ལི་ཁེ་ཆང་གིས་ཀྲུང་གོར་ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉམས་ཉེན་ཡོང་མི་སྲིད་ཅེས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-23



            སྤྱི་ཟླ་1པོའི་ཚེས་20ནས་24བར། 2015ལོའི་དགུན་དུས་ཀྱི་དྷ་ཝོ་སི་གླེང་སྟེགས་དེ་སི་ཝེས་ཙེར་གྱི་གྲོང་ཁྱེར་དྷ་ཝོ་སི་ནས་འཚོགས་ཤིང་། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཐེངས་འདིའི་གླེང་སྟེགས་འགོ་རྩོམ་པའི་ཤིས་ཚིག་ཏུ། ད་ལྟ་ཀྲུང་གོའི་དཔལ་འབྱོར་གྱི་གཞི་རྒྱ་དེ་འཛམ་གླིང་གི་ཨང་གཉིས་པ་ཆགས་ཡོད་ལ། སྔོན་གྱི་རྨང་གཞིའི་ཐོག་མུ་མཐུད་ནས་ཇེ་ཆེར་འགྲོ་བཞིན་ཡོད། ལོ་རེར་7%ལས་འཕར་སྣོན་ཡོང་གི་མེད་ཀྱང་། ལོ་ཧྲིལ་བོའི་ད་ཡོད་རིན་གོང་འཕར་ཚད་ཨ་སྒོར་དུང་ཕྱུར་8000ལ་སླེབས་ཀྱིན་ཡོད། དེ་ནི་ལོ་ལྔའི་སྔོན་གྱི་འཕར་ཚད་10%ལས་ཀྱང་ཆེས་ཆེར་བརྒལ་ཡོད་ཅེས་བསྟན།

            ལི་ཁེ་ཆང་གིས། ཀྲུང་གོའི་དངུལ་གསོག་ཚད་50%ལ་སླེབས་ཡོད་ཅིང་། དེས་དཔལ་འབྱོར་འཕེལ་རྒྱས་ལ་མ་དངུལ་འདང་ངེས་ཤིག་མཁོ་འདོན་བྱ་ཐུབ་ཅེས་པ་དང་། ས་གནས་རང་བཞིན་གྱི་བུ་ལོན་70%ལ་སླེབས་ཤིང་། དེ་ནི་གཙོ་བོ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་དུ་བཏང་ཡོད་ལ། དེར་མ་རྩའི་འགན་སྲུང་ཡོད་པ་རེད། དངུལ་རྩའི་ལམ་ལུགས་བཅོས་བསྒྱུར་ལ་ཡང་དངོས་སུ་སྐུལ་འདེད་བྱེད་བཞིན་ཡོད་པས། ཀྲུང་གོར་ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉམས་ཉེན་ཡོང་མི་སྲིད་ཅེས་གསུངས། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1