ཏང་གི་ལོ་བརྒྱའི་ངོ་མཚར་ཕྱོགས་བསྡོམས་བྱས་ཏེ། གྲུབ་འབྲས་གསར་པ་གཏོད་པའི་ལམ་དུ་ཆས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


2021ལོར་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱ་ལ་སླེབས་པའི་འཁྲུངས་སྐར་བསུས་ཤིང་། ལོ་བརྒྱའི་གཟི་དཔལ་སྔར་བཞིན་འཚེར། ལོ་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་གི་ལོ་བརྒྱའི་འབད་བརྩོན་གྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གནང་བ་རེད། དོན་ཆེན་འདི་དག་བརྗོད་གཞི་གཅིག་ཏུ་འདུས་ཡོད་དེ། དེ་ནི་ལོ་རྒྱུས་མེ་ལོང་དུ་བཟུང་ནས་མ་འོངས་གསར་འབྱེད་བྱེད་པ་དེའོ། །

ལོ་རྒྱུས་དཔང་ལ་བཞག་ནས་མཚར་སྡུག་འདས་སོང་ཕྱོགས་བསྡོམས་བྱེད།

ལོ་རྒྱུས་མེ་ལོང་དུ་བཟུང་ན་དར་རྒྱས་དང་ཉམས་རྒུད་ཀྱི་རྩ་བ་རིག

2021ལོའི་ཟླ་2པར། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་བརྒྱ་ལ“རང་རེའི་ཏང་གི་ལོ་བརྒྱ་ནི་ཐོག་མའི་སེམས་འདུན་ལག་ལེན་བསྟར་རྒྱུའི་དམ་བཅའ་བཞག་པའི་ལོ་བརྒྱ་དང་། དཀའ་སྤྱད་ལས་གཏོད་བྱེད་པའི་ལོ་བརྒྱ། མཚར་སྡུག་མ་འོངས་གཏོད་པའི་ལོ་བརྒྱ་ཡིན”ཞེས་ཕྱོགས་བསྡུས་གནང་།
2021ལོའི་ཟླ་7པར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག །ཞི་ཅིན་ཕིང་གིས་གནམ་བདེ་སྒོ་མོ་ཆེའི་མཁར་སྒོའི་ཐོག་བཞེངས་ནས་བརྩེ་བ་ཟབ་མོས་འདི་ལྟར་བསྟོད་བསྔགས་བྱས། ལོ་བརྒྱ་ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས“བློས་གཏོང་ཕོད་པའི་དཔའ་བོའི་སྙིང་སྟོབས་ཀྱིས། གནམ་ས་བླ་འོག་བསྒྱུར་བར་སྐྲག་སྣང་ཅི།”ལྟ་བུའི་ཞུམ་མེད་ཀྱི་བློ་སྟོབས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཐོག་གི་ཆེས་ངོ་མཚར་བའི་ལོ་རྒྱུས་སྙན་ངག་འབྲི་བཞེངས་གནང་། ལོ་ངོ་བརྒྱ་ཡི་རིང་གསར་དུ་བཏོད་པའི་རླབས་ཆེའི་བགྲོད་ལམ་དང་། གསར་དུ་བཏོད་པའི་རླབས་ཆེའི་བྱ་བཞག་དང་རླབས་ཆེའི་གྲུབ་འབྲས་བཅས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དང་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ངེས་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བཏོད་པའི“རླབས་ཆེའི་གྲུབ་འབྲས”བཞི་ཕྱོགས་བསྡོམས་གཏིང་ཟབ་གནང་བ་དང་ཏང་གི་ལོ་བརྒྱ་དེ་ལོ་རྒྱུས་ཀྱི་དུས་མཚམས་བཞིར་ཕྱེས་ཡོད།

“ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར”དང་།“ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ” “ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད”“ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས”“ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས”ལས“ལོ་རྒྱུས་རང་བཞིན”ཞེས་པའི་ཡིག་འབྲུ་གསུམ་ཡང་ཡང་གླེང་བ་རེད། ཞི་ཅིན་ཕིང་གིས་ལོ་རྒྱུས་རང་བཞིན་གྱི་དོན་རྐྱེན་གལ་ཆེན་རབ་དང་རིམ་པ་གླེང་བ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་རེ་རེར་གྱུར་ཡོད། དེ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱིི་ལོ་རྒྱུས་ཐོག་འོད་སྟོང་རབ་ཏུ་འཕྲོ་བའི་ལེའུ་ཞིག་ཡིན་པ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ད་ལྟའི་གནས་བབ་བསྐྲུན་པ་ཡིན་ལ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་མ་འོངས་མཚོན་པར་བྱས་ཡོད།

2021ལོའི་ཟླ་11པར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ལོ་བརྒྱའི་འབད་བརྩོན་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱེད་པའི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་དཔྱད་བྱས་པ་དང་། ཏང་གི་ལོ་རྒྱུས་སྟེང་གི་གྲོས་ཆོད་གསུམ་པ་སྟེ《ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་བརྩོན་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།

གྲོས་ཆོད་ནང་ལོ་རྒྱུས་ཀྱི་ཟུར་ཚད་ཡངས་པོའི་ཐོག་ནས་ཕྱོགས་ལྔའི་ཐད་ནས“ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་བརྩོན་གྱི་ལོ་རྒྱུས་དོན་སྙིང”ལ་ཕྱོགས་བསྡོམས་བྱས་ཡོད་པ་སྟེ།

“རྩ་བའི་ཐོག་ནས་ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་འགྱུར་ལྡོག་བཏང་ཡོད་པ”དང“ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཡང་དག་པའི་ལམ་བུ་བཏོད་པ”“མར་ཁེ་སི་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་མངོན་པ”“འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ”“དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་ཀྲུང་གོ་གུང་ཁྲན་ཏང་འཛུགས་སྐྱོང་བྱས་པ”བཅས་རེད།

ཞི་ཅིན་ཕིང་གིས། དོན་ཚན་ལྔ་པོ་དེའི་ནང་ཀྲུང་ཧྭའི་ས་གཞི་ཆེན་པོར་གཞི་ཚུགས་ཡོད་ལ་མིའི་རིགས་ཀྱི་འབྱུང་འགྱུར་ལའང་དམིགས་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་བར་གྱི་འབྲེལ་བ་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མར་ཁེ་སི་རིང་ལུགས། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བཅས་བར་གྱི་འབྲེལ་བ་མཚོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་བརྩོན་བྱས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་འབྲེལ་མཐུད་ཐུབ་ཡོད་ཅེས་མཛུབ་སྟོན་གནང་།

ལོ་རྒྱུས་ཀྱི་རྩ་བ་ཡིས་ཡངས་ཤིང་རྒྱ་ཆེ་བའི་མིག་རྒྱང་བཏོད་ཡོད། ཞི་ཅིན་ཕིང་གིས་ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱོགས་བསྡོམས་གཏིང་ཟབ་གནང་ནས་ལོ་བརྒྱ་ཡི་ཏང་གི་ལོ་རྒྱུས་ཀྱི་དཔྱད་གཞིར་འཛིན་པ་དེ་ཡུལ་དུས་གསལ་བར་བྱས་ཡོད།

ལོ་རྒྱུས་སློབ་སྦྱོང་བྱས་ནས་བསམ་བློ་སྦྱོང་བརྡར་བྱེད། དེང་གི་སྟོབས་ཤུགས་ཐ་དག་གཅིག་ཏུ་བསྒྲིལ།

ཏང་གི་ལོ་རྒྱུས་ནི་ཆེས་གསོན་ཉམས་ལྡན་ཞིང་གོ་བསྐོན་བློ་འགུག་གི་ནུས་པ་ལྡན་པའི་སློབ་དེབ་ཡིན།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ལོ་ངོ་བརྒྱ་ཕྲག་རིང་གི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་།“ལོ་བརྒྱ་གཉིས”ཀྱི་འབད་བརྩོན་དམིགས་འབེན་དང་ལོ་རྒྱུས་ཀྱི་འདྲེས་མཚམས་སུ་བཞག་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་རང་རེའི་ཏང་གིས་སྔར་ནས་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་མཐོང་ཆེན་གནང་བ་དང་། ཏང་གི་འབད་བརྩོན་ལོ་རྒྱུས་དང་རླབས་ཆེའི་གྲུབ་འབྲས་ལ་བརྟེན་ནས་བློ་སྟོབས་འཕེལ་བ་དང་ཁ་ཕྱོགས་གསལ་སྟོན་བྱ་རྒྱུར་མཐོང་ཆེན་བྱེད་པ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་དད་སེམས་བརྟན་པོ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཏང་གི་ལག་ལེན་དངོས་ཀྱི་གསར་གཏོད་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྟེན་ནས་བློ་གྲོས་ཀྱི་སྒོ་མོ་ཕྱེས་ཤིང་ཀུན་སྤྱོད་ལ་ཞུན་བརྡར་བྱེད་པ་རེད་ཅེས་གསུངས།

ལོ་རྒྱུས་སློབ་སྦྱོང་དང་ཕྱོགས་བསྡོམས་བྱེད་པར་མཐོང་ཆེན་དང་། ལོ་རྒྱུས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་བེད་སྤྱོད་བྱེད་པར་མཐོང་ཆེན། ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པར་མཐོང་ཆེན་བྱེད་པ་ནི་ཏང་གིས་ཆུང་བ་ནས་ཆེ་བར་འགྱུར་བ་དང་། ཞན་པ་ནས་སྟོབས་ལྡན་དུ་གྱུར་ནས་རྒྱུན་ཆད་མེད་པར་རྒྱལ་ཁ་ཐོབ་པའི་རྒྱུ་རྐྱེན་གལ་ཆེན་དང་། ཏང་གི་ལེགས་འགྲུབ་ཡོང་བའི་གནས་ལུགས་གལ་ཆེན་ཞིག་རེད།

དེ་ཡང་ཞི་ཅིན་ཕིང་གིས་གསུངས་པ་ལྟར། ང་ཚོས་ལོ་རྒྱུས་ཀྱིས་མངོན་སུམ་མཐོང་ཐུབ་པ་དང་། རྒྱང་རིང་གི་མ་འོངས་ལ་ལྟ་བ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་བརྩོན་ཁྲོད་ནས་འདས་ཟིན་པར་ང་ཚོས་ཅིའི་ཕྱིར་རྒྱལ་ཁ་ཐོབ་པ་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་གྲུབ་འབྲས་ཐོབ་ཐུབ་པ་གསལ་པོར་མཐོང་དགོས།

“བདུན་གཅིག”གི་གསུང་བཤད་གལ་ཆེན་ནང་ཞི་ཅིན་ཕིང་གིས“ངེས་པར་དུ་བྱེད་དགོས་པ་དགུ”ལས་ལོ་བརྒྱའི་འབད་བརྩོན་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་གཏིང་ཟབ་གནང་ཡོད་པ་འདི་ལྟ་སྟེ།

“ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས”“ངེས་པར་དུ་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བར་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་དགོས”“ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས”“ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས”“ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་གཏོང་དགོས”“ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་གཏོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས”“ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་དགོས“ངེས་པར་དུ་ཀྲུང་ཧྭ་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་དགོས”“ངེས་པར་དུ་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས”པ་བཅས་ཡིན།

“ངེས་པར་དུ་བྱེད་དགོས་པ་དགུ”ལས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དབུ་ཁྲིད་སྲོག་ཤིང་དང་། རིན་ཐང་འཚོལ་སྙེག །རིགས་པའི་གཞུང་ལུགས་ཁྲིད་སྟོན། འཐབ་ཇུས་འདེགས་སྐྱོར། ཕྱི་རོལ་ཁོར་ཡུག །སྟོབས་ཤུགས་འབྱུང་ཁུངས་སོགས་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་ཡོད།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དེས“མཐའ་འཁྱོངས་བཅུའི”ཐོག་ནས“ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་བརྩོན་གྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས”བྱས་པ་སྟེ།

“ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ”“མི་དམངས་གོང་བཀུར་མཐའ་འཁྱོངས་བྱེད་པ”“རིགས་པའི་གཞུང་ལུགས་གསར་གཏོད་མཐའ་འཁྱོངས་བྱེད་པ”“རང་བཙན་རང་བདག་མཐའ་འཁྱོངས་བྱེད་པ”“ཀྲུང་གོའི་ལམ་བུ་མཐའ་འཁྱོངས་བྱེད་པ”“བློ་རྒྱ་ཆེན་པོ་མཐའ་འཁྱོངས་བྱེད་པ”“འཐབ་རྩོད་བྱེད་ཕོད་པ་མཐའ་འཁྱོངས་བྱེད་པ”“འཐབ་ཕྱོགས་གཅིག་གྱུར་མཐའ་འཁྱོངས་བྱེད་པ”“རང་ཉིད་ཀྱི་གསར་བརྗེ་མཐའ་འཁྱོངས་བྱེད་པ”བཅས་ཡིན།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ལོ་རྒྱུས་ཀྱི་ཉམས་མྱོང་དོན་ཚན་བཅུ་པོ་དེ་ནི་བརྒྱུད་རིམ་ཆ་ཚང་ཞིང་ཕན་ཚུན་འབྲེལ་མཐུད་ཐུབ་པའི་གོང་བུ་གཅིག་ཏུ་གྱུར་པ་ཞིག་ཡིན་ཞིང་། ཏང་དང་མི་དམངས་ཀྱི་བྱ་བཞག་ཟམ་མི་ཆད་པར་ལེགས་འགྲུབ་ཡོང་བའི་རྩ་བའི་འགན་ལེན་གསལ་སྟོན་བྱས་པ་དང་། ཏང་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་ལངས་ཐུབ་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གསལ་སྟོན་བྱས་པ། ཏང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པའི་རྩ་བའི་རྒྱུ་རྐྱེན་གསལ་སྟོན་བྱས་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པ་དང་། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་རྩ་བའི་ཐབས་ལམ་གསལ་སྟོན་བྱས་ཡོད།

“ངེས་པར་དུ་བྱེད་དགོས་པ་དགུ”དང་ཡང་ན“མཐའ་འཁྱོངས་བྱེད་དགོས་པ་བཅུ”གང་ཡིན་རུང་ཚང་མར་ལོ་རྒྱུས་ཀྱི་རྒྱལ་ཕམ་དང་ཐོབ་ཤོར་གྱི་ཁྲོད་དུ་འདུས་ཡོད་པ་དང་། འབད་བརྩོན་བྱེད་པའི་ཁྲག་དྲོན་དང་རྔུལ་ཆུ་འདུས་ཡོད་པས། གུང་ཁྲན་ཏང་མིའི་བློ་གྲོས་དང་དཔའ་སྟོབས་མངོན་ཡོད།

ལོ་རྒྱུས་ལས་ཉམས་མྱོང་འཚོལ་བ་དང་། ལོ་རྒྱུས་ལས་ཆོས་ཉིད་འཚོལ་བ་ནི་ང་ཚོས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི“སློབ་དེབ”ལས་འཚོ་བཅུད་བསྡུ་ལེན་བྱས་ཏེ་ད་ཆའི་མདུན་སྐྱོད་ཀྱི་སྟོབས་ཤུགས་སུ་གྱུར་ཡོད།

ཞི་ཅིན་ཕིང་གིས་མདུན་སྐྱོད་ལམ་བུའི་ཐོག་གི་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་ཁ་གཏད་གཅོག་དགོས་ན་ངེས་པར་དུ་ལོ་རྒྱུས་ཁྲོད་ནས་བློ་སྒོ་འབྱེད་ཐུབ་པ་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ནས་དགྲ་འདུལ་གཡུལ་རྒྱལ་གྱི་མཆོག་ནོར་གདམ་དགོས།

ལོ་རྒྱུས་སུ་ང་ཚོ“གང་ནས་ཡོང་བའི”གསང་བའི་ཨང་རྟགས་ཡོད་པར་མ་ཟད། ང་ཚོ“ཕྱོགས་གང་ལ་འགྲོ་དགོས་པའི”ལམ་རྟགས་ཀྱང་བཀོད་ཡོད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་བརྒྱ་ཡི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་ཤོག་ཅིག་ཕུལ་ཡོད། ད་ལྟ་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སླར་ཡང་ལོ་བརྒྱ་གཉིས་པའི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་ལེན་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཏང་ཡོན་ཡོངས་ལ་འབོད་སྐུལ་གནང་བ་སྟེ། “ཏང་ཀྲུང་དབྱང་གིས་ཁྱེད་ཚོར་འབོད་སྐུལ་གནང་ནས་ཐོག་མའི་སེམས་འདུན་བློ་ལ་བརྟན་པོར་ངེས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བསྒྲུབ་པ། དཀའ་བ་མཉམ་སྤྱོད་དང་སྐྱིད་སྡུག་མཉམ་མྱོང་བྱེད་པ། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་མུ་མཐུད་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱས་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་ཧུར་ཐག་བྱེད་དགོས” ཞེས་གསུངས།

ལོ་རྒྱུས་ལ་ཆེས་ལེགས་པའི་གུས་བཀུར་ནི་ལོ་རྒྱུས་གསར་པ་འབྲི་བ་དང་། མ་འོངས་དམ་འཛིན་ཡག་ཤོས་ནི་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་གཏོད་རྒྱུ་དེ་རེད།

སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན།

ཏང་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་གྱི་སྒོ་ནས་གཏན་འཁེལ་བྱས་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ། དམིགས་ཡུལ་མ་འགྲུབ་བར་དུ་འབད་པ་ལྷོད་མེད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་ལྷོད་མེད་གཏོང་དགོས།

ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་པོ་བཅས་ངེས་པར་དུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་ཕྱུག་འགྱུར་དང་། རྒྱལ་ཁབ་སྟོབས་ལྡན། ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་དུས་ནམ་ཡང་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་དགོས།

ངེས་པར་དུ་དཀའ་སྤྱད་འབད་བརྩོན་དང་བདེ་སྡོད་ཉེན་བསམ་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་མུ་མཐུད་སྐུལ་འདེད་གཏོང་དགོས།

ངེས་པར་དུ་རྒྱུན་འཛིན་བྱེད་མཁན་ཡོད་པ་བྱ་རྒྱུའི་རྩ་བའི་ཇུས་ཆེན་འདི་དམ་འཛིན་ལེགས་པར་བྱེད་དགོས།

……

འདི་ནི་ལོ་བརྒྱའི་རིང་གི་ཏང་ཆེན་པོ་ཞིག་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་དཔུང་སྐྱོད་དུང་བརྡ་དང་མུ་མཐུད་འབད་བརྩོན་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་རེད།

ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པར་གྲོས་འཆམ་བྱུང་བའི་སྐབས་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནི་སྤོབས་པ་ཚད་མེད་ལྡན་པ་ཞིག་ཡིན། ཁོང་གིས“དེ་རིང་ང་ཚོས་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ཐད་དེ་བས་ཐག་ཉེ་དང་། དེ་བས་ཡིད་ཆེས། ནུས་པ་བཅས་ལྡན་ཡོད། འགོ་འཛུགས་ས་གསར་པའི་ཐོག་ཏང་ཡོངས་ཀྱིས་ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཐབ་ཇུས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ‘རྒྱལ་ཁབ་་སྟོབས་ལྡན’བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ང་ཚོ་མི་རབས་འདིའི་བྱས་རྗེས་འཇོག་དགོས”ཞེས་གསུངས་པ་རེད།

ཡངས་པའི་མིག་རྒྱང་གིས་འོད་གསལ་གྱི་མ་འོངས་པ་ཐག་གཅོད་བྱ་ཐུབ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1