རྐང་འབམ་ནད་ལ་དོ་སྣང་ལེགས་པོ་བྱ་དགོས་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19


རྐང་འབམ་ནད་ནི་ཧ་ཅང་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ཏེ། གཙོ་བོ་ལྷན་སྐྱེས་རང་བཞིན་གྱི་ཁྲག་རྩའི་ལྡེབས་སྐྱི་ཞན་པའམ་ཡང་ན་འདུག་སྟངས་གཅིག་གིས་དུས་ཡུན་རིང་པོར་བསྡད་པ་ལས། སྡོད་རྩའི་སྐྱི་འདབ་ལ་གཏོར་བརླག་ཐེབས་ཤིང་སྡོད་རྩའི་གནོན་ཤུགས་ཇེ་མཐོར་བཏང་བས། ཁྲག་རྩ་དེ་སྐྱི་ལྤགས་ཀྱི་ཕྱི་རོལ་ཏུ་འབུར་བ་རེད།

རྐང་འབམ་ནད་ནི་མང་ཆེ་བ་ལུས་སྨད་དུ་འབྱུང་ཞིང་། གསང་སྒྲོའི་སྲིད་ཐག་དང་གསུས་ཁོག་སྡོད་རྩ། ཕོ་གྲེའི་རྐང་འབམ་ནད་སོགས་ནི་ཧ་ཅང་རྒྱུན་མཐོང་གི་རྐང་འབམ་ནད་རིགས་ཀྱི་ནད་ཡིན་ལ། གཙོ་བོ་འགྲིམ་འགྲུལ་ཉེན་རྟོག་པ་དང་དགེ་རྒན། ཞིང་པ་སོགས་ཀྱི་ལངས་ཡུན་རིང་བའི་མི་ཚོགས་ལ་འབྱུང་བ་རེད།

རྐང་འབམ་ནད་གི་ནད་རྟགས་ལ་རྣམ་པ་སྣ་ཚོགས་ཡོད་དེ། ཡང་མོ་ཅན་ལ་ལུས་སྨད་ལྗིད་ཏིག་ཏིག་ཏུ་འདུག་པའི་ཚོར་སྣང་དང་ཡང་ན་དམུ་སྐྲངས་འབྱུང་བ་ལས་སྐྱི་ལྤགས་ཀྱི་ཕྱི་ངོས་སུ་ནད་རྟགས་གང་ཡང་མེད། ནད་ཡུན་ཇེ་རིང་དུ་སོང་བ་དང་བསྟུན་ནས། རྐང་ངར་དང་བརླ་ངོས་ཀྱི་སྐྱི་ལྤགས་ལ་ཟ་འཕྲུག་ལངས་པ་དང་རལ་ཟགས་འབྱུང་ཞིང་། སྐྱི་ལྤགས་ཀྱི་ཕྱི་ངོས་ནས་བལྟས་ན་རྐང་འབམ་ནད་མཐོང་ཐུབ་པར་མ་ཟད། སྐྱི་ལྤགས་ནག་པོར་གྱུར་ཏེ་རལ་ཟགས་འབྱུང་བ་རེད།

རྐང་འབམ་ནད་བྱུང་རྗེས་མྱུར་དུ་སྨན་བཅོས་བྱེད་དགོས། ནད་རྟགས་ཡང་མོ་ཅན་གྱིས་སྨན་འཐུང་བའམ་ཡང་ན་གནོན་ཤུགས་གསོ་བཅོས་བྱེད་དགོས་ལ། ལུས་སྨད་ཇེ་ལྗིད་ནས་ཇེ་ལྗིད་དུ་འགྲོ་བའི་ཚོར་སྣང་འབྱུང་བ་དང་སྐྱི་པགས་ཀྱི་ཕྱི་ངོས་སུ་རྐང་འབམ་ནད་མང་པོ་མཐོང་ཐུབ་པའི་སྐབས་སུ། གཤག་བཅོས་བྱས་ཏེ་གསོ་བཅོས་བྱ་དགོས།

“གསོ་བཅོས་བྱས་པ་ལས་སྔོན་འགོག་བྱེད་པ་དགའ”ཞེས་པ་ལྟར། འཚོ་བའི་གོམས་སྲོལ་མི་ལེགས་པ་བསྒྱུར་བཅོས་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། རྒན་པ་རྣམས་དུས་རྒྱུན་དུ་ཡུན་རིང་པོར་ལངས་པའམ་ཡང་ན་ཡུན་རིང་པོར་ཙོག་པ་སོགས་བྱེད་མི་རུང་བ་དང་། དེ་ལས་གཞན་ད་རུང་ཆང་དང་དུ་བ་བཅད་དེ་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏང་དགོས། གལ་ཏེ་རྐང་འབམ་ནད་གི་ནད་བྱུང་ན། ལྗིད་འདེགས་དང་ཀུམ་ཙོག་སོགས་ལུས་སྨད་ཀྱི་སྡོད་རྩར་གནོན་ཤུགས་ཐེབས་པའི་འགུལ་སྐྱོད་མི་བྱེད་པར། ཆུ་བསྐྱལ་བ་དང་ལྕགས་རྟར་ཞོན་པ་སོགས་ཀྱི་ལུས་སྦྱོང་མང་དུ་བྱ་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1