སྤྱི་ཟླ་11པའི་ཚེས་1ཉིན། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་།སི་ཁྲོན་ཞིང་ཆེན་རྩོམ་པ་པོའ ི་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཁྲེང་ཏུའུ་རུ་དབུ་ཚུགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དབུ་ཚུགས་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།ཁོང་གིས་ཞིང་ཆེན་ཡོངས་ཀྱི་རིག་རྩལ་འཐབ་ཕྱོགས་དང་རྒྱ་ཆེའི་རིག་རྩལ་ལས་དོན་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་རིག་སྒྱུ་རྩལ་ལས་དོན་ཐད་ཀྱི་འགྲེལ་བཤད་གལ་ཆེན་ལ་སློབ་སྦྱོང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཤིང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་སྲིད་ཇུས་ཇུས་ཆེན་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཚད་མཐོའ ི་ར ིག་གནས་རང་རྟོགས་དང་། གཡོ་མེད་ཀྱི་རིག་གནས་རང་རྟོན་གྱིས་བགྲོད་ལམ་གསར་པར་སྐྱོད་བཞིན། དུས་རབས་གསར་པར་བསྟོད་གླུ་འབུལ་དགོས། རིག་གནས་ཀྱི་དཔུང་ཆེན་མགྱོགས་མྱུར་འཛུགས་སྐྱོང་བྱས་ཏེ་རིག་རྩལ་གྱི་ཡང་རྩེ་གཏོད་དགོས། ཞིང་ཆེན་ཡོངས་ཀྱི་རིག་རྩལ་བྱ་གཞག་དེ་དུས་རབས་གསར་པར་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་པར་སྐུལ་འདེད་ནན་མོ་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་དང་རིག་གནས་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གསུངས་གནང་བ་རེད།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་དབུ་ཚུགས་མཛད་སྒོར་ཞུགས། ཀྲུང་གོའི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཤིས་བརྗོད་འཕྲིན་ཡིག་ཕུལ།