ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-10
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་9ཚེས་8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། གྲོང་ཁྱེར་ཁག་གཅིག་ཏུ་ཚོང་གཉེར་ཁོར་ཡུག་གསར་གཏོད་ཚོད་ལྟ་བྱེད་པ་དང་། ས་གནས་ཀྱིས་སྒྱུར་བཅོས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་དང་ནུས་ཤུགས་དེ་བས་ཆེ་བ་བཏོན་ནས་ཁེ་ལས་ལ་ཕན་ཐོགས་དང་དམངས་ལ་སྟབས་བདེ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་བཀོད་སྒྲིག་གནང་བ་དང་། དངུལ་འཛིན་དུས་བཅད་ཚོང་ཟོག་གི་སྲིད་འཛིན་དང་ཁྲིམས་འཛིན་དོ་བདག་གི་ཁས་ལེན་ལམ་ལུགས་ལག་བསྟར་བྱ་ཐབས་ཀྱི་འཆར་ཟིན་ལ་གྲོས་འཆམ་བྱུང་ཡོད།
གྲོས་ཚོགས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འདོན་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲོམ་རའི་སྔོན་དཔག་བརྟན་དུ་གཏོང་བ་དང་དཔལ་འབྱོར་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བཏོན་པ་དང་། གྲོས་ཚོགས་ཐོག་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག་ལག་བསྟར་ཡག་པོ་བྱེད་པ་དང་། རྒྱལ་ཡོངས་སུ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་པེ་ཅིང་དང་། ཧྲང་ཧའེ། ཁྲུང་ཆིང་། ཧང་ཀྲོའུ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་གྲོང་ཁྱེར་6བདམས་ནས། ཁྲོམ་རའི་བྱེད་པོ་དང་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་དམིགས་པ་དང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་དམིགས་པ། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་གི་གསར་གཏོད་ཚོད་ལྟ་བཅས་བྱ་རྒྱུའི་གཏན་འབེབས་བྱས་ཡོད། དེ་ཡང་གཅིག་ནས་ས་ཁོངས་ཀྱི་དབྱེ་མཚམས་དང་ས་གནས་ཀྱི་སྲུང་སྐྱོང་སྔར་བས་མེད་པར་བཟོས་ནས་གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས་ས་ཁོངས་ལས་བརྒལ་ཏེ་ལས་གཉེར་བྱེད་པར་ལུགས་དང་མི་མཐུན་པའི་ཚོད་འཛིན་བྱེད་རིགས་མེད་པ་བཟོ་དགོས། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཁྱབ་ཁོངས་ནང་ས་གནས་གཞན་གྱི་ཁེ་ལས་ཀྱི་མངོན་མེད་འགོག་རྐྱེན་སེལ་དགོས།
འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཆོག་པའི་གློག་རྡུལ་ལག་ཁྱེར་རིགས་བདུན་ས་ཁོངས་སྒྲོལ་ནས་ཕན་ཚུན་ཁསས་ལེན་དང་ཞིབ་བཤེར་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས་ནས་ཁྲོམ་རའི་བྱེད་པོའི་ཚད་གཞི་དང་ཕྱིར་འཐེན་བྱེད་པར་སྟབས་བདེ་སྔར་ལས་ལྷག་པ་བསྐྲུན་དགོས། དངུལ་ཁང་གི་ཐོ་ཁུངས་ཀྱི་གོ་རིམ་ཁུ་བསྡུ་དང་ཐོ་ཁུངས་འཛུགས་པའི་དུས་ཚོད་ཐུང་དུ་གཏོང་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། སྤྱི་ཚོགས་འགན་བཅོལ། ཁྲལ་དོན་སོགས་ལོ་འཁོར་སྙན་གསེང་ཞུ་བའི་སྙན་ཞུ་མང་པོ་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས། ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་འཕེལ་རྒྱས་གཏོང་བར་འཚམ་པའི་ཆོག་འཐུས་ཚོང་གཉེར་གྱི་ཚད་གཞི་འཚོལ་ཞིབ་བྱེད་དགོས། མ་རྩ་རྡིབ་པའི་དོ་དམ་པས་ཁྲིམས་ལྟར་འབྲེལ་ཡོད་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་བའི་མ་རྩ་རྡིབ་པའི་ཁེ་ལས་ཀྱི་ཆ་འཕྲིན་རྩད་ཞིབ་བྱེད་ཆོག་པ། རྒྱུ་ནོར་དམ་བཅད་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་དམ་བཅད་མེད་པ་བཟོས་པའི་འགྲོ་ལུགས་གཉེར་མི་དགོས། གསུམ་ནས་མ་འཇོག་དང་འཛུགས་སྐྲུན་གྱི་སྟབས་བདེ་ཚད་མཐོ་རུ་གཏོང་དགོས།
ས་ཆ་མཁོ་འདོན་མ་བྱས་གོང་སྲིད་གཞུང་སྡེ་ཚན་གྱིས་ས་གཤིས་ཀྱི་གནོད་འཚེ་དང་ས་ཆུ་སྲུང་འཛིན་སོགས་ཀྱི་དཔྱད་དཔོག་རབ་དང་རིམ་པ་བྱས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་ལ་ས་ཆ་རག་རྗེས་ལས་འགོ་ཚུགས་ཆོག ཆུ་དང་། གློག རླངས། དྲོད་སོགས་གྲོང་སྲིད་་ཨར་སྐྲུན་ལས་གྲྭའི་ནང་ཞུགས་ཆོག་པའི་ཐད་ཁས་ལེན་དོ་དམ་བྱས་པ་ཤེས་རྟོགས་བྱེད་དུ་འཇུག་དགོས། བཞི་ནས་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་དགོས། གལ་ཆེའི་ཉོ་ཚོང་རོགས་ཟླའི་འགག་སྒོ་ཁ་ཤས་བར་གྱི་འབྲེལ་ཡོད་འཛིན་ཡིག་དང་དྲ་སྦྲེལ་ཞིབ་བཤེར་བྱེད་པར་སྐུལ་འདེད་གཏོང་དགོས། ཤང་ཀང་དང་ཨའོ་མོན་མ་དངུལ་འཇོག་མཁན་གྱི་ཚོང་དོན་ཐོ་འགོད་འགྲོ་ལུགས་སྟབས་བདེ་རུ་གཏོང་དགོས། ལྔ་ནས་ལྟ་སྐུལ་དོ་དམ་གསར་གཏོད་དང་འཐུས་ཚང་དུ་གཏོང་དགོས། ཟས་རིགས་དང་། སྨན་རྫས། རིམས་འགོག་སྨན་ཁབ། བདེ་འཇགས་སོགས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་སུ་ཆད་གཅོད་རང་བཞིན་གྱི་གྱོང་གུན་ཁ་གསབ་ལམ་ལུགས་ལག་ལེན་བསྟར་དགོས། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་གཅོད་པ། གང་བྱུང་དུ་བསྡུ་ལེན་བྱེད་རིགས་བཅས་བཀག་འགོག་བྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། བར་དཀྱིལ་ལས་ཁུངས་ཀྱིས་སྒེར་སྡོམ་ལས་གཉེར་དང་བཙན་ཤེད་ཀྱིས་ཞབས་ཞུ་སྒྲུབ་པ་སོགས་ཀྱི་བྱ་སྤྱོད་ཡོ་བསྲང་བྱས་ནས། གཞུང་དྲང་འགྲན་རྩོད་ལ་སྲུང་སྐྱོང་བྱེད་དགོས། དྲུག་ནས་ཁེ་ལས་དང་འབྲེལ་བའི་ཞབས་ཞུ་ལེགས་སུ་གཏོང་དགོས། ཆ་འཕྲིན་རྐྱང་པའི་ཡོངས་ཁོངས་མགྱོགས་མྱུར་མེད་པ་བཟོས་ནས་སྡེ་ཁག་དང་ས་གནས་བར་གྱི་ཁོངས་གཏོགས་མཉམ་སྦྲེལ་སྦྲེལ་མཐུད་དང་གྲངས་གཞི་མཉམ་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཁྲོམ་རའི་བྱེད་པོས་དཔྱད་གཞིའི་ཡིག་ཆ་ཡང་ནས་བསྐྱར་དུ་སྐྱེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས། བྱ་དོན་མང་པོ་དྲ་ཐོག་ནས་སྒྲུབ་པ་དང་ཐེངས་གཅིག་ལ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན་པ་རེད།
གྲོས་ཚོགས་ཐོག དངུལ་འཛིན་དུས་བཅད་ཚོང་ཟོག་གི་སྲིད་འཛིན་དང་ཁྲིམས་འཛིན་དོ་བདག་གི་ཁས་ལེན་ལམ་ལུགས་ལག་བསྟར་བྱ་ཐབས་ཀྱི་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མ་འཇོག་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་སྔར་ལས་ལྷག་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།