བཅོས་བསྒྱུར་སྒོ་འབྱེད་ཀྱི་ལེའུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23


སྔོན་འགྲོའི་གཏམ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ངེད་དུས་དེབ་ཏུ”ཏང་གི་ལོ་རྒྱུས་སློབ་སྦྱོང“ཞེས་པའི་ཆེད་དོན་ལེ་ཚན་སྤེལ་ཏེ། ཏང་གི་ལོ་བརྒྱའི་འཕེལ་རྒྱས་བརྒྱུད་རིམ་དང་། ཏང་གི་དོན་རྐྱེན་གལ་ཆེན། དེ་མིན་དུས་སྐབས་སོ་སོའི་དཔེ་མཚོན་དོན་རྐྱེན་དང་ལོ་རྒྱུས་མི་སྣ། གཏམ་རྒྱུད་ངོ་མཚར་ཅན་སོགས་གཞིར་བཟུང་ནས། ཏང་གི་རླབས་ཆེན་བརྒྱུད་རིམ་དང་གཟི་བརྗིད་ལྡན་པའི་གྲུབ་འབྲས་ལ་ཕྱིར་མིག་ལྟ་བར་འཚལ།

མཐོ་རྒྱུགས་སླར་གསོ་བྱས་པས་དམངས་རྣམས་དགའ་ཞིང་སྤྲོ། 

1977ལོའི་ཟླ་10པར། ཀྲུང་དབྱང་གི་འཕྲིན་སྦྱོར་ཆེ་ཁག་གིས་རང་རྒྱལ་དུ་མཐོ་རྒྱུགས་སླར་གསོ་བྱས་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། ལོ་དེའི་མཐོ་རྒྱུགས་ཟླ་གཅིག་གི་རྗེས་སུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་བའང་ཁྱབ་བསྒྲགས་བྱས། ཆ་འཕྲིན་དེ་བསྟུད་མར་ཀྲུང་གོའི་ཡུལ་གྲུ་སོ་སོར་ཁྱབ་ཅིང་། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ས་གནས་སོ་སོར་ཁྱབ་བསྒྲགས་བྱས། མི་ལ་ལས་འདི་འདྲ་བཤད། ཆ་འཕྲིན་འདི་དཔྱིད་ཀྱི་འབྲུག་སྒྲ་བཞིན་ལྷང་ལྷང་གྲགས་ཏེ། ཕུགས་འདུན་ལྡན་པའི་ན་གཞོན་རྣམས་ཀྱི་འབད་སེམས་ཆེན་པོ་བསྐྱེད་པ་རེད་ཅེས་སྐད།
བསམ་བློར་བཅིངས་འགྲོལ་བཏང་ནས་ལོ་རྒྱུས་ལམ་ཁ་བསྒྱུར། 

བསམ་བློར་བཅིངས་འགྲོལ་ཐོབ་ན། ད་གཟོད་གོམས་གཤིས་ཀྱི་སྟོབས་ཤུགས་དང་རང་སྣང་ཕྱོགས་ཞེན་གྱི་བཀག་རྒྱ་མི་ཐེབས་ཤིང་། ད་གཟོད་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད་བྱས་ཏེ། གསར་གཏོད་རང་བཞིན་གྱིས་འཛམ་གླིང་ལ་བསྒྱུར་བཅོས་བྱ་ཐུབ། 1978ལོའི་ཟླ་5པར། རྩོམ་ཡིག་ཅིག་གིས་ཀྲུང་གོའི་བསམ་བློ་བཅིངས་འགྲོལ་གྱི་མཐོ་རླབས་གསར་པ་འཕྱུར་ཞིང་། བདེན་དོན་གྱི་ཚད་གཞི་དང་འབྲེལ་བའི་བགྲོ་གླེང་ཞིག་བྱུང་བར་མ་ཟད། རང་རྒྱལ་དུའང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་བསྒྱུར་མཚམས་ཤིག་ཀྱང་བསུས།

རྒྱལ་ཁབ་ཀྱི་སྒོ་མོ་ཕྱེས་ནས་མི་རྣམས་མིག་རྒྱང་བསྐྱེད།



1978ལོའི་རྒྱལ་ཡོངས་སུ་དར་ཁྱབ་ཤིན་ཏུ་ཆེ་བའི་ཕྱི་རྒྱལ་དུ་རྟོག་ཞིབ་སྐྱོད་པའི་ཁྲོད། ཀྲུང་དབྱང་སྲིད་གཞུང་གིས་བཀའ་མངགས་མཛད་པའི་རུ་ཁག་གསུམ་ལ་དོ་ཁུར་ཆེན་པོ་ཐོབ་ཡོད། སྐབས་དེར་མི་རྣམས་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སོ་ལྟ་བ་ཞེས་འབོད་ཅིང་། སྐབས་དེའི་ལོ་མཇུག་ཏུ་འཚོག་གྲབས་ཡོད་པའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གྲ་སྒྲིག་བྱ་ཆེད། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་པས་ཕྱི་ཕྱོགས་སུ་འཚམས་འདྲི་ཕྱིན་ཚད་ཇེ་མང་བཏང་བ་རེད། 1978ལོའི་ཟླ་12པར། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བདེ་བླག་ངང་འཚོགས་པ་དང་བསྟུན། ཀྲུང་གོ་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་དུས་སྐབས་སུ་དངོས་སུ་བསྐྱོད།
དུད་ཚང་གཙང་ལེན་གྱི་ལམ་ལུགས་གསར་པ་བཙུགས། 

1978ལོའི་དབྱར་སྟོན། ཨན་ཧུའེ་ཞིང་ཆེན་དུ་ཐན་སྐྱོན་ཆེན་པོ་ཞིག་བྱུང་སྟེ། སྐབས་དེའི་ཨན་ཧུའེ་ཡི་ཞིང་པ་དང་ཞིང་ལས་ཐོན་སྐྱེད་ལ་དཀའ་ཁག་ཚབ་ཆེན་ཐེབས། ཡིན་ཡང་འགྲན་རྩོད་འདི་འདྲ་ལས་ཨན་ཧུའེ་ལ་གྲོང་གསེབ་དཔལ་འབྱོར་སྒྲིག་གཞིའི་བཅོས་བསྒྱུར་ཚོད་ལྟ་ཐོག་མར་བྱ་བའི་གོ་སྐབས་བསྐྲུན་པར་མ་ཟད། ཧྥུང་དབྱང་རྫོང་ཞའོ་ཀང་གྲོང་ཚོའི་གན་རྒྱ་དམིགས་བསལ་བ་ཞིག་ཀྲུང་གོའི་གྲོང་གསེབ་བཅོས་བསྒྱུར་གྱི་སྒོ་འབྱེད་པའི་མཚོན་རྟགས་སུ་གྱུར་རོ། 
བརྗོད་གཞི་གསར་པའི་སྟེང་ནས་ཀྲུང་གོའི་ཁྱད་ཆོས་ངོམས། 

གསར་བརྗེ་དང་འཛུགས་སྐྲུན། དེ་མིན་བཅོས་བསྒྱུར་གང་ཡིན་རུང་། བགྲོད་ལམ་གྱི་གནད་དོན་ནི་རྩ་བའི་གནད་དོན་དེ་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཀྲུང་གོ་གསར་པའི་ལོ་རྒྱུས་ཀྱི་རླབས་ཆེའི་ལོ་རྒྱུས་དཀྱོག་མཚམས་ཤིག་གི་སྒོ་ཕྱེས་པ་དང་། ཚང་འཛོམས་གྲོས་ཚོགས་སུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གཙོ་གནད་དཔལ་འབྱོར་འཛུགས་སྐྲུན་ཐོག་བསྒྱུར་ཏེ། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཇུས་ཆོད་ལ
དམིགས་བསལ་ཁུལ་བཙུགས་ནས་སྒོ་འབྱེད་རྒྱ་བསྐྱེད་གནང་། 

སྤྱི་ཚོགས་ཀྱི་བསྒྱུར་བཅོས་གང་འདྲ་ཞིག་ཡིན་ཡང་འགོ་འཛུགས་ས་ཞིག་དགོས་ཏེ། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་པ་ནི་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་འགོ་ཚུགས་ས་དེ་ཡིན། ལོ་རྒྱུས་ཀྱི་ར་སྤྲོད་ལས། ས་གནས་འགའ་གདམ་ག་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོད་ལྟའི་གནས་བྱེད་པ་ནི་ཕྱི་ཕྱོགས་སྒོ་འབྱེད་ལེགས་གྲུབ་བྱུང་བའི་འགག་རྩ་དེ་ཡིན།
ཐོག་་མའི་དུས་རིམ་དུ་རྒྱལ་ཁབ་ཀྱི་གནས་ཚུལ་གསལ། 

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་ཀྱི་གཞུང་ལུགས་གསར་གཏོད་འགངས་ཆེན་ཞིག་དང་། ཏེང་ཞའོ་ཕིང་གཞུང་ལུགས་ཀྱི་རྨང་རྡོ་ཡིན། དེ་ལས་ཡང་དག་པའི་སྒོས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་གནས་མཚམས་ཀྱི་འཕེལ་རྒྱས་ཀྱི་དུས་རིམ་དང་ལོ་རྒྱུས་ཀྱི་ཕྱོགས་མཚམས་གཏན་འཁེལ་བྱས་པ་དང་། དུས་སྐབས་གསར་པའི་ཏང་གི་ལམ་ཐིག་དང་ཇུས་ཆོད། སྲིད་ཇུས་དང་འཕེལ་རྒྱས་ཀྱི་འཐབ་ཕྱོགས་ཀྱི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་འགན་སྲུང་བྱས་ཏེ། ང་ཚོར་གཞུང་ལུགས་གསར་གཏོད་འདིའི་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་ལ་ཕྱིར་དྲན་བྱེད་བཞིན། སྔར་ལས་ལྷག་པའི་སྒོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་གསར་པའི་ཡང་སྙིང་ཟབ་མོར་གོ་བ་ལེན་དུ་བཅུག །

དང་དོད་ལྔ་དང་མཛེས་པོ་བཞིའི་བསམ་བློའི་དཔལ་ཡོན་ཤར།
སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས། ཏང་གི་ལས་དོན་གྱི་གཙོ་ཤུགས་དཔལ་འབྱོར་འཛུགས་སྐྲུན་ཐོག་བསྒྱུར་བ་རེད། དུས་མཚུངས་སུ། ལས་རིགས་སོ་སོ་དང་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་བ་དང་བསྟུན། སྔོན་གྱི་རྨོངས་དད་དང་རྗེས་ལུས་ཀྱི་སྣང་ཚུལ་ཡང་རིམ་བཞིན་ཕྱིར་བུད། མི་རྣམས་ཀྱིས་ཁ་ཚ་དགོས་གཏུགས་ཀྱིས་སྤྱི་ཚོགས་ཀྱི་ཀུན་གཤིས་དེ་བཅོས་སྐྱོང་བྱ་བའི་འདོད་བློ་བཏོན་པ་དང་། བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་ལ་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས། རྒྱབ་ལྗོངས་འདི་འདྲའི་འོག །བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་དངོས་སུ་ལག་ལེན་བསྟར་ཞིང་། དང་དོད་ལྔ་དང་མཛེས་པོ་བཞིའི་དགའ་ཞེན་གསུམ་ཞེས་པའི་བྱ་འགུལ་དེ་ལས་བྱུང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1