ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བའི་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོ་སྤེལ།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


སྤྱི་ཟླ་8པའི་ཚེས་3ནས་ཚེས་5ཉིན་བར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བའི་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོ་དེ་སྒ་སྐྱེ་རྒུ་མདོའི་བྱ་ཆུ་ཁོག་རྟ་རྒྱུག་ར་བ་ནས་གཟབ་རྒྱས་ངང་སྤེལ་ཞིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤིས་འཕྲིན་སྤྲིངས་པར་མ་ཟད། ཀྲུང་དབྱང་རྟེན་འབྲེལ་ཚོགས་པའི་འགོ་ཁྲིད་དང་མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་མི་ཚོགས་པ་ཚོགས་ཆེན་འགོ་འཛུགས་མཛད་སྒོ་རུ་ཕེབས།


ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་དང་ཡུལ་ཤུལ་ཁུལ་བཙུགས་ནས་ལོ་ངོ་70འཁོར་བའི་རླབས་ཆེན་གྱི་དུས་འདིར། ལོ་བརྒྱ་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་ལངས་ནས། ཡུས་ཧྲུའུ་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་འབད་འབུངས་ཡར་བརྩོན་དང་གསར་འབྱེད་གསར་གཏོད་ཀྱིས། སྔར་ལས་ལྷག་པར་ཡུས་ཧྲུའུ་གསར་པའི་མཚར་སྡུག་ལྡན་པའི་ལེའུ་གསར་པ། བདེ་ཐང་དང་དེང་རབས། བདེ་སྐྱིད་ཀྱི་ཡུས་ཧྲུའུ་གསར་པ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་རེད། 

དུས་ད་ལྟ་གནས་འདིའི་སྲིད་གཙང་། དཔལ་དང་འབྱོར་བ་རྒྱས། རིག་པའི་ཁོ་ལག་རྒྱས། ཕྱི་ཡི་བཀོད་པ་ལེགས། ནང་བཅུད་སེམས་ཅན་འཛོམས། གོང་འགོ་ཁྲིད་དང་འོག་མི་དམངས་ཀྱིས་མཐུན་སྒྲིལ་ཨ་ལོང་དམ་དུ་སྦྲེལ་ཏེ། མདུན་ནས་མདུན་དུ་སྐྱོད་བཞིན་ཡོད། ཁོ་ཚོས་ལོ་རྒྱུས་ཀྱི་འགན་འཁྲི་སེམས་ལ་ཉར་ནས། དམ་བཅའ་ཡིད་ལ་བརྟན་པོར་བཅངས་ཡོད། འདི་ནི་དུས་རབས་གསར་པའི་ཡུས་ཧྲུའུ་གསར་པ་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1