སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར།
ཞིང་ཆེན་དང་གྲོང་ཁྱེར31གི་ཕ་ཡུལ་དུ་ལོག་པའི་སྲིད་ཇུས་གསར་ཤོས་གཤམ་གསལ་ལྟར།
(ཟླ12པའི་ཚེས15ཉིན་བར)
བོད་ལྗོངས་ལྷ་སར་ཉེན་ཁ་ཆེ་འབྲིང་ས་ཁུལ(ཉེན་ཁ་ཆུང་བའི་ས་ཁུལ)ནས་ཕྱིར་ལོག་པར་ཉིན་གཉིས་རིང་གི་ཉིང་སྐྱུར་བཤེར་འཇལ་བྱས་འབྲས་འདོན་སྤྲོད་བྱ་དགོས།
ཉེན་ཁ་ཆེ་འབྲིང་ས་ཁུལ(ཉེན་ཁ་ཆུང་བའི་ས་ཁུལ)ནས་ཕྱིར་ལོག་པར་ཉིན་གཉིས་རིང་གི་ཉིང་སྐྱུར་བཤེར་འཇལ་བྱས་འབྲས་སྲིབ་གཤིས་ཡིན་པ་འདོན་སྤྲོད་བྱ་དགོས་པ་མ་ཟད། ཉིན14རིང་ལོགས་སུ་བཀར་བ་དང་། ཉིན7རིང་གཅིག་བསྡུས་ཀྱིས་ལོགས་སུ་བཀར་བ། ཉིན7རིང་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་བཅས་བྱ་དགོས། ཉེན་ཁ་ཆུང་བའི་ས་ཁུལ་གྱི་མི་སྣ་ལྷ་སར་ལོག་པར་ཉིན2(ཆུ་ཚོད48)རིང་གི་ཉིང་སྐྱུར་བཤེར་འཇལ་བྱས་འབྲས་སྲིབ་གཤིས་ཡིན་པ་དང་དེ་བཞིན་བོད་ལྗོངས་ཀྱི་བདེ་ཐང་ཨང་རྟགས་དང་འགྲོ་སྐྱོད་ཨང་རྟགས་དཔྱད་བཤེར་བྱེད་དགོས་ཀྱིན་ཡོད།