ཁོང་དཀར་མཛེས་ཁུལ་གྱི་ཁུལ་དཔོན་དུ་བསྐོ་བཞག་བྱས།
ཀུན་བཟང་ཆོས་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-03
སྤྱི་ཟླ་11པའི་ཚེས་2ཉིན། དཀར་མཛེས་ཁུལ་གྱིས་ཁུལ་ཨུ་རྒྱུན་ཨུ་(རྒྱ་སྐྱེད)ཚོགས་འདུ་འཚོགས་ཏེ། ཀྲུང་གུང་སི་ཁྲོན་ཞིང་ཨུ་ཡིས་དཀར་མཛེས་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་གོ་གནས་བསྐོ་འཐེན་བྱས་པའི་ཐག་གཅོད་སྐོར་བསྒྲགས། ཞིང་ཨུ་ཡིས། བློ་མཐུན་ཧྥེང་ཧྥ་ཀུའེ་ཡིས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་ཁུར་རྒྱུ་དང་། བློ་མཐུན་ཞའོ་ཡིའུ་ཚའེ་ཡིས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་མི་ཁུར་བར་ཐག་བཅད། ཞིང་ཨུ་ཡིས། བློ་མཐུན་ཧྥེང་ཧྥ་ཀུའེ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་མིང་འདོན་བྱས་པ་དང་། བློ་མཐུན་ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་མི་འཁུར་བ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྒྲུབ་པར་མོས་མཐུན་བྱུང་བར་བཏོན། །