དོན་སྙིང་གལ་ཆེན་ལྡན་པའི་དབོར་འདྲེན་ཞིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་ཁང་། སྤེལ་དུས། 12-17



        སྤྱི་ཚེས་15ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་ནས་བོད་ལྗོངས་གཞིས་ཀ་རྩེ་བར་དང་། བོད་ལྗོངས་གཞིས་ཀ་རྩེ་ནས་ནེ་པ་ལ་བར་གྱི་གཞུང་ལམ་ལྕགས་ལམ་མཉམ་འབྲེལ་དབོར་འདྲེན་བྱས་ནས། ཨེ་ཤ་ཡ་ལྷོ་མར་སྐྱོད་མཁན་མེ་འཁོར་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བདེ་འཇགས་ས་ཚིགས་ཀྱི་ཟོག་འདྲེན་ལྕགས་ལམ་ས་ཚིགས་ནས་གཏོང་འགོ་ཚུགས་ཡོད། ཐེངས་འདིའི་དབོར་འདྲེན་དེ་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་འགྲམ་འགག་སྒོ་བར་བསྐྱོད་རྗེས། རླངས་འཁོར་བརྗེས་ནས་ནེ་པ་ལའི་ཀ་ཏི་མན་ཏུའུ་ལ་བསྐྱལ་རྒྱུ་ཡིན་པ་རེད། སྤྱིའི་ལམ་ཚད་ལ་སྤྱི་ལེ་2800ཙམ་ཡོད། མེ་འཁོར་ནང་དབོར་འདྲེན་བྱ་རྒྱུ་གཙོ་བོ་ནི་རྒྱུན་སྤྱོད་ཅ་ལག་དང་། སྨན་བཅོས་དངོས་པོ། ཞིང་ཞོར་ཐོན་རྫས་སོགས་ཡིན་པ་དང་། འཁོར་སྒྲོམ་30དང་ལྗིད་ཚད་ཀྲོན་1000ཙམ་ཡོད། སྤྱིའི་རིན་ཐང་ཨ་སྒོར་ཁྲི་180ཙམ་ཟིན་གྱི་ཡོད།


        ཐེངས་འདིའི་མེ་འཁོར་ཤར་གཏོང་ཐུབ་པ་དེས་རང་རྒྱལ་དང་ནེ་པ་ལ་དེ་བཞིན་ཨེ་ཤ་ཡ་ལྷོ་མའི་ཁུལ་གྱི་རྒྱལ་སྤྱིའི་ཚོང་དོན་ལམ་བུ་གསར་པ་རྒྱ་ཆེར་བཏང་ཡོད་ཅིང་། དེར་དཔལ་འབྱོར་གྱི་དོན་སྙིང་གལ་ཆེན་ལྡན་པར་ཙམ་མ་ཟད། ད་དུང་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1