རྔ་བ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས“སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་ས་ཁོངས་འཕེལ་རྒྱས་སྔོན་སྐྱོད་རྫོང་བསྐྲུན་རྒྱུའི”འཐབ་ཇུས་དམིགས་ཚད་དོན་འཁྱོལ་གཏིང་ཟབ་བྱ་ཆེད། རྔ་བ་རྫོང་གིས་ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་ས་ཁམས་གནས་བབ་དང་དེ་བཞིན་དམིགས་བསལ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས།རྔ་བ་རྫོང་གི་ཡུལ་སྐོར་གྱི་སྤྱིའི་གཟུགས་བརྙན་ཁྱོན་ཡོངས་ནས་གཏོད་དེ། ཡུལ་སྐོར་དྲིལ་བསྒྲགས་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད།སྤྱི་ཟླ་10པའི་ཚེས་21ཉིན་ནས་ཚེས་23ཉིན་བར། རྔ་བ་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་། རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་བཅས་ཀྱིསརྫོང་པར་ལེན་མཐུན་ཚོགས་སྒྲིག་འཛུགས་བྱས་ཏེ་ཡུལ་དངོས་སུ་རོང་ཝམ་གྲོག་རོང་ཆེན་མོའི་གདོད་མའི་ནགས་ཚལ་གྱི་རི་མཐོའི་མཛེས་ལྗོངས་བར་ཁྱམས་སུ་བསྐྱོད་ནས“ཟླ་བཅུ་པར་མཛེས་སྡུག་ལྡནཔའི་སྟོན་དུས་སུ། མཛེས་སྡུག་ལྡན་པའི་རོང་ཆེན་འཚོལ་བ”ཞེས་པའི་བྱེད་སྒོ་སྤེལ།རོང་ཝམ་གྲོག་རོང་ཆེན་མོས་ཚབ་མཚོན་བྱས་པའི་རི་མཐོའ ི་གྲོག་རོང་དང་། གདོད་མའི་ནགས་ཚལ་སྐྱེ་ཁམས་མ་ལག་གི་རང་བྱུང་ཡུལ་ལྗོངས་ཁུལ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཕྲན་གལ་ཆེན་དང་རྒྱལ་མོ་རྔུལ་ཆུའི་འབྱུང་ཁུངས་ཡིན། གྲོག་རོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་2500ཡོད། དེ་ནི་རྔ་བ་རྫོང་གི་ནགས་ཁུལ་གཙོ་བོ་ཁྱབ་ཁུལ་ཞིག་ཡིན། ནགས་ཚལ་གྲོག་རོང་གི་རི་བོ་གཡང་གཟར་བ་དང་། ཆུ་བོ་དྭངས་ཤིང་གཙང་བ། དམངས་སྲོལ་གདོད་མའི་ཐོག་ནས་ཧྲེ་མོན་ཁན་གྱི་རྦབ་ཆུ་དང་། ཉ་འབྲུག་སྒོར་མཆོང་བ།ཁྲ་མཆུས་བྲག །གཅེན་གཅུང་མཁར། དཔུང་བརྐྱངས་ཟམ་པ། ཉ་ལྷའི་རྫིང་བུ་སོགས་རང་བྱུང་ཡུལ་ལྗོངས་མཐོང་རྒྱུ་ཡོད་པར། ཨ་མདོའི་རིག་གནས་དང་རྒྱལ་རོང་རིག་གནས་ཀྱི་འབྲེལ་ཐག་ལྟ་བུ་ཞིག་ཀྱང་ཡིན་ལ། རིག་གནས་གཉིས་བར་སྤེལ་རེས་དང་ཕན་ཚུན་ཤུགས་རྐྱེན་ཐེབས་པའི་རིག་གནས་ཀྱི་འབྲེལ་ཐག་ཅིག་ཀྱང་ཡིན།ད་ཐེངས་ཀྱི་འཚོལ་བསྡུ་བྱེད་སྒོ་སྤེལ་བར་བརྒྱུད། རྫོང་པར་ལེན་མཐུན་ཚོགས་ཀྱིས་རོང་ཝམ་ནགས་ཚལ་གྲོག་རོང་ཆེན་མོ་འཚོལ་ཞིབ་བྱས་ནས། རྔ་བ་རྫོང་གི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་དང་དེ་བཞིན་ཁྱབ་གདལ་གཏང་རྒྱུར་རྒྱུ་ཆ་སྤུས་ལེགས་མཁོ་འདོན་དང་། རྨང་གཞི་བཟང་པོ་བཏིང་ཡོད། །