དཀར་མཛེས་ཁུལ་ཉག་ཆུ་རྫོང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཐང་ཧྲི་ཅའོ།
སྤྱི་ཟླ་1པོའི་ཚེས་31ཉིན་གྱི་དགོང་མོར། དཀར་མཛེས་ཁུལ་ཉག་ཆུ་རྫོང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཐང་ཧྲི་ཅའོ་དང་། ནགས་དོན་ཉེན་རྟོག་པ་ཉག་ཆུ་རུ་ཆེན་གྱི་ལྡིང་དཔོན་ཞུས་ཧྭ་རྣམ་གཉིས་ཀྱིས་ཉག་ཆུ་རྫོང་མིག་ནོར་ཡུལ་ཤོག་ཏུ་རི་མེ་ཤོར་བའི་གནོད་འཚེ་བཀག་ནས་ཕྱིར་རྫོང་ཐོག་ཏུ་ལོག་པའི་ལམ་བར་དུ་སྟབས་མ་ལེགས་པར་རླངས་འཁོར་དོན་རྐྱེན་བྱུང་ནས་གཞུང་དོན་དུ་སྐུ་གཤེགས་ཤིང་། རླངས་འཁོར་ནང་ཡོད་པའི་མི་གཞན་5པོར་རྨས་སྐྱོན་ཕོག་ཡོད།
སྤྱི་ཟླ་1པོའི་ཚེས་29ཉིན་གྱི་དགོང་མོར། ཉག་ཆུ་རྫོང་ཐོག་དང་བར་ཐག་སྤྱི་ལེ་35ཡི་མཚམས་ཀྱི་མིག་ནོར་ཡུལ་ཤོག་གི་ཁོངས་སུ་གློ་བུར་དུ་ནགས་ཚལ་མེ་སྐྱོན་ཤོར་ཞིང་། མེ་སྐྱོན་བྱུང་ཡུལ་གྱི་མཚོ་འཕགས་སྨི་2930ཡིན། ནགས་ཚལ་གྱི་མེ་ལྕེ་མགྱོགས་པོར་ཉེ་འགྲམ་གྱི་གྲོང་སྡེ་དང་ཐག་ཉེ་ས་རུ་མཆེད་པས། མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་ཆེད། ས་གནས་སྲིད་གཞུང་གིས་གྲོང་སྡེའི་ཁྱིམ་ཚང་20ཡི་སྡེ་དམངས་མི་གྲངས་114ལ་བཀོད་འདོམས་བྱས་ཏེ་ཉེན་གཡོལ་བྱས་ཡོད། །