སེར་ཤུལ་ནས་མཐོང་བའི་སྦྲུལ་འདིས་རང་རྒྱལ་གྱི་ཟིན་ཐོ་གསར་པ་བསྐྲུན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-09


        ཉིན་ཤས་གོང་། སེར་ཤུལ་རྫོང་དྲན་འཁོར་ཡུལ་ཚོ་དུང་ལུང་ཁོག་ནས་པར་མཁན་གྲགས་ཅན་ལུའི་ལིང་ལུང་ཀྱིས་“མཐོ་སྒང་གི་སྦྲུལ་དམར་ཁྲ་”ཞིག་པར་དུ་བླངས། 
        དེ་ནི་2017ལོའི་ཟླ་12པར་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཀྱི་ཞིབ་འཇུག་ཁང་གིས་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་དུག་སྦྲུལ་གྱི་རིགས་དེ་ཡོད་པ་རྟོགས་རྗེས། ཐེངས་དང་པོར་སེར་ཤུལ་ས་ཁོངས་སུ་མཐོང་བ་རེད།
        དངོས་རིགས་འདིར་མིང་བཏགས་མཁན་གྱི་གྲས་ཤིག་སྟེ། ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སུའོ་རུ་འབུམ་རམས་པ་འདོན་བཞིན་པའི་སློབ་མ་ཧྲེ་ཅིན་སུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྦྲུལ་གྱི་རྒྱབ་ངོས་སུ་ཁྲ་རྡོག་དམར་པོ་གཉིས་ཡོད་པ་མ་ཟད། མཚོ་འཕགས་སྨི་4000ལྷག་ཙམ་གྱི་ས་མཐོ་ནི་ཀྲུང་གོའི་དུག་སྦྲུལ་ཁྱབ་སྟངས་ཀྱི་ས་བབ་མཐོ་ཤོས་ཀྱི་ཟིན་ཐོ་ཡིན།
        ཉེ་བའི་ལོ་ཤས་རིང་། སེར་ཤུལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་གངས་འཁྱགས་ནི་གསེར་རི་དངུལ་རི་ཡིན་པའི”སྣོད་བཅུད་འཛུགས་སྐྲུན་གྱི་འདུ་ཤེས་ནན་འཛིན་བྱས་ཡོད། ཁུལ་དེ་ཡོངས་ཀྱི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ་གྱི་ངེས་གནས་ལ་གཞི་ཚུགས་ནས་རི་ཆུ་ནགས་གསུམ་དང་། ཞིང་ལས། མཚོ་དང་མཚེའུ། རྩྭ་ཐང་བཅས་ཀྱི་བཅོས་སྐྱོང་ལ་དམིགས་པ་དང་། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་བརྟན་གཏོང་དང་། རྩ་ཆེ་ལ་དཀོན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་། “མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས”བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བཅས་བྱས་ནས་མི་རྣམས་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཉིན་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1