ལོ་བརྒྱའི་བཞུད་ལམ་དབྱངས་སུ་གྱེར
ཀ་མགོན། (རྨ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02
ཤེས་རབ་ཅན་གྱི་གཞོན་ནུ་སྐོར་ཞིག་རྦད་དེ་མཆོང་བའི་བསམ་སྦྱོར་ཞིག།
ཤར་ཕྱོགས་འཛིན་མའི་ཀློང་ནས་རྟོགས་སད་གཤོག་པ་བརྐྱངས་པའི་མངའ་ཐང་ཞིག།
རྡོག་རྩ་གཅིག་ལ་སྒྲིལ་ཏེ་ཡིད་ཆེས་གཡོ་བ་མེད་པའི་འཕྲིན་ལས་ཤིག།
ས་སྒང་འདི་ན་ལོ་རྒྱུས་བྱེད་པོ་དམངས་སེམས་འགུགས་པའི་ལྕགས་ཀྱུའོ།།
མི་རིགས་ཤིག་གི་སྐྱིད་སྡུག་ལོ་ཟླ་ཐགས་སུ་འདྲེན་པའི་དཔའ་མཛངས་དེ།།
རྒྱལ་ཁབ་ཅིག་གི་དར་རྒུད་ཉམས་ཉེས་སྙིང་ལ་བཅངས་བའི་གཏན་འདུན་དེ།།
ད་ལྟ་རྗེས་འཇུག་ཕྱི་རབས་པ་ལ་བཞག་པའི་སུབ་མེད་ཞབས་རྗེས་དག།
ནམ་ཡང་སྙིང་གི་ཐིག་ལེར་འཛིན་པའི་ཡི་རང་བྱེད་པའི་གནས་ཡིན་ནོ།།
མར་ལེ་རིང་ལུགས་དུས་བསྟུན་སྲིད་སྐྱོང་གསལ་བའི་གཟིམ་མེད་སྒྲོན་མེ་ཡིན།།
དུས་རབས་ཤིག་གི་མི་རབས་གང་གི་ཟོལ་མེད་བསམ་བློའི་རྒྱགས་ཕྱེ་འདི།།
རླབས་ཆེན་ཇུས་གཞི་ཞིག་གི་འབེན་ལ་གཟས་པའི་ཉག་ཕྲན་མདའ་མོ་ཡིན།།
དོན་ཆེན་གང་ལ་སྦྱར་ཡང་འདི་ནི་ལུང་རིགས་གཉིས་ཀྱི་སྒྲུབ་བྱེད་ཉིད།།
དུས་ཀྱི་འགྲོས་དང་བསྟུན་པའི་སྣ་མང་འཕེལ་རིམ་གསར་བའི་གདོང་སྣེ་བསུས།།
གཞུང་ལུགས་འཁྲུལ་བ་མེད་པ་འགྱུར་མེད་སྲ་བརྟན་སྲོག་གི་གདུང་མར་བཀོད།།
མི་ཡི་བདེ་སྐྱིད་རིགས་ཀྱི་བསྐྱར་དར་ཉིད་ལ་འཚམ་པའི་ལམ་བུར་སྙེག།
བཞུད་པའི་ལམ་བུ་རེ་ནས་རྙེད་པའི་ཐོབ་ཤོར་ལག་ལེན་གསེར་གྱི་ཐིགས་པར་འདོད།།
ངེས་པར་ཐོག་མཐའ་བར་དུ་འཆར་གཞི་རྒྱུན་ཆགས་ཅན་གྱི་ལམ་ལུགས་བསྐྲུན།།
རྟག་པར་སེམས་ཀྱི་གཏད་སོ་དམངས་ཀྱི་བདེ་སྡུག་འཚོ་ཚིས་ཕྱོགས་སུ་དམིགས།།
འབྱོར་འབྲིང་སྤྱི་ཚོགས་ཁྱོན་ནས་བསྐྲུན་པར་གཏིང་མཐའ་རིང་བའི་སྙིང་བོ་བསྐྲུན།།
རིང་ལུགས་ཁྱད་ཆོས་ཅན་གྱི་རྒྱལ་ཁ་ཕུ་ཐག་ཆོད་པར་ཡིད་ཆེས་བརྟན།།
མདུན་དུ་ལྷགས་པའི་དོན་ཆེན་ཀུན་ལ་གཞིགས་ནས་གནས་ལུགས་རྟོགས་པའི་སྒོ་བརྒྱ་འབྱེད།།
བརྒྱུད་པའི་ལམ་བུར་སྡོམ་ཚིག་བཀོད་དེ་ལེགས་བཤད་ཅིག་གི་རུ་མ་རྙེད།།
དྲང་བདེན་གདོང་གིས་བསུ་བའི་ཡ་རབས་སྲོལ་བཟང་སྤྱོད་པའི་དཔེ་རུ་བླངས།།
ནམ་ཡང་མི་ཆོས་གཙང་མའི་རིན་ཆེན་རྒྱན་གྱི་དོ་ཤལ་མགུལ་དུ་འཕྱང་།།
ཐོག་མའི་སེམས་འདུན་གཙུག་ཏུ་བཀུར་ནས་འགན་འཁྲི་ཡིད་ལ་དམ་པོར་འཛིན།།
གནད་དོན་མཐའ་དག་ཞིབ་མོར་འཐག་ནས་ཁ་བཤད་དོན་ལ་གནས་པར་སྐུལ།།
སྐབས་དོན་གཞུང་ལུགས་ནན་གྱིས་སྤྱངས་ཏེ་ཁུར་ཆེན་ཤུགས་ཀྱིས་ཕྲག་ཏུ་བླངས།།
རང་གཤིས་ཡུན་རིང་འདུལ་སྦྱོང་ངང་ནས་རང་གི་འབྱུང་ཁུངས་ཡིད་ལ་བཅངས།།
ལས་ཁུར་གང་དུ་ཡིད་གཟབ་ངང་ནས་སྲིད་གཙང་སྤྱོད་པའི་དཔེ་བཟང་བསྟར།།
འབོར་ཆེན་དམངས་ལ་བཀུར་གཟོའི་སྒོ་ནས་དམངས་ཀྱི་ངལ་དུབ་སེལ་བར་བརྩོན།།
སྐར་ལྔའི་དར་ཆ་ལོ་རྒྱུས་གསལ་བའི་སྒང་གཤོང་གང་དུ་ལྷབ་ལྷུབ་གཡོ།།
སྐྱ་རེངས་གསར་བའི་རྨི་ལམ་ཟླུམ་པོར་ལོ་བརྒྱའི་བཞུད་ལམ་དབྱངས་སུ་གྱེར།།ཤེས་རབ་ཅན་གྱི་གཞོན་ནུ་སྐོར་ཞིག་རྦད་དེ་མཆོང་བའི་བསམ་སྦྱོར་ཞིག།

སྐྱ་རེངས་གསར་བའི་རྨི་ལམ་ཟླུམ་པོར་ལོ་བརྒྱའི་བཞུད་ལམ་དབྱངས་སུ་གྱེར།།