ལྷ་གྲུ་ཨང་རྟགས་བཅུ་གསུམ་པ་བར་སྣང་དུ་བདེ་བླག་ངང་འཕུར།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04


སྤྱི་ཟླ་10པའི་ཚེས་16ཉིན་གྱི་དུས་ཚོད་0དང་སྐར་མ་23ཐོག །ལྷ་གྲུ་ཨང་རྟགས་བཅུ་གསུམ་པ་འདེགས་ཡོད་པའི་ཐེག་མདའ་རྒྱང་སྐྱོད་ཨང་གཉིས་པ་Fརྒྱང་རིང་གི་མེ་ཤུགས་འཕུར་མདའ་བཅུ་གསུམ་པ་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་དུས་བཅད་ལྟར་འཕེན་གཏོང་བྱས་པ་དང་། སྐར་ཆ་582ལྷག་ཙམ་གྱི་རྗེས་ནས། ལྷ་གྲུ་ཨང་རྟགས་བཅུ་གསུམ་པའི་མི་སྡོད་འཕུར་མདའ་དང་མེ་ཤུགས་འཕུར་མདའ་བདེ་བླག་ངང་ཁ་གྱེས་ཏེ་སྔོན་བཀོད་ཀྱི་འཁོར་ལམ་དུ་བསྐྱོད་ཅིང་། འཇིག་རྟེན་འཕུར་སྐྱོད་པ་ཀྲའེ་ཀྲི་ཀང་དང་ཝང་ཡ་ཕིང་། ཡེ་ཀོང་ཧྥུ་བཅས་བར་སྣང་དུ་བསྐྱལ་བ་དང་། འཕུར་སྐྱོད་རུ་ཁག་གི་གནས་ཚུལ་གཏན་འཇགས་ཡིན་པས་འཕུར་སྐྱོད་བདེ་བླག་ངང་ལེགས་གྲུབ་བྱུང་།འདི་ནི་རང་རྒྱལ་གྱི་མི་ཐེག་མཁའ་སྐྱོད་ལས་གཞི་འགོ་ཚུགས་ལག་བསྟར་བྱས་པའི་ཚུན་གྱི་མཁའ་སྐྱོད་ལས་འགན་ཐེངས་21པ་ཡིན་ཞིང་།བར་སྣང་ས་ཚིགས་དུས་རིམ་གྱི་མི་ཐེག་མཁའ་སྐྱོད་ལས་འགན་ཐེངས་གཉིས་པ་དེ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1