ལྷ་མོའི་གྱོད་གཞིའི་འདྲི་གཅོད་གཉིས་པའི་ཁྲིམས་ར་ཁ་སང་འཚོགས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-30


         ཟླ12པའི་ཚེས28ཉིན། སི་ཁྲོན་རྔ་པ་ཁུལ་གྱི“ཁྱོ་ག་སྔོན་མས་ལྷ་མོ་གསོན་སྲེག་བྱས་ནས་བསད་པའི”གྱོད་གཞིའི་འདྲི་གཅོད་ཐེངས་གཉིས་པ་འཚོགས། ཉིན་དེའི་སྔ་དྲོར་ཁྲིམས་རའི་འདྲི་གཅོད་ནང་ཞུགས་མཁན་ལྷ་མོའི་གཅེན་མོས་ཉིན་དེའི་ཁྲིམས་རའི་འདྲི་གཅོད་མཇུག་བསྒྲིལ་བ་དང་། ཁྲིམས་ར་ནས་ཁྲིམས་གཅོད་ཁྱབ་བསྒྲགས་མ་བྱས་ཞེས་བཤད། ཐེངས་སྔོན་མའི་འདྲི་གཅོད་སྐབས་སུ་ཐང་ལུའུ་ཡིས་བསམ་བཞིན་དུ་མི་བསད་པའི་རྐྱེན་གྱིས་ཁོ་ལ་སྲོག་ཁྲིམས་བཅད་པ་རེད། 2020ལོའི་ཟླ9པའི་ཚེས14ཉིན། ལོ་ན30སོན་པའི་ལྷ་མོས་རྔ་པ་ཁུལ་ཆུ་ཆེན་རྫོང་ཀོན་ཡུན་ཆའོ་གྲོང་རྡལ་གྱི་ཁྱིམ་དུ་ཐད་གཏོང་བྱེད་སྐབས། དེ་སྔའི་བཟའ་ཟླ་ཐང་ལུའུ་གློ་བུར་དུ་ཡོང་ནས་ལྷ་མོའི་ལུས་ཐོག་ལ་རླངས་སྣུམ་བླུགས་ཏེ་མེ་ལ་སྒྲོན་ནས་རྨས་སྐྱོན་ཚབས་ཆེན་བཟོས་ཤིང་། ཟླ་ཕྱེད་ཙམ་ལ་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ལྷ་མོ་ཚེ་ལས་འདས་པ་རེད། ལྷ་མོའི་གཅེན་མོས་བརྗོད་དོན། ཐང་ལུའུ་ཡིས་སྔོན་ཆད་ཁྱིམ་དུ་ལྷ་མོ་ལ་ཐེངས་མང་པོར་བཅར་རྡུང་བྱས་པས་བཟོད་བསྲན་དཀའ་སྟབས་ལྷ་མོས་ཁོ་དང་བཟའ་ཐོར་བྱ་རྒྱུའི་སེམས་ཐ

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1