བཀྲ་ཤིས་ཚེ་རིང་ལ་དངུལ་གྱི་རྟགས་མ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-27


     ཟླ་9ཚེས་25ཉིན་གྱི་དགོང་མོ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི་3000གི་འགག་སྒྲོལ་འགྲན་བསྡུར་གྱི་མཐའ་བསྡུར་འགོ་ཚུགས་པ་དང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་མཐར་རང་ལྗོངས་ཀྱི་ལུས་རྩལ་པ་བཀྲ་ཤིས་ཚེ་རིང་གིས་སྐར་མ་8དང་སྐར་ཆ་49དང་སྐར་ཆ་61གི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་རྣམ་གྲངས་དེའི་ཨང་གཉིས་པར་སླེབས་པ་དང་རྣམ་གྲངས་དེའི་འགྲན་བསྡུར་གྱི་དངུལ་གྱི་རྟགས་མ་ཐོབ་པ་དེ་ནི་བོད་ཀྱི་ལུས་རྩལ་འཐུས་མི་ཚོགས་པས་ད་ཐེངས་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་ཐོབ་པའི་གཟེངས་བསྟོད་རྟགས་མ་6པ་དེ་རེད། 
     མིག་སྔའི་བར་བོད་རང་སྐྱོང་ལྗོངས་ལུས་རྩལ་འཐུས་མི་ཚོགས་པར་རྩལ་འགྲན་ལུས་རྩལ་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་3དང་། དངུལ་གྱི་རྟགས་མ་1ཟངས་ཀྱི་རྟགས་མ་2མང་ཚོགས་རིགས་ཀྱི་འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའ་ཨང་གསུམ་པ་2བཅས་ཐོབ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1