ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པའི་ཚོགས་འདུར་ཞུགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04


སྤྱི་ཟླ་10པའི་ཚེས་31ཉིན་གྱི་དགོང་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པའི་ཚོགས་འདུར་ཞུགས་པ་དང་། གཙོ་བོར་གནམ་གཤིས་འགྱུར་ལྡོག་དང་།ནུས་ཁུངས། རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐད་ནས་དགོང་ཚུལ་རྒྱས་འགྲེལ་གནང་།ཞི་ཅིན་ཕིང་གིས་བསྟན་རྒྱུར། གནམ་གཤིས་འགྱུར་ལྡོག་དང་ནུས་ཁུངས་ཀྱི་གནད་དོན་ནི་མིག་སྔར་འབུར་དུ་ཐོན་པའི་གོ་ལ་རང་བཞིན་གྱི་འགྲན་སློང་ཡིན་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་རག་ལས་ཤིང་། སའི་གོ་ལའི་འབྱུང་འགྱུར་ལའང་འབྲེལ་བ་ཆེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོགས་ཤུགས་གཅིག་སྒྲིལ་གྱིས་འགྲན་སློང་ལ་ཁ་གཏད་པའ ི་འདུན་པ་དང་སྒུལ་ཤུགས་རྒྱུན་ཆད་མ ེད་པར་ཆེ་རུ་ཕྱིན་ཏེ། གཙོ་བོར་དོན་དངོས་ཀྱི་བྱེད་ཐབས་ཡོད་དགོས།གཅིག་ནས་ཁྱོན་ཡོངས་དང་དོ་སྙོམས་ཀྱི་སྲིད་ཇུས་ཀྱི་བྱ་ཐབས་སྤྱད་དགོས་སྟེ། ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཅིག་འདོམས་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་དང་དམངས་འཚོ་འགན་སྲུང་ལ་ཁ་གཏད་བྱེད་པར་ཀུན་སྙོམས་ལྟ་རྟོག་དང་། དཔལ་འབྱོར་གཙོ་གཟུགས་གཙོ་གྲས་ཀྱིས་དེའི་ཐད་ནས་མཉམ་ལས་ཤུགས་སྣོན་བྱེད་འོས། གཉིས་ནས་ཁྱོན་ཡོངས་ནས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》དང《ཕ་རི་སིའི་གྲོས་ཆིངས》ནུས་ལྡན་ངང་ལག་བསྟར་བྱེད་དགོས་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ལམ་གཙོ་བོའ ི་གོ་གནས་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་ཡིན་ཡང་དབྱེ་བའང་ལྡན་པའི་འགན་འཁྲིའི་རྩ་དོན་རྨང་རྡོ་བྱེད་པ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་བྱེད་པ། དེ་མིན་ནུས་ལྡན་བྱེད་ཐབས་ཀྱིས་ཁྲིད་སྟོན་བྱས་ཏེ་རང་ངོས་ཀྱི་བྱ་སྤྱོད་ཤུགས་སྣོན་དང་། མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། གསུམ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་བྱེད་དགོས་སྟེ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་སྔོན་སྐྱོད་སྒོས་སྔོན་ཐོན་ལག་རྩལ་གྱི་བེད་སྤྱོད་ཁྱབ་གདལ་གཏོང་འོས་ཤིང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཀྱང་དམ་བཅའ་ལག་བསྟར་ནན་མོ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1