ཀྲུང་གོའི་གུང་ཁྲན་ཏང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་མགོ་བརྩམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-29



ལིའུ་ཕིང་གིས་ཀྲུང་གུང་རྔ་བ་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་དུ་སྙན་ཞུ་ཕུལ། ལུའོ་ཀྲེན་ཧྭ་ཡིས་ཚོགས་ཆེན་གྱི་གཙོ་འགན་བཞེས། འཐུས་མི་378ཚོགས་འདུར་ཞུགས།


      

      རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ་ཆོས་རྒྱས།)ཟླ་12ཚེས་28ཉིན་གྱི་སྔ་དྲོར། ཀྲུང་གོའི་གུང་ཁྲན་ཏང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འབར་ཁམས་སུ་མགོ་བརྩམས། ཐེངས་འདིའི་ཚོགས་ཆེན་ནི་སྤྱི་ཡོངས་གཉིས་དང་ལོ་བརྒྱ་གཉིས་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་ཞིག་དང་།  འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྱོང་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་བའི་འཐབ་ལམ་གསར་བ་གཏོད་པའི་དུས་སྐབས་གལ་ཆེན་ཞིག་ལ་འཚོགས་ཤིང་།  འདས་པའི་ཉམས་མྱོང་རྒྱུན་འཛིན་དང་མ་འོངས་པའི་ལམ་བུ་འཚོལ་སྙེག་བྱེད་པའི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་དར་རྒྱས་ཤུགས་ཆེན་གཏོང་བ།  དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་ནན་མོར་བྱེད་པ།           ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་བཅས་ལ་སྐུལ་སློང་བྱས་ནས་གཏན་འཁེལ་གཉིས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། བརྩི་སྲུང་གཉིས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་དང་། དོན་འཁྱོལ་ཁྲོད་གསར་གཏོད་དང་གསར་གཏོད་ཁྲོད་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་བའི་འཐབ་ལམ་གསར་བ་བཏོད་ནས།  ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་བར་འབད་བརྩོན་བྱེད་དགོས། 

         བློ་མཐུན་ལིའུ་ཕིང་གིས་ཀྲུང་གུང་རྔ་བ་ཁུལ་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་དུ་《ཐོག་མའི་བསམ་འདུན་མི་བརྗེད་པར་བློ་བརྟན་འགྱུར་མེད་ངང་གསར་གཏོད་དོན་འཁྱོལ་བྱས་ཏེ།  ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་བར་འབད་བརྩོན་བྱེད་དགོས་པའི》སྙན་ཞུ་ཕུལ། 



         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལིའུ་ཕིང་དང་། ལུའོ་ཀྲེན་ཧྭ། ལི་ཝེ་གོ། ཉི་མ་འབུམ། ཝུའུ་ལི་ཡན། ཀའོ་ཅ་ཅུན། དབྱང་ཞིང་། ཀའོ་ལི་ཞིན། ཀྲེང་ལེ། ཞུས་ཁྲུན། ལེའོ་ཧུའེ། ཀྲང་ཐུང་རུང་། ཚའེ་ཆིང་ལི། ལི་ཡུང་ལིའང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།

         ཞིང་ཆེན་ཏང་ཨུའི་སྐབས་བརྗེའི་འདེམས་བསྐོའི་མཛུབ་སྟོན་ཚོ་ཆུང་དང་སྐབས་བརྗེའི་ལས་དོན་ལ་ཡུལ་དངོས་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པའི་ཚོ་ཆུང་གི་ཁོངས་མི།  ལས་འཁྱུར་ངལ་གསོ་དང་ལས་གནས་དང་བྲལ་བའི་འགོ་ཁྲིད་རྒན་པ་སྐོར་ཞིག  ཁུལ་རིམ་པའི་འགོ་ཁྲིད་ཚན་ཁག་གི་ཀྲུང་གུང་ཏང་ཡོན་མིན་པའི་འགོ་ཁྲིད་བློ་མཐུན་བཅས་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས།

         ཚོགས་ཆེན་ལ་འཐུས་མི་388ཞུགས་དགོས་པ་ལས་འཐུས་མི་378དངོས་སུ་ཞུགས་ཡོད་པས། གཏན་འབེབས་མི་གྲངས་དང་མཐུན། 

         བློ་མཐུན་ལུའོ་ཀྲེན་ཧྭ་ཡིས་ཚོགས་ཆེན་གྱི་གཙོ་འགན་བཞེས། 

         མགོ་ཚུགས་མཛད་སྒོར་རྔམ་བརྗིད་ལྡན་ཞིང་སྤྲོ་སེམས་རབ་ཏུ་འཁོལ། སྔ་དྲོའི་ཆུ་ཚོད་9ཡི་སྟེང་བློ་མཐུན་ལུའོ་ཀྲེན་ཧྭ་ཡིས་ཚོགས་ཆེན་འཚོགས་མགོ་བརྩམས་པ་བསྒྲགས་ཤིང་། ཚང་མ་ཡར་བཞེངས་ནས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

         བློ་མཐུན་ལིའུ་ཕིང་གིས་ཐལ་མོའི་རྡེབ་སྒྲའི་ཁྲོད་ནས་ཚོགས་ཆེན་ལ་སྙན་ཞུ་ཕུལ་མགོ་བརྩམས་པ་དང་། སྙན་ཞུ་ཁག་བཞིར་བགོས་ཡོད་དེ། གཅིག་ནས་འདས་པའི་ལོ་ལྔའི་འབད་འཐབ་ཀྱི་ལམ་བུར་ཕྱིར་བལྟ་བྱས་ཏེ།   ལྗང་མདོག་འཕེལ་རྒྱས་དང་དབུལ་བྲལ་འབྱོར་འབྲིང་གི་དཔེ་སྟོན་ལས་རྔ་ཁུལ་མི་དམངས་ཀྱིས་འབད་བརྩོན་མདུན་སྐྱོད་ཀྱི་གྲུབ་འབྲས་ཡོངས་སུ་མངོན་ཡོད།  གཉིས་ནས་དུས་རབས་ཀྱི་འཐབ་ལམ་གསར་བར་གཞིགས་ཏེ།  ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྱོང་གི་ལས་དོན་ལ་འཆར་འགོད་བྱས་ནས། རྔ་ཁུལ་མི་དམངས་ཀྱི་དུས་བསྟུན་འཕེལ་རྒྱས་ཀྱི་འདུན་པ་ཡོངས་སུ་མངོན་ཡོད།  གསུམ་ནས་རྔ་བའི་འགོམ་བརྒལ་གསར་བར་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོང་གཙོ་བོར་འཛིན་པ་དང་བཅོས་སྐྱོང་གཙིགས་སུ་འཛིན་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ནི་རྔ་ཁུལ་མི་དམངས་ཀྱི་ཐོག་མཐའ་བར་གསུམ་གྱི་ལག་ལེན་གྱི་བརྗོད་བྱ་གཙོ་བོ་ཡིན། བཞི་ནས་མུ་མཐུད་དུ་འབད་འབུངས་ཡར་བརྩོན་གྱི་ལས་ལ་འཇུག་པ་ནི་རྔ་ཁུལ་མི་དམངས་ཀྱི་ཐོག་མཐའ་བར་གསུམ་གྱི་ཁུལ་བརྟན་ཁུལ་འཕེལ་གྱི་གནད་ཀྱི་དམ་པ་ཡིན། 

         སྙན་ཞུ་ལས་བསྟན་དོན། ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་པ་ནས་བཟུང་། ཏང་ཀྲུང་དབྱང་དང་ཞིང་ཨུའི་འགོ་ཁྲིད་ཀྱི་ཐུགས་ཁུར་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྔ་ཁུལ་གྱི་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་མོར་བྱས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་དང་དབུལ་བྲལ་འབྱོར་འབྲིང་གི་དཔེ་སྟོན་བསྐྲུན་པར་སྐུལ་འདེད་གཏོང་བའི་ཁ་ཕྱོགས་དམ་འཛིན་བྱས་ཤིང་། ཞིང་ཨུའི་རྩ་བ་གཅིག་དང་ཡན་ལག་མང་བོ་དང་། གླིང་ལྔ་མཐུན་སྦྱོར་གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། སྤྱི་ཡོངས་གཉིས་དང་རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བཟུང་ཞིང་།  ཞིང་ཆེན་གྱི་ཇུས་ཆེན་དང་ཁུལ་གྱི་དོན་ཆེན་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་བཏང་ཡོད་ལ།  ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་བསྐྲུན་པར་ངོ་མཚར་བའི་དུས་རབས་ཀྱི་གྲུབ་འབྲས་བླངས་ཡོད།  ལོ་ངོ་ལྔའི་རིང་ལ། ང་ཚོས་སྲོག་ཤིང་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱས་ནས་བརྩི་སྲུང་གཉིས་དོན་འཁྱོལ་བྱས་ཤིང་། བློ་དཀར་ཞིང་འགན་འཁུར་ཆེ་བའི་ཆབ་སྲིད་ཀྱི་གཤིས་སྤྱོད་སྦྱོང་བརྡར་བྱས་ཡོད།  

         ལོ་ངོ་ལྔའི་རིང་ལ་ང་ཚོས་ཆབ་སྲིད་ཀྱི་ནུས་པ་གསུམ་མཐོར་འདེགས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་གསར་བ་གསུམ་དམ་འཛིན་བྱས་ནས།  རྔ་བའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཅིང་། ལོ་ངོ་ལྔའི་རིང་ང་ཚོས་སྐྱེ་ཁམས་ལ་སྲུང་སྐྱོང་གཙོ་བོར་འཛིན་པ་དང་བཅོས་སྐྱོང་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་ལྟ་ན་སྡུག་པའི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱས་ཡོད།  ལོ་ངོ་ལྔའི་རིང་ང་ཚོས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་རིམ་སྤར་འཕེལ་རྒྱས་ཀྱི་ཚད་ཇེ་མགྱོགས་སུ་བཏང་ཡོད་ལ།  ལོ་ངོ་ལྔའི་རིང་ང་ཚོས་དབུལ་བྲལ་ལས་དོན་ནན་མོ་བསྒྲུབས་ནས་གྲུབ་འབྲས་ཡག་པོ་བླངས་ཡོད།  ལོ་ངོ་ལྔའི་རིང་ང་ཚོས་ཁྲིམས་སྐྱོང་ལག་བསྟར་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ནན་མོ་བསྒྲུབས་ནས་བརྟན་བརླིང་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཡོད། 

         ལོ་ངོ་ལྔའི་རིང་ང་ཚོས་དམངས་ཀྱི་ཆེད་དུ་ལས་དོན་ནན་མོ་བསྒྲུབས་ནས་གཞི་རིམ་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་བཏང་ཡོད། ལོ་ངོ་ལྔའི་རིང་ང་ཚོས་དམངས་སེམས་གཅིག་མཐུན་ཡོང་བ་རྒྱུན་འཁྱོངས་དང་རིམས་འགོག་གི་ལས་དོན་ནན་མོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱས་ཡོད་ལ།   ལོ་ངོ་ལྔའི་རིང་ང་ཚོས་ཏང་འཛུགས་སྐྱོང་ནན་མོར་བྱས་ནས་ཆབ་སྲིད་ཀྱི་གནས་བབ་ཇེ་ལེགས་སུ་བཏང་ཡོད།    

         ངེས་པར་དུ་ཐོག་མའི་ཕུགས་འདུན་མི་བརྗེད་པར་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཤིང་། འཐབ་ལམ་གསར་བར་སྐྱོད་པར་མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་དོན་ནན་མོར་བསྒྲུབས་ཏེ། མི་དམངས་ཀྱི་ཡིད་སེམས་ཚིམ་དུ་འཇུག་དགོས་ལ།  སྟོབས་ཤུགས་གཅིག་སྒྲིལ་གྱིས་མཚར་སྡུག་གི་མ་འོངས་པ་བསྐྲུན་དགོས་ཤིང་།  སྐྱེ་ཁམས་གཙོ་བོར་བཟུང་ནས་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་ཚེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཡག་པོར་བསྐྱོད་ཐུབ། ལས་ཀའི་ཚད་གཞི་དང་སྤྱོད་སྟངས་ཡག་པོར་བརྟེན་ནས་འཐབ་ལམ་གསར་བར་ཞུགས་དགོས་ལ་དོན་འཁྱོལ་ཁྲོད་ནས་གསར་གཏོད་དང་གསར་གཏོད་ཁྲོད་ནས་དོན་འཁྱོལ་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་བརྩོན་དང་སྟོབས་ཤུགས་གཅིག་སྒྲིལ་སོགས་བྱས་ན་གཞི་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་བའི་མཚར་སྡུག་གི་ལས་ཀར་གྲུབ་འབྲས་གསར་བ་འཐོབ་སྲིད། 

       སྙན་ཞུ་ལས་བསྟན་དོན། མ་འོངས་པའི་ལོ་ལྔ་ནི་ང་ཚོའི་ཏང་གི་བརྒྱ་ལོ་གཉིས་པའི་དམིགས་འབེན་འཚོལ་སྙེག་གི་མགོ་བརྩམས་པ་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལམ་བུ་གསར་བ་ཕྱོགས་གང་ཐད་ནས་གཏོད་པའི་ཐོག་མའི་ལོ་ལྔ་ཡིན་ལ། རྔ་བ་ཁུལ་ལ་མཚོན་ནའང་མ་འོངས་པའི་ལོ་ལྔ་ནི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་དང་གནད་འགག་གི་ལོ་ངོ་ལྔ་ཡིན།  

         མ་འོངས་པའི་ལོ་ལྔའི་ནང་། ང་ཚོའི་མཛུབ་སྟོན་བསམ་བློ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དེ་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་དང་། གཏན་འཁེལ་གཉིས་ལ་མཐའ་གཅིག་ཏུ་བརྩི་སྲུང་དང་བརྩི་སྲུང་གཉིས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྔ་ཁུལ་ལས་དོན་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ཏུ་བསྟར་ཞིང་། སྐྱེ་ཁམས་སྲུང་སྐྱོང་གཙོ་བོར་འཛིན་པ་དང་བཅོས་སྐྱོང་གཙིགས་སུ་འཛིན་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་ནན་མོ་བྱས་ནས།  དུས་རབས་གསར་བའི་ཏང་གི་བོད་         སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་དང་།  གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་འགྱུར་འཆར་འགོད་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས། 

       ཞིང་ཨུའི་རྩ་བ་གཅིག་དང་ཡན་ལག་མང་བོ་དང་གླིང་ལྔ་མཐུན་སྦྱོར་གྱི་འཕེལ་རྒྱས་འཐབ་ཇུས་གཞིར་བཟུང་ནས།  ལས་ཀར་དམ་འཛིན་དང་འཐབ་ཇུས་དམིགས་འབེན་ལ་འགྱུར་བ་མེད་པར་འཐབ་ཇུས་བཀོད་སྒྲིག་གསར་བ་ལག་བསྟར་བྱེད་དགོས་ལ། འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ནས་སི་ཁྲོན་ནུབ་བྱང་གི་རྔ་ཁུལ་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་གང་ལེགས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་ཁུལ་ལས་དོན་ལ་འབད་དགོས། 

       མ་འོངས་པའི་ལོ་ལྔའི་ནང་། ང་ཚོའི་ལས་ཀའི་ཁ་ཕྱོགས་གཙོ་བོ་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མགྱོགས་མྱུར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་ཁུལ་འཛུགས་སྐྱོང་སོགས་བྱས་ནས་བདེ་སྐྱིད་དང་འབྱོར་ཕྱུག་གི་འབྱོར་འབྲིང་ཁྱིམ་གཞིས་འཛུགས་སྐྱོང་བྱ་དགོས་པ་ཡིན་ལ། མ་འོངས་པའི་ལོ་ལྔའི་ནང་། ང་ཚོའི་དམིགས་འབེན་གཙོ་བོ་ནི་སྐྱེ་ཁམས་ཁོར་ཡུག་སྔར་བས་ཇེ་ལེགས་དང་དཔལ་འབྱོར་སྔར་ལས་ཡར་རྒྱས། མཉམ་དུ་ཕྱུག་འགྱུར་ལ་སྐུལ་འདེད་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་ལ་སྐུལ་འདེད། ཁྲིམས་ལྟར་བཅོས་སྐྱོང་སྲ་བརྟན་དུ་གཏོང་བ། ཏང་གི་འཛུགས་སྐྱོང་ལ་སྔར་བས་སྟོབས་ཤུགས་འདོན་རྒྱུ་བཅས་ཡིན།  

     སྙན་ཞུ་ལས་བསྟན་དོན།  རྨ་འབྲིའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་གང་ལེགས་བྱས་ནས་གཙང་བོའི་བཞུར་རྒྱུད་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་དང་། དངོས་སུ་བཀོད་སྒྲིག དངོས་སུ་སྐུལ་འདེད་བཏང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད། རྔ་བ་ཁུལ་ནི་རྨ་འབྲིའི་སྟོད་རྒྱུད་དུ་གནས་པས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་ལྟར་ཐུན་མོང་སྒོས་སྲུང་སྐྱོང་ཆེན་པོ་བྱེད་པ་དང་། གསར་སྤེལ་ཆེན་པོ་མི་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྔར་བས་ལྷག་པའི་ནུས་ཤུགས་འདོན་པ་དང་བྱེད་ཐབས་སྔར་བས་ཡག་པོ་ལག་བསྟར་བྱས་ནས་ལོ་རེ་བཞིན་ཡར་ཐོན་ཡོང་བ་དང་ལོ་ལྔའི་ནང་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་འགན་ལེན་བྱས་ཏེ། ཁྱིམ་གཞིས་གསར་བ་བསྐྲུན་པ་དང་ཕྱོགས་ཡོངས་ནས་རྣམ་པ་གསར་བ་མངོན་པར་འབད་དགོས། 

       རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཐཱན་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། བྱེད་ཐབས་ཡག་པོར་བརྟེན་ནས་ལྗང་མདོག་ཐཱན་ཉུང་གི་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་བྱས་ནས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་གང་ལེགས་བྱེད་དགོས་ཤིང་།  ཐུན་མོང་ཕྱུག་འགྱུར་གྱི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་དུས་རབས་གསར་བའི་མཉམ་སྐྲུན་མཉམ་སྤྱོད་ཀྱི་ལམ་བུར་ཐོག་བསྐྱོད་དགོས་ཤིང་། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བྱས་ནས་བྱེད་ཐབས་སྣ་མང་ལ་བརྟེན་ཏེ་འཚོ་བ་ཕྱུག་འགྱུར་གཏོང་དགོས་ལ། དུས་རབས་གསར་བའི་གཞི་རིམ་བཅོས་སྐྱོང་གི་ལམ་དུ་བསྐྱོད་པར་འབད་དགོས། 

      ང་ཚོས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འགྱུར་འཆར་འགོད་བྱེད་དགོས་པ་དང་། ཏང་ནན་གྱིས་སྐྱོང་བའི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ནས་དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་ལམ་ཁར་བསྐྱོད་དགོས་ཤིང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཏང་གིས་ཏང་ལ་དོ་དམ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་བསྐྱངས་ཏེ་ལོ་བརྒྱ་གཉིས་ཀྱི་དམིགས་འབེན་གསར་བའི་ཆེད་དུ་འབད་བརྩོན་བྱེད་དགོས།   

      སྙན་ཞུ་ལས་བསྟན་དོན། 2022ལོ་ནི་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་དང་། ལྔ་འཆར་བཅུ་བཞི་བའི་སྔ་མཐུད་ཕྱི་སྤེལ་གྱི་ལོ་ཡིན་པས་ངེས་པར་དུ་བརྟན་བརླིང་གཙོ་བོར་འཛིན་དགོས་ཤིང་། ལས་དོན་ཡོངས་མགོ་ཡག་པོ་བརྩམས་ནས་གྲུབ་འབྲས་བཟང་བོ་བླངས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ལེགས་སྐྱེས་འབུལ་དགོས། གཞན་ད་དུང་སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་ནན་མོ་སྒྲུབ་དགོས་ལ་ཁོར་སྲུང་གནད་དོན་ལ་དག་ཐེར་བྱེད་དགོས་ཤིང་། ནགས་ཚལ་དང་རྩྭ་ཐང་བརླན་སའི་སྐྱེ་ཁམས་སྲུང་སྐྱོང་མ་ལག་གི་ཞབས་ཞུའི་བྱེད་ནུས་ཀྱི་རིན་ཐང་ཞིབ་རྩིས་སོགས་བྱས་ཏེ་སྐྱེ་ཁམས་བཅོས་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་དགོས།   

       ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས་ལ། གྲོང་གསེབ་དར་རྒྱས་དང་རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྱོང་ནན་མོ་བྱེད་པ་དང་། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལས་དོན་ལ་དམ་འཛིན་བྱེད་དགོས་ཤིང་། ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་དང་ལས་གཞིར་མ་དངུལ་གཏོང་བའི་ནང་རྐྱེན་ཇེ་ལེགས་སུ་གཏོང་བ་སོགས་བྱས་ནས།   ནུས་ཤུགས་ཡོད་རྒུས་2022ལོའི་ཞིང་ཆེན་དང་ཁུལ་གྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ནན་མོ་བསྒྲུབ་དགོས་ལ། ཡང་བསྐྱར་དབུལ་ཕོངས་ལ་འགྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ལམ་ལུགས་བཙུགས་ནས། གྲོང་གསེབ་དར་རྒྱས་ཀྱི་མ་དངུལ་བཀོལ་སྤྱོད་གང་ལེགས་སོགས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཀོད་པ་ཇེ་ལེགས་སུ་གཏོང་དགོས།   

       སྤྱི་ཚོགས་བརྟན་བརླིང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། ངོ་རྒོལ་གསུམ་དང་སྔོན་འགོག་གཉིས་ཀྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། དགོན་སྡེ་གཅིག་ལ་ཐབས་ཇུས་གཅིག་གི་ཁྲིམས་ལྟར་དོ་དམ་ཚད་ལྡན་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་དང་། ཏང་གི་བཀའ་དྲིན་ཚོར་ཞིང་ཏང་གི་བཀའ་ལ་ཉན་ནས་ཏང་གི་རྗེས་སུ་འབྲངས་པ་དང་། རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཤིང་། ཉེན་ཁར་ཞིབ་བཤེར་དང་སྔོན་འགོག་སོགས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་དོན་རྐྱེན་ཆེན་པོ་འབྱུང་བར་སྔོན་འགོག་བྱེད་དགོས།  

       ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་བཙུགས་ནས་ལོ་ངོ་100འཁོར་བའི་བདུན་པའི་ཚེས་གཅིག་ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་དགོས་ལ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོ་བྱེད་པའི་གྲུབ་འབྲས་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཤིང་།  སྐབས་བརྗེའི་རྗེས་ཀྱི་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་དང་འཇོན་ནུས་འཛུགས་སྐྲུན་དམ་པོར་བཟུང་ནས། ཏང་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་སྐྱེ་ཁམས་སྔར་བས་ཇེ་ལེགས་སུ་གཏོང་དགོས་ལ། ཁུལ་སྟོན་ལ་གྲ་སྒྲིག་གང་ལེགས་བྱས་ཤིང་། གྲ་སྒྲིག་ལས་དོན་འགན་འཁྲི་རིམ་པ་བཞིན་ལག་ཏུ་བསྟར་ནས། གྲ་སྒྲིག་ལས་དོན་གོ་རིམ་ལྡན་པ་ཡོང་བར་འགན་ལེན་བྱ་དགོས།  

        ལིའུ་ཕིང་གིས་སྙན་ཞུ་ཕུལ་བའི་གོ་རིམ་དུ་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐེངས་མང་བྱས།

        ཚོགས་ཆེན་དུ་ད་དུང་ཀྲུང་གུང་རྔ་བ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་དུ་ཕུལ་བའི་ཡིག་ཐོག་ལས་དོན་སྙན་ཞུ་ལ་གྲོས་ཞིབ་བྱེད་པ་དང་། སྐབས་བཅུ་གཅིག་པའི་ཁུལ་ཨུས་ཏང་གི་གྲོན་དངུལ་བསྡུ་ལེན་དང་། བེད་སྤྱོད། དོ་དམ་བཅས་གནས་ཚུལ་སྐོར་གྱི་ཡིག་ཐོག་སྙན་ཞུ་ཕུལ་བར་ཞིབ་བཤེར་བྱས། 

       ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་མིན་པའི་སྐབས་བཅུ་གཅིག་པའི་ཁུལ་ཨུའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན། ཏང་ནང་གི་འབྲེལ་ཡོད་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས་སོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1