མཚོ་སྔོན་ནས་སྐྱེ་ཁམས་ཡུལ་སྐོར་ལ་རོལ་མྱོང་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-18


        མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཡུལ་ཡིན་ལ། ཆུ་གསུམ་འབྱུང་ཡུལ་ལ“ཀྲུང་ཧྭའི་ཆུ་ལྕོག”གི་མཚན་སྙན་བསྩལ་ཡོད། སའི་གོ་ལའི“སྣེ་གསུམ་པར”འགྲེང་ཞིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། མཚོ་སྔོན་གྱིས་སེམས་མཐུན་སྟོབས་སྒྲིལ་སྒོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་ཅི་ཐུབ་དང་།སྐྱེ་ཁམས་དཔལ་ཡོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ཅི་ཐུབ་བྱས།
        ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་ལྟར། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྐྱེ་ཁམས་ཁོར་སྲུང་། རིམས་ནད་སྔོན་འགོག་ཚོད་འཛིན། ཚོང་ཁྲོམ་སྒྲིག་ལམ་ལ་ལྟ་སྐུལ་དོ་དམ་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ཏེ། སྣེ་འདྲེན་པ་དང་སྤྱི་ཁྱབ་ནས་འཛིན་པ། བཀོད་སྒྲིག་དང་མཐུན་སྦྱོར། ལྟ་སྐུལ་མཛུབ་སྟོན་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། མཐོ་སར་འགྲེང་བ་དང་འགན་འཁྲི་འཁུར་བ། དངོས་འབེབས་ནན་འཛིན་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་དང་ཁྲིམས་བསྟར་ཞིབ་བཤེར་སྤེལ་བར་རྒྱུན་མཐུད་སྒོས་སྐུལ་འདེད་བྱས་པས།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ཐད་གོམ་པ་བརྟན་པོ་སྤོས།

མཚོ་སྔོན་དུ་འཕྲད་པའི་དུས་བཅད་བགོ་བ།

        ད་ལོའི་ཟླ7པར། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཁང་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་མགྲོན་ཁང་ལས་རིགས་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་སྣེ་ཤན་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་རྩེད་འཇོ་ལས་རིགས་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གྲོས་གཞི་བཏོན་པ་སྟེ།
        “མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ཡིན་ལ།སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི་མཚོ་སྔོན་གྱི‘རྒྱལ་ཁབ་ཀྱི་དོན་ཆེན’ཡིན་ལ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་འཁྲི་དང་ལས་འགན་ཡིན་པར་མ་ཟད།མཚོ་སྔོན་ཞིང་ཆེན་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་པའི་རྩ་བའི་ཁག་ཐེག་ཡིན་པ་དང་།མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་མིག་རྒྱང་ལ་རྐང་ཚུགས་ཏེ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་དམིགས་འབེན་གྱི་ལམ་རྒྱུད། རྩ་བའི་བསྲུང་བྱ། སྒུལ་ཤུགས་དྲག་པོ།ལོ་རྒྱུས་ཀྱི་གོ་སྐབས་བཅས་ཀྱང་ཡིན་པ་དང་། མཚོ་སྔོན་གྱི་མི་དམངས་ཡོངས་དང་མཚོ་སྔོན་དུ་ཡོང་བའི་ཡུལ་སྐོར་པ་རྣམས་ཀྱི་བྱོལ་ཐབས་མེད་པའི་འགན་འཁྲིའང་ཡིན”ཞེས་པ་དེ་རེད།
        སྐྱེ་ཁམས་ཡུལ་སྐོར་ནི་རིག་གནས་འཚོ་བ་ཡི་མཚན་ཉིད་གསར་པ་ཞིག་ཡིན། སྤྱི་ཚོགས་ཡོངས་ཀྱིས་སྔར་ལས་ལྷག་པར་སྐྱེ་ཁམས་ཡུལ་སྐོར་ལ་ངོས་འཛིན་བྱེད་པ་དང་། སྔར་ལས་ལྷག་པར་སྐྱེ་ཁམས་ཡུལ་སྐོར་ལ་ཞུགས་པ། སྔར་ལས་ལྷག་པར་སྐྱེ་ཁམས་ཡུལ་སྐོར་ལ་དགའ་རུ་བཅུག་སྟེ། མི་སྔར་བས་མང་པོ་ཞིག་ལ་ལྷད་མེད་ལྗང་མདོག་གི་འཚོ་བ་དང་ལེན་བྱེད་དུ་འཇུག་པ་དང་ཁོར་སྲུང་གི་འདུ་ཤེས་ཆགས་སུ་འཇུག་པ། ཐཱན་ཉུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དུ་འཇུག་དགོས། དེའི་ཕྱིར། ང་ཚོས་མཚོ་སྔོན་པ་རེ་རེ་དང་མཚོ་སྔོན་དུ་ཡོང་བའི་ཡུལ་སྐོར་པ་རྣམས་ལ་ཁོར་ཡུག་ལ་གཅེས་སྐྱོང་དང་སྐྱེ་ཁམས་ལ་སྲུང་སྐྱོབ། དཔལ་ཡོན་ཡུལ་སྐོར་བྱེད་པ།བདེ་འཇགས་སྒོས་བསྐྱོད་དགོས་པའི་གྲོས་གཞི་བཏོན་ཏེ།ང་ཚོས་བྱ་བ་རྩག་རྩིག་དང་རང་ཉིད་ཀྱི་གཏམ་སྤྱོད་རེ་རེ་ནས་མགོ་བརྩམས་ཏེ། ང་ཚོ་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གྲོས་འདོན་མཁན་དང་འགུལ་སྐྱོད་མཁན།དཔེ་སྟོན་མཁན་བཅས་བྱས་ཏེ། མཉམ་དུ་གནམ་སྔོན་པོ་དང་ཐང་ལྗང་གུ། ཆུ་དྭངས་མོའི་གཞིས་ཁྱིམ་བསྐྲུན་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་ཚང་མ་མཉམ་དུ་འགུལ་སྐྱོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
        མཚོ་སྔོན་དུ་འཕྲད་པའི་དུས་བཅད་བགོས་ནས་མཉམ་དུ་རི་བོ་དང་རྩྭ་ཐང་། རྨ་ཙོང་གྲོག་རོང་ལ་ལྟད་མོར་ལྟ་འདོད་ན།ཁོར་ཡུག་ལ་གཅེས་སྤྲས་དང་སྐྱེ་ཁམས་ལ་སྲུང་སྐྱོབ།དཔལ་ཡོན་སྒོས་ཡུལ་སྐོར་བྱེད་པའི་ཁ་དན་འཇོག་པ་དང་། ཆུ་དྭངས་རི་སྔོའི“མཐོ་སྒང་སྔོན་མོ”མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་ཁ་དན་འཇོག་པ།མཉམ་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ཁ་དན་འཇོག་པ་བཅས་བྱེད་དགོས།

མཚོ་སྔོན་རོལ་མྱོད་བྱེད་པ།
        དེང་རབས་ཀྱི་བདེ་སྐྱིད་མཛེས་སྡུག་གི་ཟི་ལིང་ནས་ལམ་ལ་ཆས་ཏེ། སྔོ་ཐིང་ཐིང་གི་ཡོན་པོ་ར་བར་བལྟ་བ་དང་།དེ་ནས་སེར་ལམ་ལམ་གྱི་མིན་ཡོན་གྱི་ལེ་དབར་བརྒྱ་ཕྲག་གི་ལོག་དཀར་ཐང་ཆེན་དུ་སོང་ཆོག་ལ།སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་མཛེས་སྡུག་ལ་མྱོང་རོལ་བྱེད་ཆོག མདོ་ལ་རིང་མོའི་ཨ་མྱེས་སྟོང་སོ་དང་བཙུན་མོ་སྒང་གི་མཚར་སྡུག་ལ་ལྟ་ཞོར།མདོ་ལ་རིང་མོའི་ཤྭ་གསོ་ར་བ་ནས་རི་དྭགས་ཀྱི་འཚེར་སྐད་ལ་མཉན་པ་དང་ཚྭ་ཁ་ཚྭ་མཚོ་ནས“ནམ་མཁའི་མེ་ལོང”གི་མཛེས་སྡུག་ལ་ལྟད་མོར་རོལ་བཞིན།ནུར་ལྕེ་ལྗོངས་ཁུལ་ནས་མཚོ་སྔོན་པོའི་མཛེས་པར་རོལ་མྱོང་བྱེད་པ་དང་།མདོ་ལ་རིང་མོའི་མཛེས་སྡུག་ས་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་ཧ་ཅང་མཛེས་པས་མི་སེམས་རབ་ཏུ་འགུག་པ་ཞིག་ཡིན། དེའི་མི་ཚད་ད་རུང་ལམ་ཐིག་གཞན་པ་ཞིག་གིས་ཀྱང་འདི་ལྟར་ཡུལ་སྐོར་པ་མང་པོ་བཀུག་དང་འགུག་བཞིན་ཡོད།
        དེ་ནི་ནང་ཆེན་རྫོང་གི་རྟ་རྣ་སེང་གེ་གནམ་རྫོང་དང་ཡུས་ཧྲུའུ་སྐྱེ་དགུ་དགོན། སེང་ཟེ་མ་ཎི་རྡོ་འབུམ།གནའ་བོའི་མཆོད་རྟེན། འབིས་རྣམ་པར་སྣང་མཛད་ལྷ་ཁང་། སྟོང་སྐོར་གནའ་མཁར། མིན་རྒྱལ་རབས་ཀྱི་ལྕགས་རི་རིང་མོ། ལྷ་དབང་བརྒྱ་བྱིན་ལྡིང་ཁང་གི་བཟོ་བཀོད་འཛུགས་སྐྲུན་ཚོགས་བཅས་ཀྱི་ལོ་རྒྱུས་འགྱུར་ལྡོག་ལ་རོལ་མྱོང་བྱེད་པ་དང་། སེང་འབྲུག་དགོན་པའི་ལྗོངས་ཁུལ་དང་འབྲི་ཆུ། རྨ་སྟོད་ཀྱི་ཝ་གཞོང་སྐར་མཚོ། ལུང་གཡང་འགག་རྨ་ཆུའི་གྲོག་རོང་ཆེན་མོ།བྲག་རྫོང་ལྗོངས་ཁུལ། ཁྲི་ཀའི་རྨ་ཆུ་དྭངས་མོ། ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་། རྨ་ཆེན་རྫོང་ནས་ཨ་མྱེས་རྨ་ཆེན་གངས་རི་ལ་རྒྱང་མཇལ་བྱེད་པ། དར་ལག་རྫོང་གི་བྲག་དཀར་ལྗོངས་ཁུལ། པད་མ་རྫོང་གི་སྨར་ཁོག་གདོད་མའི་ནགས་ཚལ་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གྱི་མཛེས་སྡུག་བརྗིད་ཆགས་ཀྱི་མཛེས་པ། དམར་དམག་ལུང་པ་ནས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་སློབ་པ་བཅས་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་ཉམས་ལེན་བྱེད་པའི་ལམ་ཐིག་གཙོ་བོ་ཡིན།
        ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས“རྒྱལ་ཁབ་སྤྱི་གླིང་ཞིང་ཆེན”འཛུགས་སྐྲུན་བྱེད་པ་ནས་མགོ་བརྩམས་ཏེ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མགོ་གཙོ་ལྟ་བུ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་གནས་ཀྱི་རྨང་གཞིའི་སྟེང་། རྒྱལ་ཡོངས་ནས་ཤིང་རྟའི་སྲོལ་འབྱེད་ལྟ་བུའི་དོན་སྙིང་ལྡན་པའི“རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་གནས་ཀྱི་མ་ལག་གི་དཔེ་སྟོན་ཞིང་ཆེན”འཛུགས་སྐྲུན་བྱས། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་དང་རིག་གནས་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དང་ས་གཤིས་སྐྱེ་ཁམས་ཀྱི་ཁྱད་ཆོས། མི་ཆོས་རིག་གནས་ཉམས་ལེན་གྱི་དགོས་མཁོ་སོགས་ལ་རྐང་ཚུགས་ཏེ། “རབ་མཛེས་མཚོ་སྔོན་དུ་ཡུལ་སྐོར་བྱེད་ཞོར་དུ་རྒྱལ་ཁབ་སྤྱི་གླིང་ལ་ལྟད་མོར་རོལ”ཞེས་པའི་བརྗོད་གཞིར་དམིགས་ཏེ། རང་བྱུང་དང་མི་ཆོས་རིག་གནས། ཆེད་དམིགས་རྣམ་གྲངས་བཅས་སྣ་ཁ3གྱི་བརྗོད་དོན་ལམ་ཐིག་ཆེན་མོ10དང་ཁྱད་ལྡན་ལམ་ཐིག4དང་སྦྲེལ་ནས། རབ་མཛེས་མཚོ་སྔོན་གྱི་ལམ་ཐིག་བཟང་གྲས100ལྷག་ཏུ་བཀར་ཡོད།
        《མཚོ་སྔོན་ཞིང་ཆེན་གྱི“ལྔ་བཅུ་བཞི”རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་འཆར་འགོད་རྩ་གནད》ནང་དུ། “རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་གནས་ཀྱི་སྲོལ་ཡིག་སྣ་ཚོགས་ལྟར། སྡེ་ཁག་དང་མཐུན་སྦྱོར་བྱེད་ཚད་ཇེ་དྲག་ཏུ་བཏང་སྟེ། སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། སྐྱེ་ཁམས་སློབ་གསོ་དང་མཐོ་རིམ་ཉམས་ལེན། སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་བྱ་འགུལ་འོས་འཚམ་གྱིས་སྤེལ་ནས། ཡུལ་སྐོར་འདི་སྨྱན་བྱད་དུ་བཟུང་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་བརྒྱུད་སྒྲོག་བྱེད་དགོས”ཞེས་བཏོན་ཡོད།
        མཚོ་སྔོན་ནས་ཐུན་མོང་མ་ཡིན་པའི་རི་ཀླུང་དང་ནགས་ཚལ། རྩྭ་ཐང་། བརླན་ས། བྱེ་ཐང་སོགས་ཀྱི་སྐྱེ་ཁམས་ལྟད་མོ་འབུར་དུ་བཏོད་ནས། མཚོ་སྔོན་གྱི་མི་རིགས་སོ་སོའི་ཡུལ་སྲོལ་དང་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་གསར་སྤེལ། གྲོང་གསེབ་ཡུལ་སྐོར་གྱི་འཕེལ་རྒྱས་སོགས་གཙོ་བོར་མངོན་ཡོད་པ་དང་། ཉམས་ལེན་རང་བཞིན་དང་ཞུགས་པའི་རང་བཞིན། རྩེད་འཇོ་རང་བཞིན་བརྗོད་བྱ་ཡིན་པའི་དམངས་སྲོལ་ཅན་དང་རིག་གནས་བརྗོད་གཞི་ཅན་གྱི་ཡུལ་སྐོར་ཐོན་རྫས་གཏིང་ཟབ་ཏུ་གསར་སྤེལ་བྱས་པ་དང་། རིག་གནས་ཀྱིས་ཡུལ་སྐོར་ལ་སྐུལ་འདེད་བྱེད་པ་དང་ཡུལ་སྐོར་གྱིས་རིག་གནས་མཚོན་དུ་བཅུག་སྟེ། རབ་མཛེས་མཚོ་སྔོན་གྱི་རང་བྱུང་ཆོས་ཉིད་དང་སྐྱེ་ཁམས་ཆོས་ཉིད་ལ་བརྩི་འཇོག་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་གླིང་ཞིང་ཆེན་ལེགས་པོར་འཛུགས་སྐྲུན་བྱེད་པ་དང་རབ་མཛེས་མཚོ་སྔོན་གྱི་བརྩེ་བ་བརྒྱུད་སྒྲོག་བྱེད་དགོས།
        མདོར་བསྡུས་ན་མཚོ་སྔོན་དུ་ཕེབས་ན་འགྲན་ཟླ་བྲལ་བའི་རིམ་མཐོ་ཉམས་ལེན་ཡུལ་སྐོར་ཐེངས་ཤིག་རོལ་མྱོང་བྱེད་ཐུབ་པོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1