ་དགོས། ལྷག་པར་དགོང་མོ་ཞོར་ཟས་ཟ་བར་དགའ་བའི་མི་རྣམས་ཀྱིས་དགོང་ཟས་ཟོས་རྗེས་ཟ་བའམ་ཐེངས་གཅིག་ལ་ཟོས་རྗེས་སོ་བཀྲུ་བའམ་ཀ་ར་མིད་པའི་ཐང་ཆུ་ཞིག་ལྡད་ན་ཆོག །ནངས་དགོང་གཉིས་ཀར་སོ་བཀྲུ་བ་ནི་གཙང་སྦྲ་བྱེད་ཐབས་བཟང་ཤོས་ཡིན། ཉིན་གུང་ཐེངས་གཅིག་ལ་བཀྲུ་བའི་ཐབས་ཀྱང་སྤྱོད་ཆོག

        དོ་སྣང་བྱེད་ཡུལ།
        ཁ་སྦུག་བདེ་སྲུང་ནི་སོ་ནས་མགོ་རྩོམ་དགོས་ལ། སོའི་སྲུང་སྐྱོབ་ནི་འཚོ་བའི་ཁྲོད་ནས་མགོ་རྩོམ་པ་སྟེ་སོར་གནོད་པ་ཡོད་པའི་ཟས་རིགས་ཉུང་དུ་བསྟེན་པ་དེ་ཡིན།
        ཉིན་རེར་དུས་ལྟར་སོ་ལ་འོས་འཚམ་གྱིས་གཙང་དག་བྱེད་དགོས།
        སོ་ནད་སྔོན་འགོག་གི་ཤེས་བྱ་སོགས་ལ་རྒྱུས་ལོན་བྱེད་པ་ནི་ཧ་ཅང་སྤྱིར་བཏང་དང་སྟབས་བདེའི་སོ་སྲུང་སྐྱོབ་ཀྱི་བྱེད་ཐབས་ཡིན་པས། སོ་སྲུང་སྐྱོབ་བྱེད་པ་ནི་དཀའ་ལས་ཅན་ཞིག་མིན་ལ། སོ་བཟང་པོ་ཞིག་ཡོད་པ་ནི་ད་གཟོད་ཁ་སྦུག་བདེ་སྲུང་གི་རྨང་གཞི་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1