དབྱར་ཟླ8པ་ནི་གཡེར་མ་བཏོག་པའི་དུས་ཡིན་ལ། ས་གནས་མང་ཚོགས་ཀྱིས་གནམ་ཟླ་ཡག་པོ་དང་བསྟུན་ནས་གཡེར་མ་བཏོག་པ་དང་གཡེར་མ་བསིལ་སྐམ་བྱེད་པའི་ལས་ལ་བྲེལ་བཞིན་ཡོད།
ཉེ་བའི་ལོ་འགའི་རིང་། ཟུང་ཆུ་རྫོང་ཀྲེན་ཕིང་ཤང་གིས་ས་ཁམས་ཁོར་ཡུག་དང་ནམ་ཟླའི་ལེགས་ཆ་དང་བསྟུན་ནས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ཀྲེན་ཕིང་ཤང་བཅིངས་འགྲོལ་གྲོང་ཚོ་ལྟེ་གནས་སུ་བཟུང་སྟེ་གཡེར་མ་མུའུ་ཁྲི་ཙམ་བཏབ་པ་དང་། “མཉམ་ལས་ཁང+ཞིང་དུད”ཀྱི་གཉེར་སྐྱོང་བྱེད་ཐབས་བརྒྱུད་དེ་ཤུགས་ཆེན་པོས་གཡེར་མའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ཞིང་བའི་འབབ་འཕར་ཐད་རམ་འདེགས་བྱས། །