ཀི་ལུའུ་ཅི་ཡཱའི་སྲིད་འཛིན་ཏང་ལ་ས་གནས་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-03


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀི་ལུའུ་ཅི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་བསྡོམས་རྩིས་མཇུག་འབྲས་ལྟར་ན། སྲིད་འཛིན་པའི་ཀི་ལུའུ་ཅི་ཡཱའི་ཕུགས་འདུན་དམངས་གཙོའི་ཀི་ལུའུ་ཅི་ཡཱ་ཏང་ལ་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་སྤེལ་བའི་ས་གནས་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་རེད། 
        ཀི་ལུའུ་ཅི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་འདེམ་ཤོག་གི་བསྡོམས་རྩིས་མཇུག་འབྲས་ལྟར་ན། སྲིད་འཛིན་ཏང་གི་འདེམ་སྒུག་པར་སྤེལ་བའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་གྲོང་ཁྱེར་ཉི་ཤུའི་ཁྲོད། རྒྱལ་ས་ཏིས་པུས་ལེ་སི་དང་བཅས་པའི་གྲོང་ཁྱེར་བཅུ་དགུའི་ཧྲི་ཀྲང་གི་འདེམ་བསྐོའི་དབང་ཆ་ཐོབ་ཡོད་པ་དང་། ངོ་རྒོལ་ཏང་ཁག་གཙོ་བོ་མཉམ་འབྲེལ་མི་རིགས་ལས་འགུལ་ཏང་ལ་གྲོང་ཁྱེར་གཅིག་གི་ཧྲི་ཀྲང་གི་འདེམ་བསྐོའི་དབང་ཆ་མ་གཏོགས་ཐོབ་མེད། 
        ཀི་ལུའུ་ཅི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། སྐོར་ཐེངས་གཉིས་པའི་ས་གནས་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་པའི་འདེམ་དམངས་ས་ཡ་གཅིག་དང་ཁྲི་གཉིས་ལས་བརྒལ་ཡོད་པ་དང་། འདེམ་ཤོག་འཕངས་ཚད་བརྒྱ་ཆའི་ཞེ་དགུ་དང་གྲངས་ཆུང་དགུར་བསླེབས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1