ཡང་ལི་ཐང་ནས་ཚོན་ལྡན་བྲག་རིས་ཁག་ཅིག་གསར་དུ་རྙེད།

འདྲ་པར་དགེ་བསྙེན་རི་བོའི་ཡུལ་སྐོར་དྲ་བ་ལས་བཤུས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-01



        ཉིན་བདུན་གྱི་སྔོན་མཚོ་ལ་དོ་དམ་ཨུ་ལྷན་གྱིས་གནའ་བོའི་ཚོན་ལྡན་བྲག་རིས་གསར་རྙེད་བྱུང་བའི་སྐོར་ཐེངས་དང་པོ་བསྒྲགས་ཚུན། ཉེ་ཆར། མཚོ་ལ་དོ་དམ་ཨུ་ལྷན་གྱིས་ཡང་མུ་མཐུད་དུ་གནའ་བོའི་ཚོན་ལྡན་བྲག་རིས་ཁག་མང་པོ་གསར་རྙེད་བྱུང་ཞིང་། གོམ་གོང་མདུན་སྤོས་ཀྱིས་ས་གནས་དེའི་གནའ་བོའི་ཚོན་ལྡན་བྲག་རིས་ཀྱི་གྲངས་ཀ་དང་རིགས། ནང་དོན་སོགས་ཀྱི་ཐད་ལ་རྒྱ་སྐྱེད་དང་འཐུས་སྒོ་ཇེ་ཚང་དུ་གྱུར། ད་ཐེངས་གསར་རྙེད་བྱུང་བའི་བྲག་རིས་ཀྱི་ནང་དོན་སྔར་ལས་སྣ་མང་ཕུན་སུམ་ཚོགས་སྟེ། ཤྭ་བ་དང་གནའ་བ་སོགས་སྲོག་ཆགས་ཀྱི་གཟུགས་རིས་ཡོད་པ་མ་ཟད། ད་དུང་བོད་ཡིག་དང་ཆོས་ལུགས་ཀྱི་མཚོན་རྟགས། ངོ་མཚར་ལྡན་པའི་གནའ་བོའི་མཚོན་རྟགས་ཁག་ཅིག་ཡོད་པ་རེད། །








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1