སྟོན་ཉམས་ཀྱིས་ཕྱུག་པའི་གངས་ལྗོངས་ས་མཐོ་ནི་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་ཅིང་། ཨ་སྔོན་དང་། སྤྲིན་དཀར། འདབ་ལོ་སེར་པོ། དྭངས་གཙང་གི་ཆུ་མོ། དུང་ལྟར་དཀར་བའི་གངས་རི། ལྷིང་འཇགས་ཀྱི་རྩྭ་ཐང་བཅས་ཕན་ཚུན་གཅིག་ལ་གཅིག་རྒྱན་གྱིས་ཚོན་མདོག་རྣམ་པར་བཀྲ་བའི་མཛེས་རིས་ལྟ་བུར་སྣང་།