འཛམ་གླིང་གི་ཆུ་གློག་ས་ཚུགས་ཆེ་ཤོས་ལྔ་ལས་བཞི་རང་རྒྱལ་དུ་ཡོད།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


ཆུ་གློག་ས་ཚུགས་སྐོར་གླེང་སྐབས་ང་ཚོས་རྟག་ཏུ་འབྲི་ཆུའི་འགག་གསུམ་ཆུ་གློག་ས་ཚུགས་དྲན་གྱི་ཡོད། ད་ཆ་རང་རྒྱལ་ནི་འཛམ་གླིང་ཡོངས་ཀྱི་ཆུ་གློག་རྒྱལ་ཁབ་ཨང་དང་པོར་ཆགས་ཡོད་ལ། ཆུ་གློག་ས་ཚུགས་ཆེ་མ་ཆུང་གསུམ་ཁྲི་ལྔ་ཡས་མས་ཡོད་ལ། གློག་གཏོང་ཚད་ཆུ་ཚོད་སྟོང་ཝ་དུང་ཕྱུར་3.56ཙམ་ཟིན་གྱི་ཡོད་པས་འཛམ་གླིང་གི་ཨང་དང་པོར་གྱུར་ཡོད། འབྲི་ཆུའི་འགག་གསུམ་ཆུ་གློག་ས་ཚུགས་ཕུད་རང་རྒྱལ་ལ་ད་དུང་ཤིས་ལུའོ་ཏུའུ་དང་། པའེ་ཧོ་ཐཱན། ཝུའུ་ཏུང་ཏེ་སོགས་ཆུ་གློག་ས་ཚུགས་ཀྱང་སྐད་གྲགས་ཆེན་པོ་ཡོད། འཛམ་གླིང་གི་ཆུ་གློག་ས་ཚུགས་རྩེ་གྲ་ཉི་ཤུའི་ཁྲོད་ན་རང་རྒྱལ་དུ་བཅུ་གཅིག་ཡོད་པ་རེད། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་རྩེ་གྲ་ལྔའི་ནང་ནས་རང་རྒྱལ་དུ་བཞི་ཡོད་པ་རེད།

ཨང་དང་པོ། འགག་གསུམ་ཆུ་གློག་ས་ཚུགས།


ཞི་ལུའོ་ཏུའུ་ཆུ་གློག་ས་ཚུགས།

རང་རྒྱལ་གྱི་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དུ་གནས་པའི་འབྲི་ཆུའི་འགག་གསུམ་ཆུ་གློག་ས་ཚུགས་ནི་དེང་སྐབས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཆུ་བེད་ཆུ་གློག་ལས་གྲྭ་ཞིག་ཡིན་པ་རེད། དེར་འཛམ་གླིང་ཐོག་གི་ཨར་འདམ་ཆུ་རགས་ཆེ་ཤོས་དང་། འཛམ་གླིང་ཐོག་གི་ནང་ཁུལ་གཙང་པོའི་ཆུ་ལམ་ཆེ་ཤོས། འཛམ་གླིང་ཐོག་གི་གྲུ་གཟིངས་ཐད་འདེགས་འཕྲུལ་ཆས་ཆེ་ཤོས་བཅས་ཡོད། དེའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱང་འཛམ་གླིང་ཐོག་ཆེ་ཤོས་ཡིན་ཞིང་། དེར་འབྲི་ཆུའི་གཡོན་ངོགས་དང་གཡས་ངོགས་ཀྱི་ཆུ་རགས་རྒྱབ་ཀྱི་ཆུ་གློག་ས་ཚུགས་གཉིས་དང་། གཡོན་ངོགས་ས་འོག་གློག་ཁང་གཅིག །གཡོན་ངོགས་གློག་ཁུངས་གློག་ཁང་གཅིག་བཅས་སྒྲིག་སྦྱོར་བྱས་ཡོད་པ་དང་། ཁྱོན་ཆུ་ཤུགས་གློག་འདོན་འཕྲུལ་ཚན་34སྒྲིག་སྦྱོར་བྱས་ཡོད་ཅིང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་སྟོང་ཝ་ཁྲི་2250ཟིན་ཡོད། 2012ལོའི་ཟླ་7པའི་ཚེས་4ཉིན་གློག་གི་སྟོང་ཝ་བདུན་ཅུ་ཅན་གྱི་འཕྲུལ་ཚན་32ཐོན་སྐྱེད་ཁྲོད་བཀོལ་སྤྱོད་བྱས་པར་མ་ཟད། སྟོང་ཝ་ཁྲི་ལྔ་ཅན་གྱི་གློག་ཁུངས་འཕྲུལ་ཚན་གཉིས་ཀྱང་བཀོལ་སྤྱོད་བྱེད་འགོ་ཚུགས་པ་རེད།

འགག་གསུམ་ཆུ་གློག་ས་ཚུགས་ཀྱི་ཆུ་མཛོད་ཀྱི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་393ཡིན་པ་དང་། 2014ལོར་འགག་གསུམ་ཆུ་གློག་ས་ཚུགས་ཀྱི་ལོ་རེར་གློག་གཏོང་ཚད་ཆུ་ཚོད་སྟོང་ཝ་དུང་ཕྱུར་988ཟིན་ནས་ཆུ་གློག་ས་ཚུགས་རྐྱང་པའི་ལོ་རེའི་གློག་གཏོང་ཚད་འཛམ་གླིང་གི་ཟིན་ཐོ་མཐོ་ཤོས་སུ་སླེབས་པ་དང་འབྲེལ་འཛམ་གླིང་གི་ལོ་འཁོར་གཅིག་གི་གློག་གཏོང་ཚད་མཐོ་ཤོས་ཀྱི་ཆུ་གློག་ས་ཚུགས་སུ་གྱུར་བ་རེད།

ཝུའུ་ཏུང་ཏེ་ཆུ་གློག་ས་ཚུགས། 

ཨང་གཉིས་པ། པའེ་ཧོ་ཐཱན་ཆུ་གློག་ས་ཚུགས།

པའེ་ཧོ་ཐཱན་ཆུ་གློག་ས་ཚུགས་དེ་རང་རྒྱལ་གྱི་སི་ཁྲོན་ཞིང་ཆེན་ཉིང་ནན་རྫོང་དང་ཡུན་ནན་ཞིང་ཆེན་ཆའོ་ཅ་རྫོང་ཁོངས་སུ་ཡོད་ལ། འབྲི་ཆུའི་སྨད་རྒྱུད་ཀྱི་སྐས་རིམ་ལྟ་བུའི་ཆུ་བོའི་འབབ་རྒྱུན་ལྟར་གསར་སྤེལ་བྱས་པའི་ཆུ་གློག་ས་ཚུགས་ཆེ་གྲས་གཉིས་པ་དེ་ཡིན་པ་དང་། དེའི་ཆུ་མཛོད་ཀྱི་ཆུ་གསོག་ཚད་རྒྱུན་གཏན་ལྟར་ན་སྨི་825དང་། ཆུ་མཛོད་ཀྱི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་206ཙམ་ཟིན་པ་དང་། སྟོང་ཝ་ཁྲི་100ཟིན་པའི་གློག་འདོན་འཕྲུལ་ཚན་16འཆར་འགོད་སྒྲིག་སྦྱོར་བྱས་ཡོད་ལ། ཐོག་མའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི་1600ཡིན་ཞིང་།སྔོན་དཔག་ལྟར་ན་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་སྟོང་ཝ་དུང་ཕྱུར་624ཟིན་རྒྱུ་ཡིན་པ་རེད། འདི་ཡང་འཛམ་གླིང་གི་ཐོག་དང་པོའི་སྟོང་ཝ་ཁྲི་100བླུགས་པའི་བསྲེས་རྒྱུན་རྣམ་པའི་ཆུ་ཤུགས་གློག་འདོན་འཕྲུལ་ཚན་ཆེ་གྲས་ཡིན་ཞིང་། འཕྲུལ་ཚན་རྐྱང་པའི་རིང་ཚད་ལ་སྨི་50ཙམ་དང་། ལྗིད་ཚད་ལ་ཏུན་8000ལྷག་ཡོད་པས། མཐར་སྐྲོད་གཏོང་བྱེད་དམག་གྲུ་ཆེ་གྲས་ཤིག་གི་ལྗིད་ཚད་ལས་ཀྱང་ཆེ་བ་ཡོད་པར་མ་ཟད། ཧྥ་རན་སེའི་ཨེ་ཧྥེར་ལྕགས་ཀྱི་མཆོད་རྟེན་གྱི་ལྗིད་ཚད་ལས་བརྒལ་ཡོད་ལ། འཁོར་གྲུ་རེར་འདབ་གཤོག་15རེ་ཡོད་པ་དང་འདབ་གཤོག་རེ་རེའི་ལྗིད་ཚད་ལ་ཏུན་11རེ་ཡོད་པ་རེད།ཆུ་གློག་ས་ཚུགས་འདི་2017ལོར་ལས་གྲྭ་གཙོ་བོ་བསྐྲུན་འགོ་ཚུགས་པ(དུས་འགོའི་ལས་གྲྭ་ཁག་གཅིག་2011ལོར་ལས་འགོ་བཙུགས་པ་རེད)དང་2021ལོར་འཕྲུལ་ཚན་ཁག་དང་པོས་གློག་གཏོང་བྱས་པ་དང་2022ལོར་ལས་གྲྭ་ལེགས་གྲུབ་བྱུང་རྗེས། འབྲི་ཆུའི་འགག་གསུམ་ཆུ་གློག་ས་ཚུགས་ཕུད་པའི་ཀྲུང་གོ་དང་འཛམ་གླིང་གི་ཆུ་གློག་ས་ཚུགས་ཨང་གཉིས་པར་འགྱུར་རྒྱུ་རེད།

པའེ་ཧོ་ཐཱན་ཆུ་གློག་ས་ཚིགས། 

ཨང་གསུམ་པ་ནི་བྷ་རེ་ཟེ་དང་ཕ་ར་གུ་ཝེ་གཉིས་ཀྱིས་མཉམ་དུ་བསྐྲུན་པའི་གཡི་ཐའེ་ཕུའུ་ཆུ་གློག་ས་ཚུགས་ཡིན།

ཨང་བཞི་པ། ཞི་ལུའོ་ཏུའུ་ཆུ་གློག་ས་ཚུགས།

ཞི་ལུའོ་ཏུའུ་ཆུ་གློག་ས་ཚུགས་ནི་སི་ཁྲོན་ཞིང་ཆེན་ལེ་པོ་རྫོང་དང་ཡུན་ནན་ཞིང་ཆེན་ཡུང་ཧྲན་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་འགག་རོང་དུ་གནས་པ་དང་། མིག་སྔར། རང་རྒྱལ་གྱི་ཆུ་གློག་ས་ཚུགས་ཆེ་གྲས་གཉིས་པ་དང་། འཛམ་གླིང་གི་ཆུ་གློག་ས་ཚུགས་ཆེ་གྲས་གསུམ་པ་ཡིན། དེའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ལས་གློག་གསོག་ཚད་གཡི་ཐའེ་ཕུའུ་ཆུ་གློག་ས་ཚུགས་དང་གཅིག་མཚུངས་ཡིན་པ་དང་། ངོགས་གཡས་གཡོན་གྱི་གློག་ཁང་ལ་ཁྱོན་སྟོང་ཝ་ཁྲི་77ཟིན་པའི་ཆུ་ཤུགས་གློག་གཏོང་འཕྲུལ་ཚན་ཆེ་གྲས་18སྒྲིག་སྦྱོར་བྱས་པ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་སྟོང་ཝ་ཁྲི་1386ཟིན་པ་དང་། ཞི་ལུའོ་ཏུའུ་ཆུ་གློག་ས་ཚུགས་ཀྱི་འགག་གི་མཚོ་འཕགས་མཐོ་ཚད་སྨི་324.5ཡོད་ལ། ཆུ་རགས་ཀྱི་མཐོ་ཚད་སྨི་610ཡོད་པ་རེད། རགས་ཀྱི་མཐོ་ཚད་སྨི་285.5ཡོད། ཆུ་མཛོད་ཀྱི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་126ཟིན་ལ། རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་64སྙོམས་སྒྲིག་བྱེད་ཐུབ་པ། 2014ལོའི་ཟླ་6པའི་ཚེས་30ཉིན་ཁྱོན་ཡོངས་ནས་གློག་གཏོང་འགོ་ཚུགས་པ་རེད།

ཨང་ལྔ་པ། ཝུའུ་ཏུང་ཏེ་ཆུ་གློག་ས་ཚུགས།

ཝུའུ་ཏུང་ཏེ་ཆུ་གློག་ས་ཚུགས་ནི་སི་ཁྲོན་ཧུའེ་ཏུང་རྫོང་དང་ཡུན་ནན་ལུའུ་ཆོན་རྫོང་གི་འབྲེལ་མཚམས་འབྲི་ཆུའི་ཆུ་རྒྱུད་དུ་ཡོད་ཅིང་། དེ་ནི་འབྲི་ཆུའི་ཆུ་གློག་རྟེན་གཞིའི་སྨད་རྒྱུད་ཀྱི་སྐས་རིམ་ཅན་གྱི་གློག་ཁང་དང་པོ་ཡིན། ཆུ་གློག་ས་ཚུགས་དེའི་ཆུ་རགས་ལ་མཚོ་འཕགས་མཐོ་ཚད་སྨི་988ཡོད་པ་དང་། ཆུ་རགས་མཐོ་ཤོས་ཀྱི་མཐོ་ཚད་སྨི་270ཟིན། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་74.08ཡིན་ལ། ཤོང་ཚད་སྟོང་ཝ་ཁྲི་85ཟིན་པའི་ཆུ་ཤུགས་གློག་འདོན་འཕྲུལ་ཚན་12སྒྲིག་སྦྱོར་བྱས་ཡོད། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་སྟོང་ཝ་ཁྲི་1020ཟིན་ལ། སྔོན་རྩིས་བྱས་པ་ལྟར་ན་ལོ་རེར་གློག་གཏོང་ཚད་ཆུ་ཚོད་སྟོང་ཝ་དུང་ཕྱུར་389.1ཟིན།

ཝུའུ་ཏུང་ཏེ་ཆུ་གློག་ས་ཚུགས་དེ་2015ལོའི་ཟླ་12པའི་ཚེས་24ཉིན་འཛུགས་སྐྲུན་རྣམ་གྲངས་ཀྱི་གཙོ་གཟུགས་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ་དང་2020ལོའི་ཟླ་7པར་ཆུ་བཀག་ནས་ཆུ་གསོག་པ་དང་ཟླ་8པར་འཕྲུལ་ཚན་དང་པོ་ནས་གློག་བཏང་ཞིང་2021ལོའི་ཟླ་12པར་འཕྲུལ་ཚན་ཚང་མས་གློག་གཏང་རྒྱུ་ཡིན་པ་རེད།

འོན་ཀྱང་གྲོགས་པོ་ལ་ལས་ཨ་ཧྥེ་རི་ཁའི་ཀང་གོ་གཙང་པོའི་དབྱིན་ཅཱ་ཆུ་གློག་ས་ཚུགས་ཧ་ཅང་ཆེན་པོ་མ་རེད་དམ་ཟེར་ན། དོན་དམ་དུ་དབྱིན་ཅཱ་ཆུ་གློག་ས་ཚུགས་ནི་ཆུ་གློག་ས་ཚུགས་ཀྱི་ཚོགས་པ་ཞིག་ཡིན་ལ། ལས་གྲྭ་དུས་བགོས་ཀྱིས་བསྐྲུན་ཡོད་ལ། སྔ་གཞུག་ཏུ་མ་མཐའ་ཡང་ལས་བགོས་ཐེངས་དྲུག་བྱས་ཡོད་པ་རེད། གལ་ཏེ་ཚང་མ་ལེགས་འགྲུབ་བྱུང་ན། གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཚང་མ་བསྡོམས་ན་འབྲི་ཆུའི་འགག་གསུམ་ལས་བརྒལ་ཐུབ་ཅིང་། ཀང་གོ་གཙང་པོའི་ཆུ་བཞུར་ཚད་དང་ཆུའི་ནུས་པ་གསོག་འཇོག་བྱེད་ཚད་ཧ་ཅང་ཆེ། ལྷག་པར་དུ་ཆུའི་བཞུར་ཚད་ལ་མཚོན་ན་ལོ་རེར་བཞུར་རྒྱུན་འབྲི་ཆུ་ལས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་3000ལྷག་གིས་མང་། འོན་ཀྱང་མིག་སྔར་ཆུ་གློག་ས་ཚུགས་ཀྱིི་ཁྱུ་ཚོགས་དེ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པ་ནི་དུས་རིམ་དང་པོ་ནས་གསུམ་པའི་བར་ཡིན། དེའི་ནང་གི་སྐབས་དང་པོ་དང་སྐབས་གཉིས་པའི་ཆུ་གློག་ས་ཚུགས་གཉིས་ཐོག་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི་180ཡིན་ལ། སྐབས་གསུམ་པའི་ཆུ་གློག་ས་ཚུགས་ཀྱིས་སྔོན་དཔག་བྱས་ན་ད་ལོ་གློག་འདོན་ཐུབ་རྒྱུ་རེད། དེའི་རྐྱེན་གྱིས་ཆུ་གློག་ས་ཚུགས་འདི་མིག་སྔར་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་བཤད་ན་ཧ་ཅང་ཆེན་པོ་ཞིག་ཏུ་བརྩི་མི་རུང་བར་མ་ཟད། དེ་ནི་ཆུ་གློག་ས་ཚུགས་ཁྱུ་ཚོགས་ཤིག་ཡིན་པས། སྤྱིའི་གཞི་ཁྱོན་གྱིས་འཛམ་གླིང་གི་ཨང་རིམ་ནང་ཞུགས་ཐུབ་མིན་ལ་རྩོད་གཞི་ཆེ།

གལ་ཏེ་རང་རྒྱལ་གྱི་ཡར་ཀླུང་གཙང་པོའི་དཀྱོགས་མཚམས་སུ་གནས་པའི་མེ་ཏོག་ཆུ་གློག་ས་ཚུགས་སྐྲུན་འགོ་ཚུགས་ཚེ་འབྲི་ཆུའི་འགག་གསུམ་ལས་བརྒལ་ནས་འཛམ་གླིང་ཐོག་གི་ཆུ་ཤུགས་གློག་ཁང་ཨང་དང་པོར་འགྱུར་རྒྱུ་རེད། ས་ཆ་དེའི་ཆུ་ནུས་གསོག་ཚད་ལ་བལྟས་ན། དེ་གར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་ཁྲི་6000ཟིན་པའི་ཆུ་ཤུགས་གློག་ཁང་ཆེ་གྲས་ཤིག་བསྐྲུན་ཐུབ་པ་དང་འབྲི་ཆུའི་འགག་གསུམ་གློག་ཁང་3གྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཟིན་གྱི་ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1