ཁྲེང་ཏུའུ་ལ་ཏོག་གསར་གློ་ཚད་ནད་པ་1བྱུང་བ།
ཀུན་བཟང་ཆོས་སྒྲོན་གྱིས་བསྡུས་བསྒྱུར་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-03
ཁྲེང་ཏུའུ་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་11པའི་ཚེས་1ཉིན་གྱི་དགོང་མོར། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་བཞི་པས་ཏོག་གསར་ནད་དུག་གི་ཉིང་སྐྱུར་དཔྱད་འབྲས་གདགས་གཤིས་ཡིན་པའི་མི་ཞིག་བྱུང་བར་སྙན་ཞུ་ཕུལ་བ་དང་། ཁྲེང་ཏུའུ་གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་བསྐྱར་ཞིབ་བྱས་པས་གདགས་གཤིས་ཡིན་པ་རེད། དེ་ནས་ནད་ཐོག་སྨན་བཅོས་དང་གཟུགས་བརྙན་རིག་པ། ཚོད་ལྟ་ཁང་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བཅས་ཀྱི་འབྲས་བུ་དང་ཟུང་འབྲེལ་སྒོས། ཆེད་མཁས་ཚོ་ཆུང་གིས་བརྟག་དཔྱད་བྱས་པས། མི་དེ་ལ་ཏོག་གསར་གློ་ཚད་འགོས་ཡོད་པ་ཐག་ཆོད་ཅིང་། མིག་སྔ་གྲོང་ཁྱེར་སྤྱི་པའི་འཕྲོད་བསྟེན་གྱི་ནད་ཐོག་སྨན་བཅོས་ལྟེ་གནས་སུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད། །