ཁྲོན་བོད་ལྕགས་ལམ་གྱི་སི་ཁྲོན་ལམ་དུམ་འཛུགས་སྐྲུན་གྱི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་དར་མདོ་རུ་འཚོགས། ཕེང་ཆིང་ཧྭ་དང་ལུའུ་ཏུང་ཧྥུའུ་ཡིས་གསུང་བཤད་གནང་བ་དང་། ཧོང་ཆང་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


2021ལོའི་ཟླ་12པའི་ཚེས་13ཉིན། ཁྲོན་བོད་ལྕགས་ལམ་གྱི་སི་ཁྲོན་ལམ་དུམ་འཛུགས་སྐྲུན་གྱི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་དེ་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གྱི་ཁྲོན་བོད་ལྕགས་ལམ་གྱི་ར་རྔ་ཁའི་བཀའ་བཞི་དགོན་ཕུག་ལམ་གྱི་འཛུལ་སྒོའི་འཛུགས་སྐྲུན་བྱེད་ཡུལ་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ལུའུ་ཏུང་ཧྥུའུ་རྣམ་གཉིས་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧོང་ཆའང་གྲོས་ཚོགས་སུ་ཞུགས། 
ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་དུས། ཁྲོན་བོད་ལྕགས་ལམ་གྱི་འཆར་འགོད་འཛུགས་སྐྲུན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་དང་དངོས་སུ་བཀོད་སྒྲིག།།དངོས་སུ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་རེད་ལ། དེ་ནི་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བགྲོད་ལམ་གལ་ཆེན་ཞིག་དང་། ནུབ་རྒྱུད་ལ་འཆར་འགོད་དང་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ཇུས་འགོད་ཡིན་པས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ། མཐའ་མཚམས་བརྟན་བརླིང་ཇེ་བརྟན། ནུབ་རྒྱུད་ས་ཁུལ་ལ་སྐུལ་འདེད་གཏོང་བ་བཅས་དང་།  ལྷག་པར་དུ་སི་ཁྲོན་དང་བོད་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་སོགས་ལ་ཕུགས་ཡུན་གྱི་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མུ་མཐུད་དེ་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ལྕགས་ལམ་ཚོགས་པ་དང་ཨར་ལས་ཁེ་ལས་བར་གྱི་མཐུན་སྦྱོར་ཇེ་དྲག་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ཐད་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་དང་མཐུན་སྦྱོར་བྱས་ནས། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོར་བརྟེན་ནས་མཐུན་སྒྲིལ་ལམ་དང་བདེ་སྐྱིད་ཀྱི་ལམ་འདི་འཛུགས་སྐྲུན་ཡག་པོ་ཐུབ་པར་ཁག་ཐེག་བྱེད་དགོས། 
འབྲེལ་ཡོད་ཕྱོགས་སོ་སོས་ཨར་ལས་ཀྱི་སྤུས་ཀ་དང་ཉེན་མེད་དོ་དམ་ཇེ་དྲག་གཏོང་བ་དང་། ཕྱོགས་ཡོངས་ནས་རིགས་འདྲ་མིན་གྱི་མངོན་མེད་ཉེན་ཁ་བསལ་ནས། རྒྱལ་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་སྤུས་ལེགས་ལས་གཞི་དང་ཉེན་མེད་ལས་གཞི་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་མོ་བྱེད་པ་དང་། ཁོར་སྲུང་བྱེད་ཐབས་ཁག་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྕགས་ལམ་འཛུགས་སྐྲུན་གྱིས་ལམ་རྒྱུད་ཀྱི་སྐྱེ་ཁམས་ལ་གནོད་པ་མི་ཐེབས་པར་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་ཀ་དམ་འཛིན་བྱེད་པ་དང་། ལྕགས་ལམ་ལམ་རྒྱུད་ཀྱི་མེ་སྐྱོན་མཉམ་འགོག་མཉམ་འཛིན་ནང་རྐྱེན་འཛུགས་པ་དང་འཐུས་ཚང་བཏང་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཐད་ཀྱི་ཉེན་མེད་འགོག་སྲུང་བརྟན་པོ་འཛུགས་དགོས། དཀར་མཛེས་ཁུལ་དང་འགྲམ་རྒྱུད་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཁོངས་གཏོགས་ས་ཆའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཛུབ་སྟོན་མཐུན་སྦྱོར་ཇེ་དྲག་བཏང་ནས། བྱས་རྗེས་འཇོག་གང་ཐུབ་དང་ཞབས་ཞུ་ཡག་པོ་བསྒྲུབ་དགོས། ང་ཚོས་རང་ནུས་གང་ཡོད་ཀྱིས་རྒྱ་ཆེའི་ལྕགས་ལམ་འཛུགས་སྐྲུན་མཁན་དང་ཨར་ལས་ལག་རྩལ་མི་སྣར་དངོས་ཡོད་ཀྱི་དཀའ་ཁག་སེལ་རོགས་བྱས་ཏེ། ཁོར་ཡུག་ཡག་མོ་སྐྲུན་པ་དང་། ཚང་མས་བློ་བདེ་མོའི་ངང་ནས་ལས་ཀ་བསྒྲུབ་པ་དང་། འཛུགས་སྐྲུན་ལས་འགན་བདེ་བླག་ངང་འགྲུབ་པར་མཐུན་རྐྱེན་སྐྲུན་དགོས་ཞེས་གསུངས། 
 ལུའུ་ཏུང་ཧྥུའུ་ཡིས་གསུང་བཤད་གནང་དུས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ནས་བཟུང་། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་གཅིག་བསྡུས་སྟོབས་ཤུགས་ལ་བརྟེན་ནས་དོན་ཆེན་བསྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། འགན་འཁྲི་གཙོ་བོ་ལག་བསྟར་བྱས་ཏེ། སི་ཁྲོན་དང་བོད་ལྗོངས་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བར་གྱི་མཐུན་སྦྱོར་ཇེ་དྲག་གཏོང་བ། འཛུགས་སྐྲུན་ནང་ཞུགས་པའི་ལས་ཁུངས་སོ་སོ་སྒྲིག་འཛུགས་བྱས་ཏེ་དཀའ་སྤྱད་འབད་བརྩོན་དང་སྤོབས་པ་ཆེན་པོས་འགག་སྒྲོལ་བྱས་པ་བརྒྱུད། དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པར་མ་ཟད། ལམ་ཐིག་ཡོངས་ཀྱི་འཛུགས་སྐྲུན་ཡག་པོ་བྱེད་བཞིན་ཡོད། ཁྲོན་བོད་ལྕགས་ལམ་གྱི་ར་རྔ་ཁ་ནས་སྤོ་མེས་བར་གྱི་ལམ་དུམ་ནི་ལམ་ཐིག་ཡོངས་ལས་མཚོ་འཕགས་ཆེས་མཐོ་བ་དང་ས་གཤིས་དང་ནམ་ཟླའི་ཆ་རྐྱེན་ཅུང་སྡུག་པ། འཛུགས་སྐྲུན་ཐད་དཀའ་ཚེགས་ཆེ་བའི་ལམ་དུམ་ཞིག་རེད། འཛུགས་སྐྲུན་ནང་ཞུགས་པའི་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་ལག་རྩལ་ཐད་ཀྱི་རམ་འདེགས། སྐྱེ་ཁམས་སྲུང་སྐྱོང་། ཉེན་མེད་བློ་གཏད་རུང་བ་བཅས་ཀྱི་སྤྱིའི་རིག་ལམ་ཁོང་དུ་ཆུད་པར་བྱས་ཏེ། སྤུས་ལེགས་ལས་གཞི་དང་ཉེན་མེད་ལས་གཞི། འབག་མེད་ལས་གཞི། གསར་གཏོད་ལས་གཞི། སྤྱོད་གཙང་ལས་གཞི་བཅས་འཛུགས་སྐྲུན་བྱེད་པར་དམིགས་ནས། ཚན་རིག་དང་མཐུན་པའི་ཨར་ལས་དང་ཉེན་མེད་ཨར་ལས། འབག་མེད་ཨར་ལས་བཅས་དམ་འཛིན་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཇེ་དྲག་བཏང་སྟེ། གཟི་བརྗིད་ལྡན་ཞིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་དགོས་ཞེས་གསུངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1