བོད་ལྗོངས་ཀྱི་གཏམ་རྒྱུད་ལ་གསན་།དུས་རབས་ཀྱི་འཕོ་འགྱུར་ལ་གཟིགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02



གཏོང་ཕོད་ཀྱི་གཏམ་རྒྱུད།

021ལོར། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར་70ལོན།

བགྲང་བྱ་བདུན་ཅུའི་ལོ་ཟླའི་ཁྲོད། བོད་ལྗོངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་།

སྤྱི་ཟླ་8པའི་ཚེས་19ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་2ལྷག་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁྱབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བྱང་ཐོག“མཛེས་སྡུག་དང་བདེ་སྐྱིད་ཀྱི་བོད་ལྗོངས་འཛུགས་སྐྲུན་བྱས་ནས། ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་”ཞེས་པའི་རྟེན་འབྲེལ་ཞུ་བྱང་གནང་ཞིང་། དུང་བ་ཟབ་མོས་ཁེངས་པའི་ཡི་གེ་དེ་གྲོང་ཁྱེར་དང་གྲོང་གསེབ། གངས་རི་དང་རྩྭ་ཐང་གི་ཡུལ་གྲུ་ཀུན་ལ་ཁྱབ།

བོད་ལྗོངས་ཀྱི་འཕེལ་རྒྱས་འཛུགས་སྐྲུན་དང་། དམངས་འཚོའི་བདེ་སྡུག །སྐྱེ་ཁམས་སྲུང་སྐྱོབ་སོགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་དགོངས་སུ་བཟུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་གི་གནས་ཚུལ་ཧྲིལ་པོ་ནས་གཞི་བཙུགས་ཏེ། བོད་ལྗོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་གཅིག་འདོམས་ཇུས་འགོད་གནང་ཞིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་གྲུབ་སྟེ། མཐུན་སྒྲིལ་དང་འབྱོར་ཕྱུག །ཤེས་དཔལ། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྩ་བའི་བརྩི་སྲུང་མཁོ་འདོན་གནང་ཡོད།

དེ་རིང་། ང་ཚོས་མཉམ་དུ་ཁོད་ཡངས་པའི་མཐོ་སྒང་དུ་ཟབ་ཞུགས་བྱས་ཏེ། བོད་ལྗོངས་སུ་སྐྱོད་བཞིན་གནས་འདིའི་གཏམ་རྒྱུད་རེ་རེ་ལ་ཉན་ཏེ། བགྲང་བྱ་70རིང་གི་གནས་འདིའི་འཕོ་འགྱུར་ལ་མྱོང་རོལ་བྱ།
གལ་སྲིད་ང་ཚོ་བུད་སོང་ན། རྒྱལ་ཁབ་ཀྱི་མངའ་ཁོངས་འདི་མེད་འགྲོ་ཞེས་པའི་པ་ལགས་ཀྱི་སྐད་ཆ་འདི་སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱིས་ཚེ་གང་པོར་ཡིད་ལ་དམ་པོར་འཆང་ཡོད།

ཡུལ་སྨད་ཡུལ་ཤོག་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རོང་རྩེ་རྫོང་གི་ཁོངས་སུ་གཏོགས་ཏེ། ཀྲུང་གོ་དང་ཧིན་རྡུའི་རྒྱལ་མཚམས་ཡིན། 1995ལོའི་ཡར་སྔོན་གྱི་ལོ་ངོ་བཅུ་ཕྲག་འགའི་རིང་། སྒྲོལ་དཀར་དང་ཁོང་གི་ནུ་མོ་གཡང་འཛོམས། དེ་མིན་ཁོ་ཚོའི་ཨ་ཕ་སངས་རྒྱས་ཆོས་དཔལ་བཅས་ནི་གནས་འདིའི་སྡོད་མི་ཁོ་ན་དེ་ཡིན། སྡོད་ཁང་གཅིག་པོ་དེ་ཤང་སྲིད་གཞུང་ཡིན་ཞིང་ཁོ་ཚོའི་ཁྱིམ་ཡང་ཡིན། དུས་ད་ལྟ། སྒྲོལ་དཀར་ཀྱིས་ཕ་ལགས་ཀྱིས་སྒམ་ནང་ནས་ལྭ་བ་བཟོ་བྱེད་ཀྱི་རས་དམར་པོ་དང་སེར་པོ་ཡར་བླངས་ཏེ། རྒྱལ་དར་འཚེམ་བཟོ་བྱེད་པའི་རྣམ་པ་དེ་ཡིད་ལ་གསལ་ལེར་དྲན།

པ་ལགས་ཀྱིས་ཁོ་ཚོར་བཤད་རྒྱུར། འདི་ནི་ཀྲུང་གོའི་ཆེས་རིན་ཐང་ལྡན་པའི་དངོས་པོ་ཡིན།

ཉིན་དེར། རྒྱལ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་3644ཅན་གྱི་མཐའ་མཚམས་ཡུལ་སྨད་དུ་སྐར་ལྔའི་དར་དམར་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

མཐའ་མཚམས་སྲུང་ཆེད། སངས་རྒྱས་ཆོས་དཔལ་གྱིས་1960ལོར་ཡུལ་སྨད་ཡུལ་ཤོག་བཙུགས་པ་ནས་བཟུང་ཤང་ཀྲང་གི་འགན་བཞེས་པ་དང་། མི་ལོ་29ཡི་རིང་ལས་འགན་ཕྲག་ཏུ་ཁུར། 1988ལོར། སྒྲོལ་དཀར་གྱིས་ཕ་ལགས་ཀྱི་ཕྱག་ནས་འགན་འཁྲི་དེ་རང་ལག་ཏུ་བླངས་ཤིང་ད་ལྟའི་བར་ལོ་ངོ་23འགོར་སོང་།

འདི་ནི་གཏོང་ཕོད་དམ་ལེགས་སྐྱེས་ཕུལ་མཁན་གྱི་རང་མདངས་ཡིན་མོད། 1994ལོའི་ཟླ་11པའི་ཚེས་29ཉིན། ཁུང་ཧྥན་སིན་གཞུང་དོན་གྱི་ཆེད་དུ་རང་སྲོག་ཤོར་སྐབས། ལུས་སྟེང་ན་ཡོད་པའི་ཤུལ་དངོས་ནི་སྒོར་མོ་8དང་ཟུར་6དང་། ཁོང་མ་འདས་སྔོན་མངའ་རིས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར་ཚན་པ་12མ་གཏོགས་ཅི་ཡང་མེད། ད་ལྟ། མངའ་རིས་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་ཁུང་ཧྥན་སིན་གྱི་དུར་སའི་འགྲམ་དུ། སྤོར་ཤིང་གི་སྡོང་པོས་མཐའ་བསྐོར་ཡོད།

1954ལོར། དམག་དམངས་ཁྲི་11ལྷག་གིས་མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་བཟོ་སྐྲུན་ལེགས་གྲུབ་བྱུང་སྐབས། ལམ་བཟོ་པ་མི་3000ཙམ་གྱི་ཚེ་སྲོག་བོད་བགྲོད་གཞུང་ལམ་གྱི་རྨང་རྡོ་རུ་གྱུར་པ་རེད། མི་བུ་འདི་དག་ཡོད་པས། ལོ་ངོ་70ཡི་རིང་དུ་བོད་ལྗོངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་གོང་འཕེལ་བྱུང་བ་ཅི་ལ་མིན། དེ་ཡང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག །སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་བོད་ལྗོངས་ཀྱི་ལས་བྱེད་པས་བོད་སྐྱོར་པ་རྒན་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་དགོངས་པ་བཏོན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1