“འཛམ་གླིང་ཡང་རྩེ”ཞེས་པའི་མཚོ་བོད་མཐོ་སྒང་ནི་ངོ་མཚར་ཆེ་ལ་མཛེས་སྡུག་ལྡན་པ་ཞིག་ཡིན།
ཚན་ཞིབ་མི་སྣ་དང་དང་བླངས་པས་ལ་ལུང་མང་པོ་བརྒལ་ཏེ།
དམར་ཕྱིའི་པར་ཆས་གསང་བའི་གནས་སུ་བཞག་ནས།
ངོ་མཚར་ཆེ་བའི་སྲོག་ཆགས་དེ་དག་གི་འཚོ་བ་ཟིན་ཐོར་བཀོད་འདུག
ཧི་མ་ལ་ཡའི་འཕྱི་བ།
རྒོ་བ།
མཚོ་བོད་མཐོ་སྒང་གི་གསའ།
ཁ་རོག གཟུགས་སྟོབས་ཆེན་པོ་ཅན་ཞིག་སླེབས་བྱུང་།
དམར་ཕྱིའི་པར་ཆས་ཀྱིས་གཅན་གཟན་གསའ་གང་མང་པར་དུ་བླངས་མྱོང་མོད།
སྟོབས་ལྡན་འདི་རང་མཐོང་ཚེ་ཅུང་སྐྲག་སྣང་སྐྱེས་བྱུང་།
སྲོག་ཆགས་འདིའི་མིང་ལ་འབྲོང་ཟེར།
དེ་ནི་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྲོག་ཆགས་རིགས་ཤིག་ཡིན།
ང་ཚོས་རྒྱུས་མངའ་ཆེ་བའི་ཁྱིམ་གྱི་འབྲི་གཡག་ནི་འབྲོང་གི་གཉེན་རྒྱུད་ཉེ་ཤོས་དེ་ཡིན།
འབྲོང་ནི་མཐོ་གྲང་ཁུལ་དུ་འཚོ་བའི་དཔེ་མཚོན་ཅན་གྱི་སྲོག་ཆགས་ཤིག་ཡིན་པས།
གྲང་ངར་དང་ཐན་པ་བཟོད་པའི་ནུས་པ་ཆེན་པོ་ལྡན།
དེ་ཚོའི་སུག་བཞི་སྦོམ་ལ།
ལུས་ཡོངས་སུ་ནག་ཅིང་རིང་བའི་རྩིད་པས་ཁེབས་ཤིང་།
བྲང་ཁོག་དང་གསུས་ཁོག་གི་སྤུ་ཕལ་ཆེར་ས་ངོས་བར་དུ་འཕྱང་འདུག་པས།
བེར་ནག་ཞིག་ལུས་སུ་གྱོན་པ་དང་འདྲ་ལ།
ཆར་རླུང་དང་གྲང་ངར་འགོག་ཐུབ།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ལས་མཚོ་སྔོན་ས་ཁུལ་གྱི།
མི་མེད་ས་བབ་མཐོ་བའི་རི་ཁུལ་དང་ན་ཐང་དག་ནི།
འབྲོང་གི་འཚོ་གནས་བྱེད་ས་ཡིན་ལ།
ནམ་རྒྱུན་ཁྱུ་ཚོགས་བྱས་ཏེ་བསྐྱོད་ཅིང་།
རི་གཟར་ན་ཐང་དང་ཁ་བའི་ཁྲོད་ནས་ཅི་དགར་རྒྱུ་བཞིན་ཡོད།
གངས་ལྗོངས་ས་མཐོར་གནས་པའི་གོང་མོའི་བརྩེ་དུང་གི་བྲོ་གར།
ལྟོ་བ་ནག་པོའི་གོང་མོ་ནི།
དེ་ཕོའི་ཁྱིམ་རྒྱུད་ཁྲོད་དུ།
རྩི་ཤིང་དང་ས་བོན་སྣ་ཚོགས་གཟན་བྱེད་པའི་འདབ་ཆགས་ཤིག་ཡིན།
ཆ་རྒྱུས་མེད་པའི་ཁོར་ཡུག་ཁྲོད།
མཐུན་སྒྲིལ་ནི་འཚོ་གནས་ཀྱི་རྨང་གཞི་ཡིན།
ལྟོ་ནག་གོང་མོ་ནི་རྒྱུན་དུ་ཁྱུ་ཚོགས་བྱས་ཏེ་སྐྱོད་བཞིན་ཡོད།
སྐབས་འདིར་ཁོང་ཚོ་རི་བོ་མཐོན་པོ་ཞིག་གི་ཉག་ཁར་སླེབས་ཤིང་།
ཁོངས་མིའི་བར་མ་སྐུལ་དང་བླངས་ཀྱིས་ཉེན་ཟོན་བརྗེ་རེས་བྱས་ཏེ།
ཁོངས་མི་རྣམས་ཀྱིས་གཟན་འཚོལ་བའི་ལས་ཀ་ལ་འགེབ་སྲུང་ཅི་ཐུབ་བྱེད་བཞིན་ཡོད།
རུ་ཁག་གི་ཆེས་མཐའ་མཇུག་ཏུ་བསྐྱོད་པའི་ལྟོ་ནག་གོང་མོ་དེས།
མཐའ་འཁོར་གྱི་གནས་ཚུལ་བདེ་འཇགས་ཡིན་པ་གཏན་འཁེལ་བྱས་རྗེས།
ད་གཟོད་དཔུང་ཆེན་གྱི་རྗེས་སུ་བསྙེག་སྟེ་ཕྱིན་སོང་།
རྒྱུད་སྤེལ་བའི་དུས་སུ་སེམས་མཐུན་གྱི་མཛའ་བོ་ཞིག་བྱུང་ན།
ལྟོ་ནག་གོང་མོ་ཙོག་པུར་བསྡད་དེ།
གཤོག་པ་གཉིས་ཅུང་ཙམ་བརྐྱངས་ནས་རྔ་སྒྲོ་ཡར་འགྱོགས་ཤིང་།
དཀར་གཙང་གི་རྔ་མའི་འོག་གི་སྤུ་མངོན་བཞིན།
ཡང་དང་ཡང་དུ་དལ་མོར་འགུལ་བ་ཡིན་ལ།
ནམ་ཞིག་བྱ་མོ་དེས་སེམས་པ་ཚུར་ལ་འཁོར་ཚེ།
ཁོང་ཚོས་རྒྱུད་སྤེལ་བའི་ཆེད་དུ་མཉམ་དུ་ཚང་བཟོ་བ་ཡིན།
དམར་ཕྱིའི་པར་ཆས་ལ“རང་བྱུང་ཁམས་ཆེན་མོའི་ལེ་དབར་སྟོང་གི་མིག”ཅེས་པའི་མཚན་སྙན་ཐོབ་ཅིང་།
ལོ་ངོ་བཅུ་ཕྲག་གི་རིང་ལ།
རང་བྱུང་སྲུང་སྐྱོང་ཁུལ་མང་པོར་བཞག་ནས།
རི་ཀླུང་དང་ཆུ་མོའི་བར་ནས་སོ་ལྟ་བྱེད་བཞིན་ཡོད་པས།
སྲུང་སྐྱོབ་ཁུལ་གྱི་ལས་བྱེད་མི་སྣར།
དཔྱད་གཞིའི་རྒྱུ་ཆ་རྩ་ཆེན་འདོན་སྤྲོད་བྱས་ཡོད་ལ།
ང་ཚོས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་བར་བར་ཆད་ཅི་ཡང་མི་བཟོ་བར།
ཡང་ཡང་འཕྲད་པའི་རེ་འདུན་མངོན་འགྱུར་བྱུང་ཡོད་པ་རེད།