དཀར་མཛེས་ཁུལ་རིག་གནས་ཁང་སྡེ་དགེ་རུ་བསྐྱོད་ནས་དངོས་མིན་ཤུལ་བཞག་རིག་གནས་ལ་རྟོག་ཞིབ་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-22


དཀར་མཛེས་ཁུལ་རིག་གནས་ཁང་གི་ལས་ཀའི་ཚོ་ཆུང་གིས་སྡེ་དགེ་རུ་རྟོག་ཞིབ་བྱེད་བཞིན་པ།

          2015ལོའི་ཀྲུང་གོའི་ཁྲེན་ཏུའུ་རྒྱལ་སྤྱིའི་དངོས་མིན་ཤུལ་བཞག་རིག་གནས་དུས་ཆེན་གྱི་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབ་ཆེད། དཀར་མཛེས་ཁུལ་རིག་གནས་ཁང་གི་ལས་ཀའི་ཚོ་ཆུང་2015ལོའི་སྤྱི་ཟླ་1པོའི་ཚེས་13ཉིན་སྡེ་དགེ་རྫོང་དུ་བསྐྱོད་ཅིང་། ས་དེའི་དངོས་མིན་ཤུལ་བཞག་རིག་གནས་ལ་རྟོག་ཞིབ་བྱ་བའི་འགོ་བརྩམས། རྟོག་ཞིབ་བྱས་པའི་བརྒྱུད་རིམ་ཁྲོད། ཁུལ་རིག་གནས་ཁང་གི་ལས་ཀའི་ཚོ་ཆུང་གིས་སྡེ་དགེ་རྫོང་ཐོག་དང་ལྕགས་ར་ཡུལ་ཤོག་གི་ལྕགས་ར་དགོན་པ། དགོན་མདའ་གྲོང་སྡེ་བཅས་སུ་རྟོག་ཞིབ་བྱས། སྡེ་དགེ་རྫོང་གི་ཁོངས་སུ། ལས་ཀའི་ཚོ་ཆུང་གིས་སྡེ་དགེ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུན་ཐའོ་ཡི་ཕེབས་རོགས་འོག  སྡེ་དགེ་འདྲ་འབག་བཟོ་བའི་རྒྱུད་འཛིན་མཁན་བསོད་བསྟན་ལགས་དང་མཉམ་དུ་གླེང་མོལ་བྱས།


ལས་སྒྲུབ་མི་སྣས་བསོད་བསྟན་ལགས་ཀྱིས་བཟོས་པའི་འདྲ་འབག་ལ་རྟོག་ཞིབ་བྱེད་བཞིན་པ།

          གླེང་མོལ་གྱི་ཁྲོད་དུ། བསོད་བསྟན་གྱི་འདྲ་འབག་བཟོ་རྩལ་2015ལོའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲས་སུ་འགྲོ་རྒྱུར་གྲོས་མཐུན་བྱུང་བར་མ་ཟད། ཁོང་གིས་རང་གི་དགེ་རྒན་ཆོས་འགྲུབ་ལགས་ཀྱི་ངོ་མཚར་བའི་གཏམ་རྒྱུད་བཤད་ཀྱང་བཤད།  དེ་མིན་ལས་ཀའི་ཚོ་ཆུང་གིས་བོད་ཚོན་བཟོ་རྩལ་གྱི་དངོས་མིན་ཤུལ་བཞག་གི་ལས་གཞི་ཞིག་ལའང་རྒྱུས་ལོན་བྱུང་ཡོད་ལ། བསོད་བསྟན་གྱིས་བོད་ཚོན་བཟོ་བའི་རྒྱུ་ཆ་དག་སྔར་ལས་འཐུས་ཚང་དུ་གཏོང་བའི་ཐད། ཁུལ་རིག་གནས་ཁང་གིས་ཀྱང་དགེ་མཚན་ལྡན་པའི་མཛུབ་སྟོན་བྱས་ཤིང་། མཉམ་དུ་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་ལས་གཞིར་རྟོག་ཞིབ་སྙན་ཞུ་བྱ་བར་གྲ་སྒྲིག་གང་ལེགས་བྱས་ཡོད། །

གྲོང་སྡེའི་མི་སེར་ཚོས་དམངས་ཁྲོད་ཞབས་བྲོ་འཁྲབ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1