ནག་ཆུའི་ཚོང་འདུས་ཀྱི་ཉིན་ལྔའི་འགྲེམས་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་2.05ཟིན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-20



          དུས་ཡུན་ཉིན་ལྔ་ཡིན་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་སྐབས་བཅོ་ལྔ་པའི་ཕྱུགས་ལས་ཐོན་རྫས་འགྲེམས་ཚོང་ཚོང་འདུས་ཉེ་དུས་མཇུག་སྒྲིལ་བ་དང་། ཐེངས་འདིའི་ཕྱུགས་ལས་ཐོན་རྫས་འགྲེམས་ཚོང་ཚོང་འདུས་ཐོག་ཚོང་སྒྲིག་མ་དངུལ་སྒོར་དུང་ཕྱུར་2.05ལྷག་ཟིན་ནས་ཐོན་རྫས་འགྲེམས་ཚོང་བསམ་དོན་ཡིད་བཞིན་སྒྲུབས་ཡོད་པ་རེད།

          ཐེངས་འདིའི་ཕྱུགས་ལས་ཐོན་རྫས་འགྲེམས་ཚོང་ཚོང་འདུས་ཐོག་དབུལ་སྒྲོལ་གྱི་གྲུབ་འབྲས་འགྲེམས་སྟོན་དང་། ཁྲོམ་རའི་འཛད་སྤྱོད་ལ་སྐུལ་འདེད། གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱ་རྒྱུས་བརྗོད་དོན་གཙོ་བོར་བྱས་ནས་ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཆུས་11ནས་ཡོང་བའི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་158དང་། ནག་ཆུ་གྲོང་ཁྱེར་རང་ཁོངས་ཀྱི་ཁེ་ལས་18བཅས་འགྲེམས་སྟོན་ནང་ཞུགས་ཡོད་པ་དང་ཐོན་རྫས་ཐད་ཤ་རིགས་དང་། དཀར་ཆུའི་ཐོན་རྫས། དབྱར་རྩྭ་དགུན་འབུ། སྤུ་རིགས།   ཞིང་ཞོར་ཐོན་རྫས། བོད་སྨན་སྨན་རྒྱུ། ལག་ཤེས་ཐོན་རྫས། སྤུས་ལེགས་ལས་སྣོན་བྱས་པའི་འབྲོག་ལས་ཐོན་རྫས་སོགས་ནག་ཆུའི་ཕུན་སུམ་ཚོགས་པའི་ཞིང་འབྲོག་པའི་ཐོན་ཁུངས་དང་། ཕྱུགས་ལས་འཕེལ་རྒྱས་ཀྱི་འགྲུབ་འབྲས་སོགས་ལས་དབྱར་མཚོ་ལྟར་རྒྱས་པའི་ནག་ཆུའི་དཔལ་འབྱོར་དང་། འབྲོག་པའི་འཚོ་བ། ཁྲོམ་རའི་མདུན་ལྗོངས་བཅས་གང་ལེགས་མངོན་པར་བྱས་ཡོད་པ་རེད།

          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཕྱུགས་ལས་ཐོན་རྫས་འགྲེམས་ཚོང་ཚོང་འདུས་ཐོག་བྲིན་ཚོང་བྱེད་ཚད་ཨང་དང་པོར་སླེབས་པའི་གསེར་རྙིད་ཆུས་དང་། ཨང་གཉིས་པར་སླེབས་པའི་ཤན་རྩྭ་རྫོང་། ཨང་གསུམ་པར་སླེབས་པའི་དཔལ་མགོན་རྫོང་དེ་བཞིན་ཕྱུགས་ལས་ཐོན་རྫས་འགྲེམས་ཚོང་ཚོང་འདུས་ཐོག་དངོས་ཟོག་བྲིན་ཚོང་བྱེད་མང་བ་དང་སྒྲིག་འཛུགས་ལེགས་པ་སོགས་ཀྱི་མཉམ་སྡེབས་ལ་གཟེངས་རྟགས་ཀྱང་སྤྲད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1