བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ8གསར་དུ་གཏོད་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-27


མཁའ་འགྲུལA319(B-323J)རྟགས་ཅན་བོད་ལྗོངས་མཁའ་འགྲུལ་དུ་ཞུགས་པ། 
            ཟླ10པའི་ཚེས31ཉིན་ནས་བཟུང་།  བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ8གསར་དུ་གཏོད་རྒྱུ་རེད།  མཁའ་ལམ་གསར་དུ་བཏོད་རྗེས།  མཁའ་ལམ་སོ་སོའི་འཕུར་ཐེངས་མི་འདྲ་བ་དང་དོན་དངོས་སུ་འཕུར་བའི་དུས་ཚོད་བཅས་གནས་ཚུལ་དངོས་ལ་གཞིགས་ནས་ལེགས་སྒྲིག་བྱ་རྒྱུ་རེད།
            ཁྲེན་ཏུའུ་དང་སན་མིང་བར།
            ཁྲེང་ཏུའུ་དང་སན་མིང་བར་གྱི་མཁའ་ལམ་ནི་བོད་ལྗོངས་མཁའ་འགྲུལ་གཅིག་པུའི་གནམ་གྲུ་འཕུར་བའི་མཁའ་ལམ་ཞིག་ཡིན་པ་དང་། དངོས་སུ་འཕུར་སྐྱོད་བྱེད་པའི་གནམ་གྲུ་ནིA319རྟགས་ཅན་ཡིན་ལ། དུས་གཏན་གནམ་གྲུ་འཕུར་བའི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་པ་སངས། གཟའ་ཉི་མ་བཅས་རེད།  བྱེ་བྲག་ཏུ་དུས་གཏན་གནམ་གྲུTV9997ནི་ཁྲེང་ཏུའུ་ནས་ཆུ་ཚོད12:10ཡི་སྟེང་དུ་འཕུར་ཏེ། ཆུ་ཚོད14:30སྟེང་ལ་སན་མིང་དུ་འབྱོར་ཐུབ།  གནམ་གྲུTV9998ནི་ཆུ་ཚོད15:30སྟེང་དུ་སན་མིང་ནས་འཕུར་ཏེ་ཆུ་ཚོད17:50སྟེང་ལ་ཁྲེང་ཏུའུ་རུ་འབྱོར་ཐུབ། 
            ཏ་ལི་དང་མེན་དབྱང་། ལྷ་ས་བཅས་ཀྱི་བར།  
            ཏ་ལི་དང་མེན་དབྱང་། ལྷ་ས་བཅས་བར་ཀྱི་མཁའ་ལམ་ཤར་གཏོང་ཐུབ་པ་དེས་ཏ་ལི་དང་ལྷ་སའི་བར་གྱི་འགྲོ་སྐྱོད་དུས་ཚོད་ཐུང་དུ་གཏོང་ཐུབ་པ་དང་། ས་ཆ་གཉིས་ཀྱི་གྲོང་མི་དང་ཡུལ་སྐོར་བའི་འགྲུལ་སྐྱོད་གདམ་ག་ཇེ་མང་དུ་གཏོང་ཐུབ། བྱེ་བྲག་ཏུ་དངོས་སུ་འཕུར་སྐྱོད་བྱེད་པའི་གནམ་གྲུ་ནིA319རྟགས་ཅན་ཡིན་ལ། ཉིན་རེར་ཐེངས་རེ་འཕུར་བ་ཡིན། གནམ་གྲུTV6021ནི་ཆུ་ཚོད་11:20སྟེང་དུ་ཏ་ལི་ནས་འཕུར་ཏེ་ཆུ་ཚོད13:00སྟེང་ལ་མེན་དབྱང་དུ་འབྱོར་ཐུབ། ཆུ་ཚོད13:45སྟེང་དུ་མེན་དབྱང་ནས་འཕུར་ཏེ་ཆུ་ཚོད16:05སྟེང་ལ་ལྷ་སར་འབྱོར་ཐུབ། གནམ་གྲུTV6022རྟགས་ཅན་ནི་ཆུ་ཚོད18:55སྟེང་དུ་ལྷ་ས་ནས་འཕུར་ཏེ་ཆུ་ཚོད21:00སྟེང་ལ་མེན་དབྱང་དུ་འབྱོར་ཐུབ།  ཆུ་ཚོད21:40སྟེང་དུ་མེན་དབྱང་ནས་འཕུར་ཏེ་ཆུ་ཚོད23:20སྟེང་ལ་ཏ་ལི་རུ་འབྱོར་ཐུབ་པ་རེད། 
            ཟི་ལིང་དང་ཅི་ནན་བར།  
            ཟི་ལིང་དང་ཅི་ནན་བར་གྱི་མཁའ་ལམ་གྱི་འཕུར་སྐྱོད་གནམ་གྲུ་ནིA319རྟགས་ཅན་ཡིན་པ་དང་། བྱེ་བྲག་གི་འཕུར་ཐེངས་དུས་ཚོད་ནི་གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་པ་སངས། གཟའ་ཉི་མ་བཅས་རེད། དུས་གཏན་གནམ་གྲུTV6037ནི་ཆུ་ཚོད18:30སྟེང་དུ་ཟི་ལིང་ནས་འཕུར་ཏེ་ཆུ་ཚོད20:40སྟེང་ལ་ཅི་ནན་དུ་འབྱོར་ཐུབ།  དུས་གཏན་གནམ་གྲུTV6038ནི་ཆུ་ཚོད21:25སྟེང་དུ་ཅི་ནན་ནས་འཕུར་ཏེ་ཆུ་ཚོད23:55སྟེང་ལ་ཟི་ལིང་དུ་འབྱོར་ཐུབ་པ་རེད། 
            ཏ་ལི་དང་ལུའུ་ཀྲོའུ། ཅི་ནན་བཅས་ཀྱི་བར། 
            ཏ་ལི་དང་ལུའུ་ཀྲོའུ། ཅི་ནན་བཅས་བར་གྱི་མཁའ་འགྲུལ་དུས་གཏན་གནམ་གྲུTV6065ནི་ཆུ་ཚོད9:05སྟེང་དུ་ཏ་ལི་ནས་འཕུར་ཏེ་ཆུ་ཚོད10:35སྟེང་ལ་ལུའུ་ཀྲོའུ་རུ་འབྱོར་ཐུབ་པ་དང་། ཆུ་ཚོད11:15སྟེང་དུ་ལུའུ་ཀྲོའུ་ནས་འཕུར་ཏེ13:30སྟེང་ལ་ཅི་ནན་དུ་འབྱོར་ཐུབ། དུས་གཏན་གནམ་གྲུTV6066ནི་ཆུ་ཚོད14:30སྟེང་དུ་ཅི་ནན་ནས་འཕུར་ཏེ་ཆུ་ཚོད17:25སྟེང་ལ་ལུའུ་ཀྲོའུ་རུ་འབྱོར་ཞིང་། ཆུ་ཚོད18:25སྟེང་དུ་ལུའུ་ཀྲོའུ་ནས་འཕུར་ཏེ་ཆུ་ཚོད20:00སྟེང་ལ་ཏ་ལིར་འབྱོར་ཐུབ། དངོས་སུ་འཕུར་འགན་ཁུར་བའི་གནམ་གྲུ་ནིA319ཡིན་ལ། ཉིན་རེར་ཐེངས་རེ་འཕུར་བ་ཡིན། 
            གོར་མོ་དང་ཟི་ལིང་། ཀྲན་ཅང་བཅས་ཀྱི་བར། 
            གོར་མོ་དང་ཟི་ལིང་། ཀྲན་ཅང་བཅས་བར་གྱི་དུས་གཏན་གནམ་གྲུTV6091ནི་ཆུ་ཚོད9:35སྟེང་དུ་གོར་མོ་ནས་འཕུར་ཏེ་ཆུ་ཚོད10:50སྟེང་ལ་ཟི་ལིང་དུ་འབྱོར་ཞིང་། ཆུ་ཚོད11:30སྟེང་དུ་ཟི་ལིང་ནས་འཕུར་ཏེ་ཆུ་ཚོད14:30སྟེང་ལ་ཀྲན་ཅང་དུ་འབྱོར་ཐུབ། དུས་གཏན་གནམ་གྲུTV6092ནི་ཆུ་ཚོད15:15སྟེང་དུ་ཀྲན་ཅང་ནས་འཕུར་ཏེ་ཆུ་ཚོད18:40སྟེང་ལ་ཟི་ལིང་དུ་འབྱོར་ཞིང་། ཆུ་ཚོད19:20སྟེང་དུ་ཟི་ལིང་ནས་འཕུར་ཏེ་ཆུ་ཚོད20:55སྟེང་ལ་གོར་མོ་རུ་འབྱོར་བ་རེད། དངོས་སུ་འཕུར་འགན་ཁུར་བའི་གནམ་གྲུ་ནིA319ཡིན་ལ། གཟའ་འཁོར་རེའི་གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་འཕུར་བ་རེད། 
            ཉིང་ཁྲི་དང་ཁྲུང་ཆིང་། ཧྥུ་ཀྲོའུ་བཅས་ཀྱི་བར།  
            ཉིང་ཁྲི་དང་ཁྲུང་ཆིང་། ཧྥུ་ཀྲོའུ་བཅས་བར་གྱི་དུས་གཏན་གནམ་གྲུTV9833ནི་ཆུ་ཚོད10:10སྟེང་དུ་ཉིང་ཁྲི་ནས་འཕུར་ཏེ་ཆུ་ཚོད12:15སྟེང་ལ་ཁྲུང་ཆིང་དུ་འབྱོར་བ་དང་། ཆུ་ཚོད13:40སྟེང་དུ་ཁྲུང་ཆིང་ནས་འཕུར་ཏེ་ཆུ་ཚོད15:55སྟེང་ལ་ཧྥུ་ཀྲོའུ་རུ་འབྱོར་ཐུབ། དུས་གཏན་གནམ་གྲུTV9834ནི་ཆུ་ཚོད17:40སྟེང་དུ་ཧྥུ་ཀྲོའུ་ནས་འཕུར་ཏེ་ཆུ་ཚོད20:25སྟེང་ལ་ཁྲུང་ཆིང་དུ་འབྱོར་བ་དང་། ཆུ་ཚོད06:45སྟེང་དུ་ཁྲུང་ཆིང་ནས་འཕུར་ཏེ་ཆུ་ཚོད09:30སྟེང་ལ་ཉིང་ཁྲིར་འབྱོར་ཐུབ་པ་རེད། དངོས་སུ་འཕུར་འགན་ཁུར་བའི་གནམ་གྲུ་ནིA319ཡིན་ལ། ཉིན་རེར་ཐེངས་རེ་འཕུར་བ་ཡིན། 
            ལྷ་ས་དང་ཟི་ལིང་། ཀྲེང་ཀྲོའུ་བཅས་ཀྱི་བར།  
            ལྷ་ས་དང་ཟི་ལིང་། ཀྲེང་ཀྲོའུ་བཅས་བར་གྱིTV9873ནི་ཆུ་ཚོད13:15སྟེང་དུ་ལྷ་ས་ནས་འཕུར་ཏེ་ཆུ་ཚོད15:10སྟེང་ལ་ཟི་ལིང་དུ་འབྱོར་བ་དང་། ཆུ་ཚོད15:50སྟེང་དུ་ཟི་ལིང་ནས་འཕུར་ཏེ་ཆུ་ཚོད17:45སྟེང་ལ་ཀྲེན་ཀྲོའུ་རུ་འབྱོར་ཐུབ། དུས་གཏན་གནམ་གྲུTV9874ནི་ཆུ་ཚོད18:45སྟེང་དུ་ཀྲེན་ཀྲོའུ་ནས་འཕུར་ཏེ་ཆུ་ཚོད20:55སྟེང་ཟི་ལིང་དུ་འབྱོར་བ་དང་། ཆུ་ཚོད21:35སྟེང་དུ་ཟི་ལིང་ནས་འཕུར་ཏེ་ཆུ་ཚོད23:55སྟེང་ལ་ལྷ་སར་འབྱོར་བ་རེད། དངོས་སུ་འཕུར་འགན་ཁུར་བའི་གནམ་གྲུ་ནིA319ཡིན་ལ། ཉིན་རེར་ཐེངས་རེ་འཕུར་བ་ཡིན། 
            ཐེན་ཅིན་དང་དབྱིན་ཁྲོན་བར། 
            ཐེན་ཅིན་དང་དབྱིན་ཁྲོན་བར་གྱི་མཁའ་ལམ་གྱི་དུས་གཏན་གནམ་གྲུTV6077ནི་ཆུ་ཚོད9:55སྟེང་དུ་ཐེན་ཅིན་ནས་འཕུར་ཏེ་ཆུ་ཚོད12:00སྟེང་ལ་དབྱིན་ཁྲོན་དུ་འབྱོར་བ་དང་། གནམ་གྲུ་འཕུར་དུས་ནི་གཟའ་འཁོར་རེའི་གཟའ་པ་སངས་དང་གཟའ་ཉི་མ་ཡིན། དུས་གཏན་གནམ་གྲུTV6021ནི་ཆུ་ཚོད10:00སྟེང་དུ་ཐེན་ཅིན་ནས་འཕུར་ཏེ་ཆུ་ཚོད12:00སྟེང་ལ་དབྱིན་ཁྲོན་དུ་འབྱོར་ཞིང་། གནམ་གྲུ་འཕུར་དུས་ནི་གཟའ་འཁོར་རེའི་གཟའ་ཟླ་བ་དང་། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་སྤེན་པ་བཅས་རེད། དུས་གཏན་གནམ་གྲུTV6078ནི་ཆུ་ཚོད12:55སྟེང་དུ་དབྱིན་ཁྲོན་ནས་འཕུར་ཏེ་ཆུ་ཚོད15:00སྟེང་ལ་ཐེན་ཅིན་དུ་འབྱོར་ཐུབ། འཕུར་དུས་ནི་གཟའ་འཁོར་རེར་ཐེངས་རེ་ཡིན་ཞིང་། དངོས་སུ་འཕུར་འགན་ཁུར་བའི་གནམ་གྲུ་ནིA320ཡིན། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1