པཎ་ཆེན་རིན་པོ་ཆེས་མཐའ་མཚམས་མང་ཚོགས་ལ་ཞལ་འདེབས་སྒོར་ས་ཡ་གཅིག་ཕུལ།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04


སྤྱི་ཟླ་10པའི་ཚེས་29ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་ལྗོངས་གཞིས་རྩེར་དཀའ་ཆེན་གྱི་མཚན་གནས་བཞེས་རྗེས། ལས་རིགས་ཁག་གིས་ཕུལ་བའི་སྒོར་ས་ཡ་གཅིག་བོད་ཀྱི་མཐའ་མཚམས་མང་ཚོགས་ལ་ཞལ་འདེབས་ཕུལ་ནས། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་རམ་འདེགས། མཐའ་སྟོབས་མཐའ་བརྟན་བཅས་ལ་སྤྱོད་རྒྱུ་རེད། དཀའ་ཆེན་ནི་བཀྲ་ཤིས་ལྷུན་པོ་དགོན་གྱི་མདོ་ཕྱོགས་ཀྱི་མཚན་གནས་མཐོ་ཤོས་དེ་ཡིན་པ་དང་། ནང་བསྟན་སྒོམ་སྒྲུབ་ཐད་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། འབྲེལ་ཡོད་སྡེ་ཚན་ཁག་དང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། དད་ལྡན་མང་ཚོགས་བཅས་ཀྱིས་པཎ་ཆེན་རིན་པོ་ཆེར་འགྱེད་དངུལ་ཕུལ་ནས་བཀྲ་ཤིས་བདེ་ལེགས་ཞུས། པཎ་ཆེན་རིན་པོ་ཆེས་ཞལ་འདེབས་འབུལ་བའི་མཛད་སྒོ་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་འཚོགས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1