རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་དངོས་སུ་མགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བརྙན་འཕྲིན་ཁང་། སྤེལ་དུས། 11-18


     ཟླ་11པའི་ཚེས་17ཉིན་གྱི་སྔ་དྲོར། རྔ་བ་ཁུལ་གསར་འགྱུར་སྨན་སྦྱོར་ལྟེ་གནས་ཀྱི་མགོ་འཛུགས་མཛད་སྒོ་འབར་ཁམས་གྲོང་ཁྱེར་དུ་འཚོགས། འདི་ནི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པའི་ཚགས་པར་དང་བརྙན་འཕྲིན་མཉམ་སྡེབས་ཀྱི་སྨྱན་སྦྱོར་ཁང་གསུམ་པ་ཡིན། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ཞིང་གིས་སྒོ་བྱང་ཕྱེས་ཤིང་གསུང་བཤད་གལ་ཆེན་གནང་།

      མགོ་འཛུགས་མཛད་སྒོ་རུ། ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་ཁུལ་ཨུའི་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་འཛུགས་པའི་ཆོག་མཆན་དང་འགོ་ཁྲིད་བསྐོ་འདེམས་ཀྱི་བརྡ་ཐོ་བསྒྲགས་པ་དང་། ཁུལ་གསར་འགྱུར་སྨན་སྦྱོར་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་བློ་མཐུན་ཧྲུན་ཏིང་ཆང་གིས་དམ་བཅའ་འཇོག་པའི་གཏམ་བཤད་སྤེལ།


      དབྱང་ཞིང་གིས་བསྟན་དོན། རྔ་བའི་ཉིན་རེའི་ཚགས་པར་ཁང་དང་རྔ་བ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གཉིས་ཀྱིས་ཁུལ་ཡོངས་ཀྱི་འཛུགས་སྐྲུན་དང་། བསྒྱུར་བཅོས། འཕེལ་རྒྱས། བརྟན་བརླིང་སོགས་ལ་བྱས་རྗེས་འབུར་དུ་ཐོན་པ་བཞག་ཅིང་། ཁྱེད་ཅག་ལ་དབང་པའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་བསྐྲུན་ཡོད། རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་བཙུགས་པ་ནི། ཁུལ་ཨུས་ཁུལ་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཀྱི་འགན་འཁྲི་གལ་ཆེན་ཞིག་དང་། རྔ་བའི་གཙོ་རྒྱུག་སྨྱན་སྦྱོར་གྱི་ཁྱབ་བསྒྲགས་ནུས་པ་དང་ཤུགས་རྐྱེན་མཐོར་འདེགས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན། ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་བཟོ་བ་ཡོངས་ཀྱིས་རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་བཙུགས་པ་ནི་ཀྲུང་དབྱང་དང་། ཞིང་ཨུ། ཁུལ་ཨུའི་གྲོས་ཆོད་བཀོད་སྒྲིག་གི་དགོས་མཁོ་ཡིན་པའི་ངོས་འཛིན་ཟབ་མོ་དགོས་པ་དང་། རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་བཙུགས་པ་ནི་དུས་རབས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་། སྨྱན་སྦྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་པའི་དགོས་མཁོ་ཡིན་པའི་ངོས་འཛིན་ཟབ་མོ་ཡོད་དགོས། བསམ་སྦྱོར་གཉིས་ཀ་ཁུལ་ཨུའི་གྲོས་ཆོད་བཀོད་སྒྲིག་ཏུ་གཅིག་གྱུར་ཡོང་བ་དང་། མཐའ་གཅིག་ཏུ་བརྩི་སྲུང་དང་བརྩི་བཀུར་བྱ་དགོས། 

      དབྱང་ཞིང་གིས་བསྟན་དོན། ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱིས་རང་འཁྲིའི་ལས་འགན་ཕྲག་ཏུ་བླངས་ནས། དུས་རབས་གསར་བའི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ལེགས་པར་སྒྲུབ་དགོས་ལ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་བཟུང་ནས། ཏང་གི་རྩ་དོན་དང་མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ལམ་ལུགས་གསར་གཏོད་ལ་ཤུགས་སྣོན་བྱ་དགོས། གསར་གཏོད་དམ་འཛིན་དང་འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས། རང་འཁྲིའི་ལས་འགན་ཕྲག་ཏུ་བླངས་ནས་ལས་དོན་མཐའ་དག་དོན་ལྡན་ཡོང་བ་དང་། ངོ་མཚར་རྨད་དུ་བྱུང་བའི་གྲུབ་འབྲས་སྣ་ཚོགས་ཀྱིས་མགྱོགས་མྱུར་ཏུ་ཁུལ་གཅིག་ལྗོངས་གཉིས་ཁྱིམ་གཞིས་གསུམ་བསྐྲུན་པར་བྱས་རྗེས་འབུལ་དགོས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1