ཟླ་10ཚེས་18ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ(COP15)ཡི་དུས་རིམ་དང་པོའི་གྲོས་ཚོགས་འཚོགས་ར་ནི་ཁུན་མིང་ཏེན་ཁྲི་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་ཨང་7པ་(ཚོགས་ར་གཙོ་བོ)དང་འགྲེམས་ཁང་ཨང་5པ་(ཡུན་ནན་གྱི་ཁྱད་ཆོས་ལྡན་པའི་འགྲེམས་ཁང) ནན་ཞུས་ཐིང་བཅས་ལ་རིན་མི་དགོས་པར་སྤྱི་དམངས་ལ་སྒོ་ཕྱེ་བ་དང་། སྒོ་ཕྱེ་བའི་དུས་ཚོད་ནི་ཟླ་11ཚེས་7ཉིན་བར་ཡིན་པ་རེད།