2021ལོའི་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཟིན་བྲིས།

ཕུར་བུ་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04


ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སི་ཁྲོན་བོད་འབྲེལ་ཁུལ་དང་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱིས་སེ་འབྲུའི་འབྲས་བུ་བཞིན་དུ་དམ་དུ་ཁྱུད་ཅིང་། རྩམ་པ་བཞིན་ཏུ་རྡོག་རྡོག་བྱས། ཇ་བསྲུབས་མ་བཞིན་དུ་གཅིག་ནང་གཅིག་འདྲེས་ནས་སྤྱི་ཚོགས་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་མཁར་རྫོང་བརྟན་པོ་བསྐྲུན་པ་རེད།ད་ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་འགོ་རྩོམ་པའི་ལོ་ཡིན་ལ། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལོ་ཡང་ཡིན། སི་ཁྲོན་བོད་འབྲེལ་ཁུལ་དང་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་
ཞིང་། སྔོན་ཆད་ཆུ་ཟོམ་དེ་ད་ལྟ་ཆུ་སྦུག་འཐེན་ཡོད་ལ། མར་མེ་དེ་གློག་སྒྲོན་གྱི་ཚབ་བྱས་ཡོད། སྔོན་གྱི་ས་ལམ་ད་ལྟ་སྣུམ་ལམ་དུ་བཏང་འདུག་ལ། སྔོན་ཆད་ཆ་སྐུར་བ་དེ་ད་ལྟ་ཁ་པར་གྱིས་ཚབ་བྱས་འདུག །སྦྲ་གུར་དེ་ཐོག་ཁང་དུ་བསྒྱུར་ནས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་རྦད་དེ་འགྱུར་ནས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ། མཛེས་སྡུག་ལྡན་པའི་མི་འཚོ་སྡོད་བཅས་ཕན་ཚུན་འབྲལ་ཐབས་མེད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། སྐྱེ་ཁམས་ཁོར་ཡུག་ཐད་རི་རྒོད་ནགས་འགྱུར་དང་ནགས་ཁུལ་མཛེས་ལྗོངས་ཁུལ་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། དེ་བཞིན་ཐེངས་འདིའི་ཆེད་དོན་གཡང་གི་སྒྲ་དབྱངས་ལེ་ཚན་ནང་དཀར་མཛེས་ཁུལ་གྱི་འཕོ་འགྱུར་ལ་སྤྲོ་བས་བལྟས་ཞེས་པ་དང་རྔ་བ་ཁུལ། ཁོངས་ཡོངས་ལྗོངས་སྐོར་གྱི་ཕ་ས་སྨུག་པོ་ཞེས་པའི་རྩོམ་ཡིག་གཉིས་ཀྱི་ཐོག་ནས་2021ལོའི་སི་ཁྲོན་བོད་འབྲེལ་ཁུལ་དང་རྫོང་གི་བྱ་བཞག་ཁག་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མངོན་པ་དང་བོད་འབྲེལ་ཁུལ་དང་རྫོང་གི་གཏམ་རྒྱུད་ཡག་པོ་བརྗོད

དཀར་མཛེས་ཁུལ་གྱི་འཕོ་འགྱུར་ལ་སྤྲོ་བས་བལྟས།

སྔོ་ལྗང་ལྗང་སྤང་ཐང་སྟེང་ལ། ཁྲ་ཆེམ་ཆེམ་མེ་ཏོག་བཞད་པའི་ནམ་དུས་ཏེ། འདི་ལོའི་སྤྱི་ཟླ་བརྒྱད་པའི་ནང་། ང་རང་སླར་ཡང་དཀར་མཛེས་ཁུལ་གྱི་སེར་ཤུལ་ནས་དཔལ་ཡུལ་དང་། སྡེ་དགེ །དཀར་མཛེས། བྲག་འགོ །རྟའུ། ཉག་ཆུ། ལི་ཐང་། འབའ་ཐང་བཅས་རྫོང་ཁག་དགུ་བརྒྱུད་དེ་ཡུལ་སྐོར་ལ་ཕྱིན་པ་ཡིན། རྟ་རྒྱུག་ཞོར་མེ་ཏོག་འཐུ་ཞོར་ཞེས་པའི་དཔེ་ལྟར་ངས་འགྲོ་ཞོར་འདུག་ཞོར་ལ་དཀར་མཛེས་ཁུལ་གྱི་རྫོང་ཁག་དེ་དག་གི་འཕེལ་རྒྱས་ལ་ངམ་ངམ་ཤུགས་ཤུགས་ཀྱིས་དོ་སྣང་ཞིག་བྱུང་ལ། ང་ལ་བག་ཆགས་ཀྱང་ཟབ་མོ་ཞིག་བཞག་བྱུང་།

 གཅིག གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པར་འགྱུར་ལྡོག་ཆེ་བ།


ལི་ཐང་རྫོང་འཇའ་བ་གྲོང་རྡལ་གྱི་རྣམ་པ་གསར་པ། ཡེ་ཆང་ཕིང་གིས་པར་བླངས།


2015ལོ་དང་། 2019ལོར། ང་རང་སྔོན་རྗེས་སུ་སེར་ཤུལ་དང་། སྡེ་དགེ །དཀར་མཛེས། བྲག་འགོ།ཉག་རོང་། ལི་ཐང་། འབའ་ཐང་སོགས་ལ་ཐེངས་གཅིག་འགྲོ་མྱོང་བས། སྐབས་དེར་རྫོང་དེ་དག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད་སོགས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ལ་བསྡུར་ན་ཅུང་ཞན་པོ་རེད་འདུག།རྒྱུ་མཚན་ནི་སྔོན་མ་བོད་ལྗོངས་ལ་མེས་རྒྱལ་ནང་ཁུལ་གྱི་ཞིང་ཆེན་ཁག་གི་ཁ་གཏད་རོགས་སྐྱོར་བྱས་ཡོད་པ་དང་། དཀར་མཛེས་ཁུལ་ལ་དེ་འདྲ་མེད་པའི་དབང་གིས་ཡིན་པར་ངེས། ཐེངས་འདིར་ང་རང་སླར་ཡང་དཀར་མཛེས་ཁུལ་གྱི་རྫོང་ཁག་དགུ་ལ་འགྲོ་སྐབས། རྫོང་ཁག་དེ་དག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་ཁྱོན་དང་། འཛུགས་སྐྲུན་གྱི་སྤུས་ཚད། གྲོང་ཁྱེར་གྱི་དོ་དམ་ལ་སོགས་བོད་ལྗོངས་ཀྱི་རྫོང་ཁག་གི་རྗེས་ཟིན་ཚར་བར་མ་ཟད། ལ་ལ་ནི་བོད་ལྗོངས་ལས་བརྒལ་ཟིན་འདུག་ཅེས་ཤོད་ཆོག་པར་སྣང་། ལྷག་པར་དུ་འཛུགས་སྐྲུན་གྱི་རྣམ་པའི་ཐད་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། འཛུགས་སྐྲུན་གྱི་བཀོད་པ་རྣམས་ས་གནས་ཀྱི་ཡུལ་བབ་དང་མཐུན་ཞིང་། ཨར་སྐྲུན་སྤུས་ཚད་ལྡན་པ། དོ་དམ་གྱིས་རྗེས་ཟིན་པ། གཙང་སྦྲ་དང་ཁོར་ཡུག་མཛེས་བཟོ་སོགས་དངོས་གནས་གནམ་ས་བླ་འོག་བརྗེ་བའི་དཔེ་ལྟར་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་ཆེན་པོ་ཕྱིན་འདུག་ལ། དེས་མི་རིགས་ས་ཁུལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། ཡུལ་སྐོར་བྱ་བཞག་གོང་དུ་སྤེལ་བར་ཤ་ཐོག་མར་བརྩེགས་ལྟ་བུའི་ཡིད་དུ་འོང་བའི་མཛེས་ལྗོངས་ཆེན་པོ་ཞིག་ཁ་སྣོན་ཡང་བྱུང་འདུག


མི་ཉག་སྐྱ་གད་ལུང་པ། ཀུན་དགའ་བློ་གྲོས་ཀྱིས་པར་བླངས།


  གཉིས། མང་ཚོགས་ཀྱི་སྡོད་ཁང་སྔར་བས་མཛེས་ཉམས་ལྡན་པ།


དཀར་མཛེས་རྫོང་རྒྱུད་བཟང་ལུང་དབུལ་སྐྱོར་གནས་སྤོ་ས་ཚུགས་ཀྱི་སྡེ་མི་རྣམས་ཀྱི་ཉི་ནུས་ཆུ་སྐོལ་ཆས་སྤྱོད་བཞིན་པ། བསྟན་འཛིན་ཉི་མས་པར་བླངས།


དེ་སྔ་ང་རང་དཀར་མཛེས་ཁུལ་ལ་འགྲོ་སྐབས། བག་ཆགས་ཟབ་ཤོས་དང་ཡིད་སྨོན་ཆེ་ཤོས་ནི་མང་ཚོགས་ཀྱི་སྡོད་ཁང་གི་བཟོ་བཀོད་དང་། ཚོན་རྩི་སོགས་ཁྱད་ཆོས་འབུར་དུ་ཐོན་པ་དེ་ཡིན་པ་དང་།སྐབས་དེ་དུས་ནས་མང་ཚོགས་ཀྱི་སྡོད་ཁང་གི་སྤྱིའི་བཀོད་པ་དང་། ཨར་སྐྲུན་གྱི་ཁྱད་ཆོས། ཨར་སྐྲུན་གྱི་གྲུབ་ཆ། ཚོན་རྩི་སྤེལ་སྟངས་སོགས་རང་བྱུང་ཁམས་དང་ཡོངས་སུ་མཐུན་ཞིང་། བརྗིད་ཉམས་ལྡན་ལ།མཛེས་སྡུག་ཡིད་དབང་འཕྲོག་པ་ཞིག་ཏུ་མཐོང་བྱུང་།ཐེངས་འདིར་རྫོང་ཁག་དང་ས་གནས་གང་ཞིག་ལ་བསྐྱོད་ཀྱང་མང་ཚོགས་ཀྱི་སྡོད་ཁང་སྔར་བས་མཛེས་ཉམས་ལྡན་པ་ཞིག་ཏུ་གྱུར་འདུག་ལ། ས་གནས་རེ་རེ་བཞིན་དུ་ས་གནས་དེ་གའི་རང་བྱུང་ཁོར་ཡུག་དང་ཡོངས་སུ་མཐུན་ཞིང་། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། ཨར་སྐྲུན་གྱི་གྲུབ་ཆ་དང་། བཟོ་བཀོད། ཚོན་རྩི་སོགས་ས་གནས་རེ་རེ་བཞིན་སྤྱིར་ན་གཅིག་གྱུར་ཡིན་ཞིང་། དོ་མཉམ་ལ་ཉམས་དགའ་བ་དང་། མིག་ལ་མཛེས་ཤིང་ཡིད་དབང་འཕྲོག་པ།དངོས་གནས་ཡུལ་ལུང་གི་མཛེས་རྒྱན་དང་། བོད་ཀྱི་སྡོད་ཁང་ཨར་སྐྲུན་གྱི་དངོས་མང་བཤམས་སྟོན་ཁང་ཆེན་པོ། ཡུལ་སྐོར་འགྲོ་སའི་མཛེས་ལྗོངས་བླ་ན་མེད་པ་བཅས་ལ་མངོན་བཞིན་འདུག །ང་རང་གི་མཐོང་སྣང་དུ་ཡུལ་ལུང་རེ་རེ་བཞིན་ལ་ཁང་པའི་བཟོ་ལུགས་ཐད་ཡིག་ཐོག་ཏུ་མ་འཁོད་པའི་གཅིག་གྱུར་གྱི་གཏན་འབེབས་ཤིག་ཡོད་པ་ལྟ་བུར་མཐོང་ལ། དེ་བཞིན་ཁང་པའི་ཚོན་རྩི་རྣམས་ཀྱང་ཧ་ལམ་ལོ་གཉིས་གསུམ་རེའི་མཚམས་སུ་གཅིག་གྱུར་གྱིས་ཉམས་གསོ་རེ་བྱེད་བཞིན་ཡོད་པ་ལྟ་བུར་སྣང་། གང་ལགས་ཞེ་ན། ང་རང་ས་གནས་དེ་དག་ཏུ་ག་དུས་ཕྱིན་ཀྱང་ཁང་པའི་ཚོན་རྩི་རྣམས་ད་ལྟ་གསར་དུ་བཏང་བ་ལྟ་བུར་མངོན་པ་ལས། ཉི་འོད་དང་ཆར་རླུང་གིས་གཙེས་ཏེ་མདོག་ཡལ་བ་དང་། ཚོན་རྩི་དོ་མི་མཉམ་པར་གྱུར་པའི་མངོན་ཚུལ་གཏན་ནས་མཐོང་མ་བྱུང་། དངོས་གནས་མང་ཚོགས་ཀྱི་སྡོད་ཁང་དེ་དག་ནི་ནང་ལ་སྡོད་མཁན་སྣང་བ་སྐྱིད་ཅིང་། ཕྱི་ནས་བལྟས་ན་ཡིད་དབང་འཕྲོག་པ་འབའ་ཞིག་འདུག །


ཉག་རོང་བོད་ཁྱིམ་གྱི་ནང་གི་བཟོ་བཀོད། མི་ཧུང་ཝེ་ཡིས་པར་བླངས
 གསུམ། ས་གནས་རང་ཉིད་ཀྱི་མང་ཚོགས་ཚོང་རའི་འགྲན་བརྩོན་ནང་ཞུགས་ཚད་མཐོ་བ།



ཆུ་ཚན་འཁྲུས་ཁང་ཕྱགས་བདར་བྱེད་བཞིན་པའི་ཨ་མ་རྒན་མོ། ཡིའུ་ཅན་ཀྲུང་གིས་པར་བླངས།
རྫོང་དེ་དག་གི་གྲོང་ཁྱེར་དང་གྲོང་རྡལ་གང་དུ་བསྐྱོད་ཀྱང་དེ་དག་ཏུ་ཡོད་པའི་མགྲོན་ཁང་དང་།ཚོང་ཁང་། ཟས་ཁང་ཕལ་ཆེ་བའི་སྦྱིན་བདག་དང་།གཉེར་སྐྱོང་བ་ནི་ས་གནས་དེ་ག་རང་གི་མི་ཡིན་འདུག་པས། དེ་ནི་ཁམས་ཁུལ་གྱི་མི་རྣམས་ལ་ཚོང་གཉེར་ལ་ཞུགས་པའི་སྐྱེས་ཐོབ་ཀྱི་འཇོན་ཐང་ཞིག་ཡོད་པ་ཡིན་ནམ། ཡང་ན་ས་གནས་དེ་དག་གི་ཏང་སྲིད་ལས་ཁུངས་ཁག་གིས་ས་གནས་རང་ཉིད་ཀྱི་མི་རྣམས་ལ་ཚོང་རར་འགྲན་ཞུགས་བྱེད་པའི་འབོད་སྐུལ་དང་། རོགས་སྐྱོར་གྱི་དམིགས་བསལ་སྲིད་ཇུས་ཡོད་པ་རྒྱུ་རྐྱེན་གང་ཞིག་གིས་བྱུང་བ་ཡིན་པ་ཆ་མ་འཚལ་ཡང་། གང་ལྟར་ས་གནས་རང་ཉིད་ཀྱི་མིས་ཚོང་རའི་འགྲན་བརྩོན་ནང་ཞུགས་ཚད་ཧ་ཅང་མཐོན་པོ་ཡོད་པར་ང་རང་ཡིད་སྨོན་ཆེན་པོ་སྐྱེས་བྱུང་། དེ་ནི་རྒྱའི་ཁ་དཔེར། དཔོན་གནས་གཅིག་གིས་ཡུལ་དེར་བདེ་སྐྱིད་སྐྲུན་ཞེས་སུ་གྲགས་པ་དེ་དོན་ལ་བབ་པ་ཞིག་ཀྱང་རེད་འདུག་ཅིང་། སྲིད་གཞུང་གི་ལས་ཁུངས་གང་ཞིག་ཡིན་རུང་དེ་དག་གིས་ས་གནས་ཀྱི་མང་ཚོགས་བདེ་སྐྱིད་བསྐྲུན་རྒྱུ་ཨང་དང་པོར་འཇོག་པ་ན ི་འོས་པ་ཞ ིག་ར ེད་ལ་དགོས་ང ེས་ཤ ིག་ཀྱང་ར ེད།དེ་བཞིན་ས་གནས་གང་ཞིག་ཡིན་རུང་ས་གནས་དེ་གའི་མིས་གཞན་ལ་སྒུག་རྟེན་སློང་གསུམ་མི་བྱེད་པར། དཀའ་སྤྱད་ལས་བརྩོན་དང་། རང་སྟོབས་རང་སྤེལ་བྱས་ཏེ། རང་ཚུགས་ཀྱིས་དཔའ་ངར་ཆེན་པོས་ཕྱུག་འགྱུར་ལམ་དུ་བསྐྱོད་པ་དེ་ནི་ལས་ལ་བརྩོན་པའི་མཚོན་རྟགས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་ལ་མངའ་བའི་སྲོལ་རྒྱུན་བཟང་པོ་ཞིག་ཀྱང་རེད


  བཞི། སེམས་པ་བཟང་ལ་བག་ཆགས་ལྡན་པའི་མི་སེར

།སྔོན་མ་དབུས་གཙང་ཕྱོགས་ཀྱི་མི་རྣམས་ཀྱིས་ཁམས་ཕྱོགས་ཀྱི་མི་ཕལ་ཆེ་བ་ནི་གཤིས་རོ་གྱོང་ལ་རྒྱུ་མཚན་ཤོད་ས་མེད་པ་ཞིག་ཡིན་པར་ངོས་འཛིན་བྱེད་སྲོལ་ཡོད། དེ་ནི་ཕལ་ཆེར་དུས་རབས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་ཡིན་ངེས་རེད། ཉེ་ལམ་ང་རང་ཁམས་ཕྱོགས་སུ་སྔ་རྗེས་སུ་ཐེངས་འགའ་སོང་བའི་སྐབས་སུ། དེ་གའི་མི་རྣམས་ནི་སེམས་པ་བཟང་ཞིང་བག་ཆགས་ལྡན་པ་ཞིག་ཡིན་པའི་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། དཔེར་ན་ཡུལ་ལུངདང་། འགྲོ་ལམ། ཅ་དངོས་སོགས་བཀའ་འདྲི་ཞུ་སྐབས།དེར་མཛུབ་མོ་རི་སྟོན་གྱིས་ངོ་སྤྲོད་བྱེད་པ་ཙམ་མ་ཡིན་པར། ཞིབ་ཅིང་ཕྲ་བའི་སྒོ་ནས་ངོ་སྤྲོད་ཁ་གསལ་བྱེད་པར་མ་ཟད། ཐ་ན་ཐད་ཀར་དེའི་མདུན་དུ་ཁྲིད་རོགས་ཀྱང་བྱེད་མཁན་མང་པོ་ཐུག་བྱུང་། དེས་ན་ས་ཕྱོགས་དེར་སྤྱི་ཚོགས་ཡར་ཐོན་དང་། མི་རྣམས་ཀྱི་སེམས་སུ་ཡ་རབས་ཀྱི་དཔལ་ཡོན་རབ་ཏུ་བཞད་ཡོད། དེ་གའི་མི་སེར་རྣམས་ནི་སེམས་པ་བཟང་ལ་བག་ཆགས་ཚུལ་ལྡན་འབའ་ཞིག་ཡིན་པའི་ཚོར་སྣང་གཏིང་ཟབ་བྱུང་། །
 རྔ་བ་ཁུལ། ཁོངས་ཡོངས་ལྗོངས་སྐོར་གྱི་ཕ་ས་སྨུག་པོ།


སྟོན་གཞུང་གི་རྔ་ལྗོངས་ཕྱུག་མོ། གནམ་སྔོན་མོ་ཐང་ལ་བཏིང་བ་ལྟར་ལྗང་ལྟེམས་ལྟེམས། སྔོ་ཡུག་ཡུག་བྱེད། སྐྲ་ལོ་ཅོད་པན་གྱིས་བརྒྱན་ཞིང་། ལུས་ལ་རྒྱལ་རོང་གི་ལྭ་བ་གོན་པའི་བུད་མེད་ཅིག་གིས། ཞིམ་མངར་འོ་ཇ་ཕོར་གང་གི་ཁ་ལ་རླངས་པ་འཁོར་བཞིན། རྩམ་གོར་སྡེར་གང་བཏེགས་ནས་ཕྱོགས་བཞིའི་མགྲོན་པོར་དགའ་བའི་འཛུམ་གྱིས་བསུ་མར་བྲེལ། དེ་ནི་ལོ་ན་68ལ་སོན་པའི་ཁྲོ་ཆུ་རྫོང་ཞང་ཞུང་སྡེ་པའི་སྒྲོལ་མ་རེད། སྔོན་ཆད། མོ་ཚང་གིས་གྲོ་ནས་དང་ཞོག་ཁོག་གཙོར་གྱུར་པའི་རྨོ་འདེབས་ཀྱི་འཚོ་བ་རོལ་བཞིན་ཡོད་ཀྱང་། དེང་སང་། ཁོངས་ཡོངས་ལྗོངས་སྐོར་གྱི་འགྲོས་དང་བསྟུན་ནས་མོ་ཚང་དང་སྡེ་མི་གཞན་དག་གིས་དམངས་སྲོལ་མགྲོན་ཁང་སོགས་གཉེར་བ་ནས་བཟུང་། “བཅུད་བཟང་ལྗོངས་སྐོར་ཟས་མཆོག”ལོངས་སུ་སྤྱད་དང་སྤྱོད་བཞིན་མཆིས། དུས་རབས་ཉི་ཤུ་པའི་ལོ་རབས་70པའི་མཇུག་ཏུ། ད་གཟོད་རྔ་བ་ཁུལ་དུ་ལྗོངས་སྐོར་ལས་རིགས་དར་ཞིང་། བགྲང་བྱ་40ལྷག་རིང་གི་འཕེལ་རྒྱས་དང་ལག་ལེན་ལ་བརྟེན་ནས། ལྗོངས་སྐོར་ཐོན་ལས་དེ་ཡང་སྣེ་ལེན་རྣམ་པ་ནས་ཐོན་ལས་རྣམ་པ། དེ་ནས་འཐབ་ཇུས་ལྡན་པའི་ཀ་རྟེན་ཐོན་ལས་བཅས་ཏེ་འཕེལ་རིམ་ཆེན་པོ་གསུམ་བྱུང་། 2018ལོའི་ཟླ་8པར། རྔ་བ་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ(རྒྱལ་ཁབ་ཀྱི་སྐྱེ་ཁམས་བདག་སྐྱོང་དཔེ་སྟོན་གླིང་དང་རྒྱལ་ཁབ་ཀྱི་ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་གླིང་ལ་གླིང་གཉིས་ཞེས་བྱའོ།)ཞེས་པའི་འཐབ་ཇུས་དམིགས་འབེན་བཏོན་པར་མ་ཟད། སྒྲིབ་གཅིག་རྒྱུད་བཞི་དང་ཁོངས་ཡོངས་སྐྱེ་ཁམས། གནས་གསུམ་མཉམ་སྐྲུན། ལས་ལྔ་མཉམ་དར་ཞེས་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་གླིང་འཛུགས་སྐྲུན་གྱི་ཐབས་ལམ་གསལ་པོར་བསྟན་འདུག །
  ཡུལ་སྡེའི་མགྲོན་ཁང་མང་དུ་བསྐྲུན། མང་ཚོགས་ཕྱུག་ཅིང་འཚོ་བ་སྐྱིད།


རྒྱལ་ལམ་213གྱི་ཧུང་ཡོན་དང་མཛོད་དགེའི་ལམ་བར་གྱི་སྦྲ་གུར་ཡུལ་སྐོར་སྣེ་ལེན་བྱེད་གནས་ལས་མང་ཚོགས་ལ་ཡོང་འབབ་བསྐྲུན། བསྟན་འཛིན་ཉི་མས་པར་བླངས།
ཆགས་སྒོ་ཁོག་གི་ནགས་ཁྲའི་ཀློང་དུ་ཞང་ཞུང་སྡེ་པ་ཆགས་ཡོད་ལ། དུད་ཁྱིམ་མང་པོས་མགྲོན་ཁང་དང་ཟ་ཁང་། ཇ་གསོལ་ངལ་གསོ་ཁང་སོགས་གཉེར་བཞིན་པ་ནི་མངའ་ཁོངས་ཀྱི་འཆར་གཞི་ལྟར་གོ་རིམ་ལྡན་ལ། སྡེ་མི་རྣམས་ཀྱི་ལུས་སུ་རྒྱལ་རོང་གི་ཁྱད་ཆོས་ལྡན་པའི་ལྭ་བ་གོན་ཞིང་རྒྱན་ཆ་བཏགས་ཏེ། དགའ་བའི་འཛུམ་གྱིས་ཕྱོགས་བཞིའི་སྐུ་མགྲོན་ལ་བསུ་མ་བྱེད་བཞིན་འདུག །གནའ་སྔ་མོར། ཞང་ཞུང་སྡེ་པར་འགྲོ་འོང་སྟབས་མི་བདེ་ཞིང་བཅའ་ལག་སྐྱེལ་འདྲེན་ཡང་མི་ཤུགས་དང་རྟ་གཡག་ལ་བརྟེན་དགོས་ཤིང་། ས་ཤུད་རྡོ་འགྲིལ་སོགས་ས་གཤིས་གནོད་འཚེས་དམངས་ཀྱི་སྡོད་ཁང་མང་དུ་བརླགས་མྱོང། སྒྲོལ་མས་སྐབས་དེར་འཚོ་བ་ཧ་ཅང་ཐབས་རྡུགས་ཤིག་ཡིན། རྒྱལ་ལམ་347པའི་དཔྱངས་ཟམ་ནས་སྡེ་པར་འགྲོ་ན། རྐང་ཐང་དུ་དུས་ཚོད་2ལ་སོང་ན་ད་གཟོད་ཐོན་ཐུབ། དེང་སང་ཡིན་ན། ཞང་ཞུང་སྡེ་པའི་དུད་ཁྱིམ་ཚང་མ་མཉམ་དུ་གནས་སྤར་ཅིང་། འཚོ་བའི་ཆུ་ཚད་ཀྱང་ཇེ་བཟང་ཇེ་ལེགས་སུ་སོང་ཡོད། ངེད་ཚང་ལ་མཚོན་ན། གཞིས་ཁང་གསར་པ་ནས་དམངས་སྲོལ་མགྲོན་ཁང་གཉེར་བཞིན་ཡོད་པར་མ་ཟད། ནམ་རྒྱུན་མཛེས་ལྗོངས་ལྟ་སྐོར་ས་ཚིགས་ནས་བོད་ཀྱི་འཚེམ་འདྲུབ་ཐོན་རྫས་ཀྱང་བཙོང་བ་ཡིན། དེའི་ཁར་ནོར་གནག་ཁ་ཤས་བཙོང་ན། ལོ་རེའི་ཡོང་འབབ་ལ་སྒོར་ཁྲི་བཅུ་ལྷག་ཡོད་ཅེས་བཤད།ཟུང་ཆུ་མཁར་ནས་ལམ་ལ་ཆསཤིང་། རི་དང་ལུང་པ་འཕྲེད་ཀྱིས་བཅད་དེ་དུས་ཚོད་གཉིས་ཙམ་ལ་སོང་བ་ན། ལམ་སྣེ་རུ་བལྟས་ན་མཛེས་ཤིང་སྡུག་པའི་རུ་སྡེ་ཕྲ་མོ་ཞིག་ཆགས་འདུག །དེ་ནི་མཁར་ཆུང་སྟོད་པ་རེད། རྒྱང་རིང་དུ་ཤར་དུང་རིའི་རྩེ་མོ་སྤྲིན་ལ་འཁྱུད་ཅིང་། ཉེ་འགྲམ་གྱི་ནགས་ཚལ་གྱི་ཀླུང་ནས་ལོ་འདབ་ཤ ིག་ཤ ིག་ཏུ་ལྡ ེམ་ཞ ིང་གཡོ། ཁོད་ཡངས་པའི་སྤང་ཐོག་ཅིག་ཏུ། སྒྱུ་འཕྲུལ་གྱི་ཞིང་ཁམས་ལྟ་བུའི་ནགས་ཀླུང་གི་ཤིང་ཁང་རེ་རེ་ལྷོད་ཀྱིག་གེར་གནས།ང་ཚོའི་བྱ་བ་ནི་དམངས་སྲོལ་མགྲོན་ཁང་ཁོ་ན་ཙམ་མིན་པར། སྡེ་པ་ཞིག་གི་ལྗོངས་སྐོར་ཡིན་པས། སྡེ་མི་ཀུན་ལ་ལས་ཞུགས་དང་ཡོང་འབབའཚོལ་བའི་གོ་སྐབས་སྤྲད་དེ། དམངས་སྲོལ་མགྲོན་ཁང་འདིར་བརྟེན་ནས་སྡེ་མིའི་འཚོ་བ་ཇེ་བཟང་ཇེ་ལེགས་སུ་བསྒྱུར་བ་ནི་རིན་ཐང་ཤིན་ཏུ་ཆེ་བའི་དགེ་ལས་ཤ ིག་མ་ཡ ིན་ནམ་ཞ ེས་དུང་ར ིའ ི་དམངས་སྲོལ་གྲོན་ཁང་གི་སྲོལ་འབྱེད་པ་ལའོ་ཧའེ་པིན་གྱིས་བཤད། རྒྱུས་ལོན་པ་ལྟར་ན། དམངས་སྲོལ་མགྲོན་ཁང་འདི་ལ་ནགས་ཀླུང་གི་ཤིང་ཁང་7དང་ཐོག་ཁང་ཆེན་མོ་1 སྤྱི་སྤྱོད་འདུ་ར་སོགས་སྒྲིག་ཆས་ཆ་ཚང་ཞིང་ཞབས་ཞུ་བཟང་། ཡུལ་དེའི་སྡེ་མི་རྣམས་ཀྱིས་ལོ་མཇུག་ཏུ་མགྲོན་ཁང་གི་ཡོང་འབབ་བགོ་ཆོག་པར་མ་ཟད། གླ་ཡོན་དང་ལྗོངས་སྐོར་ལ་འབྲེལ་བའི་ཡོང་འབབ་གཞན་དག་ཀྱང་ཡོད། 2020ལོའ ི་ཟླ་6པ་ནས་2021ལོའི་ཟླ5པའི་ཟླ་མཇུག་བར། དུང་རིའི་དམངས་སྲོལ་མགྲོན་ཁང་འདིས་མཁར་ཆུང་སྟོད་མར་ཡོང་འབབ་སྒོར་ཁྲི་35.7བསགས་ཡོདརྟ་ཕོས་ཉིན་བརྒྱར་མི་ཆོད་པའི་མཐའ་ཡས་པའི་སྤང་ལྗོངས་སུ། རང་གི་ཁམས་མཐུན་གྲོགས་པོ་དང་ལྷན་དུ་འཛོམས་ནས་ཤ་མར་ཐུད་གསུམ་དང་འོ་ཇ་མངར་མོ་རོལ་བཞིན་དགའ་བདེའི་དཔལ་ལ་རོལ་ན་ཇི་འདྲའི་སྐྱིད་ཨང་། ཁྱུང་མཆུའི་སྤང་ལྗོངས་ན་སྐར་ཚོགས་བཞིན་དུ་འཚེར་བའི་སྦྲ་གུར་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྡེའི་མགྲོན་ཁང་ཞིག་མིག་ལམ་དུ་ཤར་འོངས།རྒྱུས་ལོན་པ་ལྟར་ན། དེ་ནི་ཀྲེ་ཅང་ཝུན་ཀྲོའུ་ཅིན་ལན་རིག་གནས་ལྗོངས་སྐོར་ཚོང་ཚོགས་ཀྱིས་བསྐྲུན་པའི་དབུལ་སྐྱོར་རྣམ་གྲངསུཐེབའིཡུལ་སྡེའི་མགྲོན་ཁང་ཞིག་ཡིན་ལ། ཚོང་ཚོགས་དེས་ལོ་20རིང་ལ་གླ་གཉེར་བྱས་ཏེ། སྡེ་པ་དེར་ལོ་རེར་གླ་ཡོན་དུ་སྒོར་འབུམ་གཉིས་སྤྲད་དགོས་ཤིང་། ལོ་འཁོར་5རེ་ནི་གླ་ཡུན་རེ་ཡིན་ལ།ཆ་5འཕར་རྒྱུ་རེད།གླ་ཐེངས་རེར་གླ་ཡོན་བརྒྱ་མགྲོན་ཁང་གི་བདག་པོ་ཝུའུ་མུང་ཅུན་གྱིས་ད་བར་དུ་སྡེ་པའི་ཐུན་མོང་དཔལ་འབྱོར་ལ་སྒོར་འབུམ་ལྔ་སྤྲད་པར་མ་ཟད། མགྲོན་ཁང་གི་དོ་དམ་པ་ལས་གཞན་ལས་བཟོ་པ་ཚང་མ་ཡུལ་སྡེའི་འབྲོག་པ་རྣམས་ཡིན་ལ། མི་རེའི་ཟླ་རེའི་ཡོང་འབབ་ལ་སྒོར་3000ལྷག་ཡོད་ཅེས་བཤད།



སྦྲ་གུར་དང་ཁྱད་ལྡན་བོད་ཟས། བསྟན་འཛིན་ཉི་མས་པར་བླངས།
 རིག་གནས་མཛེས་ལྗོངས་མཉམ་དུ་སྤེལ།དམངས་ཀྱིས་སྐྱེ་ཁམས་ཟས་མཆོག་རོལ།



རོང་ཝམ་ནགས་ཚལ་གྲོག་རོང་ཆེན་མོ། ཡོན་ཏན་གྱིས་པར་བླངས།

མཛོད་དགེ་གླིང་དཀར་སྟོད་དུ། བྱ་ཚོགས་མཁའ་ལ་རྩེན། ཉ་མོ་ཆུ་ལ་རོལ། མེ་ཏོག་མཚོ་ཁར་གཡེང་། ཞེས་པའི་བཤད་རྒྱུན་ལྟར། རྨ་ཁུག་དང་པོ་དང་ན་ཐང་ཡངས་པོ། མཚོ་མཚེའུ་སོགས་རང་བྱུང་གི་མཛེས་པས་ཀུན་གྱི་ཡིད་དབང་འཕྲོག་པར་བྱེད།མཛོད་དགེ་རྫོང་ནི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་ནས་མཚོ་བོད་མཐོ་སྒང་གི་འབྲེལ་མཚམས་སུ་གནས་ཤིང་། གནམ་གཤིས་ཀྱི་འགྱུར་བ་རྒོད་ཅིང་སྐྱེ་ཁམས་ཁོར་ཡུག་ཞན་པ། ས་ཆུ་མང་དུ་ཤོར་བ་སོགས་ཀྱ ི་དབང་ག ིས་རྨ་ཆུ་བཞུར་རྒྱུད་ཀྱ ི་རང་བྱུང་སྐྱེ་ཁམས་ལ་གཏོར་བརླག་ཐེབས་ཡོད། དེར་བརྟེན། མཛོད་དགེ་རྫོང་གིས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་འཚོ་བཀག་རྩྭ་གསོ། བྱེ་འགྱུར་སྒྲིག་བཅོས། བྱེ་འགྱུར་སྔོན་འགོག །ན་ཐང་སྲུང་སྐྱོང་སོགས་ཀྱི་སྐྱེ་ཁམས་ལས་གཞི་སྣ་ཚོགས་ལག་ཏུ་བསྟར་བས། 2011ལོར་ས་ཆུ་ཤོར་ཚད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་2168.4ཡིན་ནའང་།2020ལོར་ས་ཆུ་ཤོར་ཚད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་912.88ཡིན་ལ། 2011ལོ་དང་བསྡུར་ན་ས་ཆུ་ཤོར་ཚད་ཀྱི་རྒྱ་ཁྱོན་བརྒྱ་ཆ་57.9ཇེ་ཉུང་དུ་སོང་ཡོད།མཛོད་དགེ་རྫོང་ཆུ་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕེང་ཀྲི་ཆང་གིས། ཉེ་བའི་ལོ་ཤས་རིང་། གྲོན་དངུལ་སྒོར་དུང་ཕྱུར་2.3བཏང་སྟེ་ཆུ་རགས་སྤྱི་ལེ་28.8གསར་དུ་བསྐྲུན་པ་དང་ཕྱོགས་བསྡུས་སྒྲིག་བཅོས་བྱས་པའི་གཙང་པོའ ི་རིང་ཚད་ལ་སྤྱི་ལེ་43ཡོད་པས། རྨ་ཆུ་བཞུར་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་ནུས་པ་ཇེ་མཐོར་སོང་ཡོད་ཅེས་བཤད། རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ཇེ་ལེགས་སུ་སོང་སྟེ།མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་ཇེ་དྲག་ཏུ་སོང་ཡོད།དེང་སང་མཚོ་ཁྱ་ཁྲེབ་ཀྱི་སྐྱེ་ཁམས་འདི་འདྲ་ལེགས་པ་ནི། ཁོར་སྲུང་བ་རྣམས་ཀྱིས་ལོ་ངོ་20ལྷག་རིང་ལ་འབད་པ་ལྷོད་མེད་བྱས་པའི་འབྲས་བུ་རེད་ཅེས་བསོད་ནམས་རྡོ་རྗེས་གསར་འགོད་པར་བཤད་བྱུང་། མཚོ་ཁྱ་ཁྲེབ་སྲུང་སྐྱོང་བྱས་པ་ནས་བཟུང་། མཚོ་ཆུ་ལི་སྨི་30ཇེ་ཟབ་ཏུ་སོང་ཞིང་། ན་ཐང་གི་མཚེའུ་ངོས་རྒྱ་ཁྱོན་ནི་སྔོན་ཆད་ཀྱི་སྤྱི་ཆིངས་215ནས་སྤྱི་ཆིངས་650བར་དུ་རྒྱ་ཇེ་ཆེར་སོང་བ་དང་། མཚེའུ་འགྲམ་གྱི་ན་ཐང་སྤྱི་ཆིངས་892སླར་གསོ་བྱུང་ཡོད། དེ་ནི་ཁྲུང་ཁྲུང་རྐེ་ནག་དང་བྱ་ངང་པ་སོགས་འདབ་ཆགས་སྣ་ཚོགས་འཚོ་ཞིང་གནས་པའི་གླིང་ཀ་ཞིག་ཏུ་གྱུར་འདུག །



རོང་ཝམ་གྲོག་རོང་གི་སྟོན་ལྗོངས། ཡོན་ཏན་གྱིས་པར་བླངས། 


ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ལྗོངས་སྐོར་མཉམ་འདྲེས་དང་ལུས་རྩལ་ལྗོངས་སྐོར་མཉམ་འདྲེས་ཡོངས་སུ་སྤེལ་ནས་རྫོང་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་ཇེ་ལེགས་སུ་བསྒྱུར་ནས། 2020ལོར་མའོ་རྫོང་གིས་སྐུ་མགྲོན་མི་ཐེངས་ཁྲི་367.14ལ་སྣེ་ལེན་བྱས་ཏེ། དུས་མཉམ་དང་བསྡུར་ན་བརྒྱ་ཆ་21.41འཕར་བ་དང་། ལྗོངས་སྐོརཡོང་འབབ་སྒོར་དུང་ཕྱུར་31.48ཐོབ་སྟེ། དུས་མཉམ་དང་བསྡུར་ན་བརྒྱ་ཆ་40.62འཕར་ཡོད།གཟི་རྩ་སྡེ་དགུ་རྫོང་ཧྲོང་ཧོ་གྲོང་རྡལ་ལུའོ་དབྱི་སྡེ་པར་གཟི་རྩ་སྡེ་དགུའི་ལྗོངས་སྐོར་སྤྲོ་གསེང་གླིང་ཞིག་བསྐྲུན་ཡོད་ལ། སྐྱེ་ཁམས་ལྗོངས་སྐོར་དང་རིག་གནས་མྱོང་རོལ། སྤྲོ་གསེང་ངལ་གསོ་བཅས་གཞི་གཅ ིག་ཏུ་འདུས་པའ ི་ལྗོངས་སྐོར་རྣམ་པ་ཞ ིག་ཡ ིན།སྤྲོ་གས ེང་གླ ིང་ག ི་ཚ ོང་བདག་ཁྲ ེན་ཁའ ེ་པ ིན་གྱ ིས།མིག་སྔར་སྤྲོ་གསེང་གླིང་གིས་ཁམས་གསོ་དང་རྒུན་ཆང་གཙ ོ་བོར་གྱུར་པའ ི་ཁམས་གསོའ ི་ལྗོངས་སྐོར་གཟའ་འཁོར་ཞེས་པའི་ལྗོངས་སྐོར་ཐོན་རྫས་ཚོང་འགྲ ེམ་བྱས་ཤ ིང་། རྗེས་སུ་ལྗོངས་སྐོར་བྱེད་ཐབས་སྣ་ཚོགས་སྤེལ་ནས་སྐུ་མགྲོན་རྣམས་ཀྱི་འདོད་པའི་རེ་བབསྐང་རྒྱུ་ཡིན་ཞེས་བཤད།སྤྲོ་གསེང་གླིང་གི་ལས་སྒྲུབ་མི་སྣ་ལི་ཧོང་ནི་ཡུལ་དེ་གའི་སྡེ་མི་ཞིག་ཡིན་ལ། མོས་སྔོན་ཆད་ཡུལ་འདི་ནི་ནགས་ཚལ་གྱི་ཀློང་ཆེན་པོ་ཞིག་ཡིན་མོད། ད་ལྟ། སྤྱི་གཉེར་ཁང་ཐོན་ནས་ཇེ་མཛེས་ཇེ་ལེགས་སུ་བསྒྱུར་ཡོད། ངས་འདི་ནས་ལས་ཀ་བསྒྲུབ་ན་སྟབས་བདེ་ལ་ཡུལ་གཞན་དུ་གླ་པར་འགྲོ་མི་དགོས་པར་མ་ཟད། རང་གི་བུ་ཕྲུག་ལ་ལྟ་སྐྱོང་ཐུབ་ཅིང་ཡོང་འབབ་ཀྱང་བཟང་པོ་འདུག་ཅེས་བཤད།ད་ལྟ། གཟི་རྩ་སྡེ་དགུ་རྫོང་གིས་སི་ཁྲོན་ཞིང་ཆེན་མི་རིགས་ས་ཁུལ་གྱི་རྒྱལ་ཁབ་ཁོངས་ཡོངས་ལྗོངས་སྐོར་གྱི་དཔེ་སྟོན་ཁུལ་དང་པོར་བཏོད་ཡོད་ལ།ཝུན་ཁྲོན་རྫོང་དང་ཟུང་ཆུ་རྫོང་། ལི་རྫོང་བཅས་ཀྱིས་ཞིང་ཆེན་རིམ་པའི་ཁོངས་ཡོངས་ལྗོངས་སྐོར་གྱི་དཔེ་སྟོན་ཁུལ་བཏོད་ཡོད། རྫོང་ཁག(གྲོང་ཁྱེར)གཞན་དག་ཕལ་ཆེར་ཞིང་ཆེན་རིམ་པའི་ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་ཁུལ་གྱི་གསར་སྐྲུན་སྡེ་ཚན་དུ་གྱུར་པར་མ་ཟད། རིག་གནས་ལྗོངས་སྐོར་སྤུས་རྟགས་ལའང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། རྔ་བ་ཁུལ་ལ་མཛེས་ལྗོངས་A5རིམ་པ་3དང་A4རིམ་པ་24། A3རིམ་པ་20བཅས་ཡོད་ལ། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ལྗོངས་སྐོར་དཔེ་སྟོན་གླིང་1དང་། ཞིང་ཆེན་རིམ་པའི་སྐྱེ་ཁམས་ལྗོངས་སྐོར་དཔེ་སྟོན་གླིང་6ཡོད། རྒྱལ་ཡོངས་ཀྱི་ཡུལ་སྡེ་ལྗོངས་སྐོར་གཙོ་རྟེན་གྲོང་སྡེ་2། སྤོས་ལྡན་ལྗོངས་སྐོར་མིང་གྲགས་ཅན་གྱི་རྫོང་ཁག་2དང་གྲོང་རྡལ་3ཡོད། ཞིང་ཆེན་རིམ་པའི་ལྗོངས་སྐོར་སྤྲོ་གསེང་གླིང་2དང་ཁུལ་རིམ་པའི་ལྗོངས་སྐོར་སྤྲོ་གསེང་གླིང་30བཅས་ཡོད། །


མི་ཡུལ་གྱི་དག་ཞིང་། མི་ལིན་གྱིས་པར་བླངས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1