ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་མི་རིགས་ལས་དོན་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་ཐོག །

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05




ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་གཏོང་བ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་དུས་རབས་གསར་པའི་སི་ཁྲོན་གྱི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གྱིས་བསྟན། 


2021ལོའི་ཟླ་12པའི་ཚེས་27ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་མི་རིགས་ལས་དོན་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་ཁྲེང་ཏུའུ་རུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། དུས་བབ་གསར་པ་དང་ལས་འགན་གསར་པ་དམ་འཛིན་ཡང་དག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའིི་འདུ་ཤེས་བརྟན་པོ་འཛུགས་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། མི་རིགས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བཅས་བྱས་ནས་དུས་རབས་གསར་པའི་སི་ཁྲོན་གྱི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས།

ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་སྐབས། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་བཞག་ནས་འཆར་འགོད་དང་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་དང་།རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་སྟེ། རང་རེའི་ཏང་གིས་མི་རིགས་ཁྱབ་ཁོངས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་རླབས་ཆེའི་ལག་ལེན་དང་རྩ་ཆེའི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཏང་གི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ། དུས་རབས་གསར་པའི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་ཆེད་ཁ་ཕྱོགས་ཀྱི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བཏོན།

ཕེང་ཆིང་ཧྭ་ཡིས་སི་ཁྲོན་ཞིང་ཆེན་ནི་མི་རིགས་མང་པོ་འདུས་པའི་ཞིང་ཆེན་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ཇེ་དྲག་གཏོང་བ་དང་ལེགས་བསྒྱུར་སྐོར་གྱི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ནས་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བཞག་ཁག་ལ་འབད་པ་དང་ཕྱོགས་སོ་སོ་ལ་ཕན་འབྲས་གསར་པ་ཐོབ་ཡོད། དུས་རབས་གསར་པའི་སི་ཁྲོན་མི་རིགས་ལས་དོན་ཡག་པོར་བསྒྲུབ་དགོས་པ་དང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ཇེ་དྲག་གཏོང་བ་དང་ལེགས་བསྒྱུར་སྐོར་གྱི་དགོངས་དོན་གལ་ཆེན་ཁོང་དུ་ཡང་དག་ཆུད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་དགོས་པའི་ལམ་ཕྱོགས་གཙོ་བོ་འདི་ཁོང་དུ་ཡག་དག་ཆུད་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་འགན་འཁྲི་ཁོང་དུ་ཡག་དག་ཆུད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་པའི་ལམ་བུ་ཡང་དག་ཐོག་སྐྱོད་པ། ཞིང་ཆེན་གྱི་གནས་ཚུལ་ལ་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བབཞག་ཁག་ཡག་པོ་བསྒྲུབ་པ་བཅས་བྱས་ནས་སི་ཁྲོན་གྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། “ངོས་འཛིན་ལྔ”ཕྱོགས་ཡོངས་ནས་ཇེ་དྲག་གཏོང་བར་དམ་པོར་དམིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བའི་སློབ་གསོ་ཇེ་དྲག །རྒྱལ་གཅེས་རིང་ལུགས་གཙོ་བོ་བྱེད་པའི་མི་རིགས་སྙིང་སྟོབས་དར་སྤེལ་ཆེན་པོ། ཏང་གི་ལོ་རྒྱུས་གཙོ་བོར་བྱེད་པའི་ལོ་རྒྱུས་བཞི་སློབ་སྦྱོང་དང་སློབ་གསོ་མུ་མཐུད་དུ་དམ་འཛིན། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འཕེལ་རྒྱས་ལས་གཞི་ལག་བསྟར་ཟབ་མོ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་ཁྱབ་གདལ་བཅས་བྱས་ནས། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་འབད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་མཉམ་དུ་འབྱོར་ཕྱུག་ཡོང་བར་སྐུལ་བ་གཉིས་ལ་དམིགས་པ་དང་། མི་རིགས་ས་ཁུལ་གྱི་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཡག་པོ། སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཟབ་སྤེལ་བཅས་བྱས་ནས། མི་རིགས་ས་ཁུལ་དེང་རབས་ཅན་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་གཏོང་དགོས། མི་རིགས་སོ་སོའི་བར་འགྲོ་འོང་དང་འབྲེལ་འདྲིས་སྐུལ་སྤེལ་བྱེད་པར་དམིགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་ཟབ་མོ་བྱས་ནས། ཕན་ཚུན་རོགས་རམ་དང་འཆམ་མཐུན་ལྡན་པའི་སྤྱི་ཚོགས་སྒྲིག་གཞི་དང་སྤྱི་ཚོགས་ཆ་རྐྱེན་མུ་མཐུད་དུ་གཏོད་དགོས། མ་ལག་ཆ་ཚང་འཛུགས་སྐྱོང་དང་སྒྲིག་ལམ་ལེགས་སྐྱོང་ལ་དམིགས་པ་དང་། མི་རིགས་ལས་དོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་ཆ་ཚང་དང་ལེགས་བསྒྱུར་བྱེད་པ། ཁྲིམས་ལྟར་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ནས། མི་རིགས་བྱ་བཞག་བཅོས་སྐྱོང་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་དང་བརྟན་བརླིང་ལ་དམིགས་པ་དང་། མི་རིགས་ས་ཁོངས་ཀྱི་མི་མངོན་པའི་ཉེན་ཁ་ཚབས་ཆེན་བཀག་ནས། ས་ཁོངས་རང་བཞིན་གྱི་ཉེན་ཁ་མི་ཡོང་བའི་མ་མཐའི་ཚད་གཞི་སྲུང་དགོས་ཞེས་གསུངས།

ཕེང་ཆིང་ཧྭ་ཡིས་སི་ཁྲོན་ཞིང་ཆེན་ནི་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྱི་གལ་ཆེ་སའི་ཞིང་ཆེན་ཡིན་ལ། ཉེ་བའི་ལོ་ཤས་རིང་སི་ཁྲོན་ཞིང་ཆེན་ཏང་ཨུས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཡོད་ལ། ཆོས་ལུགས་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལས་དོན་གྱི་ནང་བཞག་ནས་འཆར་འགོད་དང་ལག་བསྟར་བྱེད་བཞིན་ཡོད་པས་ཕན་འབྲས་བཟང་པོ་ཐོབ་ཡོད། གནས་བབ་གསར་པ་དང་འགན་འཁྲི་གསར་པར་ཐུག་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་མོ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ནས། དུས་རབས་གསར་པའི་སི་ཁྲོན་ཆོས་ལུགས་ལས་དོན་ཡག་པོར་བསྒྲུབ་དགོས། ཆོས་ལུགས་ཁག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བས་འགོ་ཁྲིད་པ་ལ་སྣེ་ཁྲིད་པ་དང་རྒྱབ་སྐྱོར་བྱེད་པ་དང་། “ངོས་འཛིན་ལྔ”ཇེ་དྲག་གཏོང་བ་དམིགས་འབེན་དུ་འཛིན་པ། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་གཏིང་ཟབ་བཅས་བྱས་ནས། ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཕན་ཚུན་འདྲེས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་ཆོས་ལུགས་སུ་འགྱུར་བར་བྱེད་དགོས། ཏང་སྲིད་ལས་བྱེད་དཔུང་སྡེ་དང་ཆོས་ལུགས་སྐུ་ཚབ་མི་སྣའི་དཔུང་སྡེ། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་རིག་པའི་ཞིབ་འཇུག་དཔུང་ཁག་བཅས་གསོ་སྐྱོང་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པར་གནོད་པའི་འབུར་ཐོན་གནད་དོན་ཐག་བཅད་ནས། སི་ཁྲོན་ཞིང་ཆེན་གྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་མི་མངོན་ཉེན་ཁ་འགོག་པ་དང་སེལ་དགོས། སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ཕྱོགས་ཡོངས་ནས་བྱེད་དགོས་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཇེ་དྲག་དང་སྲིད་ཇུས་ཁྲིམས་སྲོལ་དོན་འཁྱོལ་ནན་མོ་བཅས་བྱས་ནས། ཁྲིམས་སྐྱོང་གི་རིག་ལམ་དང་ཁྲིམས་སྐྱོང་གི་ཐབས་ཤེས་ལ་བརྟེན་ནས་ཆོས་ལུགས་གནད་དོན་ཐག་གཅོད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱི་རང་ཉིད་སློབ་གསོ་དང་རང་ཉིད་དོ་དམ། རང་ཉིད་ཚོད་འཛིན་བཅས་ཇེ་དྲག་གཏོང་བར་རྒྱབ་སྐྱོར་དང་སྣེ་ཁྲིད་པ་དང་། ཆོས་ལུགས་བཅོས་སྐྱོང་ཁྱོན་ཡོངས་ནས་ནན་མོ་བྱས་ནས། ཆོས་ལུགས་ཚོགས་པའི་རང་ཉིད་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས་ཞེས་ནན་གསུང་གནང་། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1