བོད་ལྗོངས་གཞིས་ཀ་རྩེ་ནས་པེ་ཅིང་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-20



        ཟླ12པའི་ཚེས15ཉིན་གྱི་སྔ་དྲོའི་ཆུ་ཚོད10དང་སྐར་མ20སྟེང་། བོད་ལྗོངས་མཁའ་འགྲུལ་གྱི་མཐོ་སྒང་རྣམ་པའི་གནམ་གྲུA319གཞིས་ཀ་རྩེའི་ཞི་བདེ་གནམ་གྲུ་ཐང་ནས་བདེ་བླག་ངང་འཕུར་བ་དེས། བོད་ལྗོངས་མཁའ་འགྲུལ་གྱིས་གཞིས་ཀ་རྩེ་ནས་པེ་ཅིང་དུ་བསྐྱོད་པའི་མཁའ་ལམ་དངོས་སུ་ཤར་གཏོང་བྱས་པ་མཚོན་ཡོད། བོད་ལྗོངས་མཁའ་འགྲུལ་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་ཝེ་པའོ་ཕིང་དང་། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཁྲིན་ཞའོ་ཁང་གཞིས་ཀ་རྩེའི་ཞི་བདེ་གནམ་གྲུ་ཐང་དུ་ཡོང་ནས་དུས་གཏན་གནམ་གྲུ་ཐོག་མ་ཤར་གཏོང་བྱེད་པའི་བྱ་འགུལ་ནང་ཞུགས།

        གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་བསོད་ནམས་དར་རྒྱས་བྱ་འགུལ་ནང་ཞུགས་ནས། གཞིས་ཀ་རྩེའི་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཁྲི80ཡི་ཚབ་བྱས་ཏེ། བོད་ལྗོངས་མཁའ་འགྲུལ་གྱིས་གཞིས་ཀ་རྩེ་ནས་རྒྱལ་ས་པེ་ཅིང་བར་མཁའ་ལམ་ཤར་གཏོང་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
        རྒྱལ་ཁབ་རིམ་པའི་ཟོག་འགྲེམས་ལྟེ་གནས་ཡིན་པའི་གཞིས་ཀ་རྩེ་ནི་ཨེ་ཤ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་དབྱེའི་འཐབ་ས་དང་པོ་དང་ཚོང་དོན་ཟོག་འགྲེམས་ལྟེ་གནས་གལ་ཆེན་ཞིག་ཡིན་ལ། དེར་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་། ཕུན་སུམ་ཚོགས་པའི་སྐྱེ་དངོས་ཐོན་ཁུངས། གཏིང་ཟབ་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་བཅས་ཡོད་པས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་གནས་བབ་གལ་ཆེན་དང་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད། བོད་ལྗོངས་མཁའ་འགྲུལ་གྱིས་ཐེངས་འདིར་གཞིས་ཀ་རྩེ་ནས་ཁྲེང་ཏུའུ་ཧྲོང་ལིའུ་དང་། པེ་ཅིང་ཏ་ཞིན་བར་གྱི་མཁའ་ལམ་ཤར་གཏོང་བྱས་པས། གཞིས་ཀ་རྩེ་དང་རྒྱལ་ས་པེ་ཅིང་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་དམ་ཟབ་ཏུ་བཏང་བ་མ་ཟད། དེ་བཞིན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གྲོང་ཁྱེར་ཚོགས་ཀྱི་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་གཞིས་ཀ་རྩེའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རོགས་འདེགས་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1