དུས་རབས་ཀྱི་ཟིལ་ཤུགས་དང་ཡར་བརྩོན་གྱི་བླ་སྲོག་བཏོད།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 01-21




——ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོགས་ཚུན་གྱི་རྔ་བ་ཁུལ་གྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་ལས་དོན་བསྡོམས་བཤད།


      འདས་པའི་ལོ་ལྔ་ནི་ཕལ་བ་ལས་འགོངས་ཤིང་ཁྱད་དུ་འཕགས་པ། ཕན་འབྲས་མངོན་གསལ་ལྡན་པ་ཞིག་རེད།

      “རྔ་བའི་དམག་ཐབས”ཀྱིས་བྱས་རྗེས་ངོ་མཚར་ཕུལ་དུ་བྱུང་བ་ཞིག་སྐྲུན་ཡོད་དེ། ཁུལ་ཡོངས་ཀྱི་རྫོང་ཁག(གྲོང་ཁྱེར)13པོ་ཚང་མའི་དབུལ་ཞྭ་ཕུད་ནས།“ལོ་གཅིག་གི་སྔོན་ལ་གཞི་རྩའི་ཆ་ནས་དབུལ་སྒྲོལ”བྱས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་།“རྔ་བའི་སྟོབས་ཤུགས”ཀྱིས་དུས་བཀག་མཉམ་སེལ་བྱས་པ་སྟེ། ཐོལ་བྱུང་གི “6·24”མའོ་རྫོང་གི་རི་ཉིལ་དང་། “8·8” གཟི་རྩ་སྡེ་དགུའི་ས་ཡོམ། “8·20”ཝུན་ཁྲོན་དུ་བྱུང་བའི་འདམ་རྡོའི་ཆུ་རུད་ཚབས་ཆེན་སོགས་རང་བྱུང་གནོད་འཚེར་དམིགས་ནས་ཉེན་སེལ་མྱུར་སྐྱོབ་གང་ལེགས་བྱས། སྔར་བྱུང་མ་མྱོང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་རང་ཁུལ་ནི་སི་ཁྲོན་གྱི་“ནད་པ་མེད་པར”གཏོང་བའི་ས་ཁུལ་ཐོག་མ་ཡིན། “རྔ་བའི་བགྲོད་ལམ་གསར་བ"ནི་ཇེ་ཡངས་ནས་ཇེ་ཡངས་དང་། ཕྱོགས་བསྡུས་དཔལ་འབྱོར་གྱི་སྟོབས་ཤུགས་ཆེས་ཆེར་འཕར་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་ལེགས་པར་གྲུབ། A4རིམ་པའི་མཛེས་ལྗོངས་ཁུལ་རྫོང(གྲོང་ཁྱེར)ཡོངས་སུ་ཁྱབ་པ། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཀྱི་ཚོགས་ཆེན་བདེ་བླག་ངང་གཉེར་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་བའི་རྒྱང་སྐྱོད་ལམ་བུ་གསར་བར་གོམ་སྟབས་སྤོས།

      མཚན་སྙན་གྲགས་ཀྱི་རྒྱབ་ན་ཁུལ་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་དུ་བྱས་ཏེ། “འདུ་ཤེས་བཞི”མཐོར་འདེགས་གཏོང་བ་དང་།“ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “བརྩི་སྲུང་གཉིས”ལེགས་འགྲུབ་བྱས།“ཁྱོན་ཡོངས་གཉིས”ལ་དམིགས་ཏེ“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས། “ཞིང་ཆེན་གྱི་ཇུས་གཞི”དོན་འཁྱོལ་དང“ཁུལ་གྱི་དོན་ཆེན”ལེགས་པར་གྲུབ།  



ཕེ་ཀེན་གྱི་རྣམ་དཔྱོད་ལ་དམིགས་ཏེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་སེམས་ཤུགས་གཅིག་སྒྲིལ་གྱི་སྲོག་ཤིང་འཛུགས་པ།



      གྲུ་གཟིངས་ཆེན་པོ་ཞིག་རྦ་རླབས་གཤགས་ནས་མདུན་སྐྱོད་བྱེད་པའི་ཁྲིད་སྟོན་ནི་མདུན་ཕྱོགས་ཀྱི་སྒྲོན་སྟེགས་ཡིན། མི་རིགས་ཤིག་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པའི་སྣེ་ཁྲིད་མཁན་ནི་མཐོན་པོར་བསྒྲེང་བྱའི་དར་ཆ་ཡིན། 
      དར་ཆས་ཁ་ཕྱོགས་སྟོན་པ་དང་དར་ཆས་མི་སེམས་གཅིག་ཏུ་སྒྲིལ། རང་ཁུལ་གྱིས་ཤེས་རྟོགས་དོན་འཁྱོལ་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་ནི།  ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཏང་ཨུ(ཏང་ཙུའུ)ཡི་རིགས་གཞུང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ། “འགག་རྩའི་ཉུང་ཤས”ཀྱིས“ཆེས་མང་ཤས”ལ་སྐུལ་ཁྲིད་དང་། “མི་ཡོངས་རྫོགས”ལ་སྣེ་ཁྲིད་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད།


      ཟླ་དང་པོའི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་མཐོ་སྒང་དུ་ཁ་བ་བབས་ཀྱང་སློབ་སྦྱོང་ལ་དགའ་པོ་བྱེད་མཁན་ནི་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། 
      ཁྲོ་ཆུ་རྫོང་རྡོ་ཁ་གྲོང་རྡལ་ཀྭ་གཞི་གྲོང་སྡེའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སུ་རྔ་བའི་གངས་རིདང་རྩྭ་ཐང་གི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆ་དང་ལྟ་འདོད་པ།  ཉན་སྤྲོའི་རྣམ་པའི་ཐོག་ནས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་བཅས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བྱེད་བཞིན་འདུག 
     ཁོ་ཚོས་གྲོང་གསེབ་ཀྱི་དོན་དངོས་གཞིར་བཟུང་སྟེ། གཏམ་རྒྱུད་བཤད་པ་ལས་མ་ཡིག་ཀློག་འདོན་གྱི་ཚབ་བྱས་ཤིང་། བསྒྲགས་བཤད་གནད་བསྡུས་དེ་མང་ཚོགས་ཀྱིས་གོ་ཐུབ་པའི་ཁ་སྐད་དུ་བསྒྱུར་ཏེ་བཤད། དེར་མ་ཟད་མང་ཚོགས་ལ་སྣེ་ཁྲིད་དེ་སྙིང་སྟོབས་ལ་སློབ་སྦྱོང་དང་། ཡིད་ཆེས་འཕེར་བ། འཕེལ་རྒྱས་དོན་གཉེར་བཅས་བྱས་པས་ཚང་མར་སློབ་གསོ་དང་སྐུལ་མ་ཆེན་པོ་ཐེབས། 
     “དང་ཐོག་རང་ཉིད་ཀྱིས་ཧ་གོ་རྒྱུ་མ་རེད་སྙམ་མོད། དྲི་སྒྲོག་མཁན་གྱིས་ང་ཚོའི་གྲོང་གསེབ་ཀྱི་དོན་དངོས་དང་ཏང་ཡོན་མང་ཚོགས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་ཏང་ཡོན་དང་མང་ཚོགས་ཀྱིས་གོ་ཐུབ་པའི་གཏམ་རྒྱུད་མང་པོ་ཞིག་བཤད།”སྒྲོག་འགྲེལ་དེ་འདྲ་བྱས་པས་ཏང་ཡོན་རྒན་གྲས་རིན་ཆེན་སྐྱབས་ལ་བྱམས་བརྩེའི་ཚོར་སྣང་ཞིག་བྱུང་ཞིང་སེམས་ལ་བརྟན་པོར་གནས་ཐུབ་པར་མ་ཟད། སྦྱོངས་བ་ཡང་རྩ་བརྟན། ཁོས་བཤད་པའི་སྐད་ཆ་ཐོས་དུས་མཐའ་འཁོར་གྱི་མི་ཚོས་དབང་མེད་དུ་མགོ་ལྡེམ་ལྡེམ་བྱས།

      ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས“གངས་རི་དང་རྩྭ་ཐང”མང་ཚོགས་ཀྱི་སྒྲོག་འགྲེལ་ཚོགས་པ་དང་། རྟ་ཐོག་སྒྲོག་འགྲེལ་ཚོགས་པ། གཅེན་གཅུང་སྒྲོག་འགྲེལ་ཚོགས་པ་སོགས་བཙུགས་ཏེ།“1+13+N”ཡི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། བོད་སྡེ་དང་ཆའང་ཡུལ་དུ་བསྐྱོད་དེ་ལོ་གཅིག་ལ་ཆ་སྙོམས་སྒྲོག་འགྲེལ་ཐེངས་ཁྲི་1.5ལྷག་ཙམ་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་ཐུབ་པ་བྱས་ཡོད། ཧུང་ཡོན་རྫོང་གི“རྩྭ་ཐང་གི་ཨ་མར་གཅེས་སྐྱོང་བྱེད”ཅེས་པའི་གཅེན་གཅུང་སྒྲོག་འགྲེལ་ཚོགས་པ་དང་ཁུལ་ཨུའི་འཆད་ཁྲིད་ཚོགས་པ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་བྱས་པ་དང“རྔ་བའི་འཆད་སྟེགས”དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཕུལ་བྱུང་གི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་སྤྱི་སྟེགས་སུ་བདམས་པ་རེད། 

      བསམ་བློ་གསར་བ་ནི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁོང་དུ་ཆུད་ན་གཞི་ནས་སྟོབས་ཤུགས་ཆེན་པོ་ཐོན་ཐུབ། རྩྭ་ཐང་ནས་རི་ཁུལ་དང་བོད་སྡེ་ཆའང་ཡུལ་དུ་བསམ་བློ་གསར་བའི་དྲག་ཆས་སྤྲས་པའི་ཚ་རླབས་དེ་རྔ་བའི་ས་གཞི་ཆེན་མོའི་སྐད་གསང་མཐོན་པོའི་བརྗོད་དོན་གཙོ་བོ་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ཤིག་ཏུ་གྱུར་ཡོད། 

ནང་འདུས་ཕྱི་བཟོས་ལ་དམིགས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་པས་ཁུལ་བརྟན་ཁུལ་དར་གྱི་བརྗོད་བྱ་གཙོ་བོ་དབྱངས་སུ་གྱེར།


      བརྙན་འཕྲིན་ཁ་ཕྱེ་ཚེ《“སྦྲང་མར”ལ་བརྟེན་པས་མའོ་རྫོང་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཉམས་འགྱུར་གྱིས་ཁེངས་པ》དང《ཁོང་གིས་རི་བོའི་གཏིང་ནས་རེ་བའི་འོད་གསལ་བར་བྱས》སོགས་གསོན་ཉམས་དོད་པའི་བཅར་འདྲི་བྱ་ཡུལ་གྱི་རྣམ་པ་བྲིས་ནས་མང་ཚོགས་ཀྱི་འབད་བརྩོན་ལྷོད་མེད་དང་ལས་བརྩོན་ཕྱུག་འགྱུར་གྱི་རྣམ་པ་དུས་ཀྱི་ཟིན་ཐོར་བཀོད།
      ཁ་པར་དུ《སེན་ཅི་མེ་ཏོག》དང་《བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཀྱི་ད་ཆའི་འགྱུར་ལྡོག》སོགས་མཐོང་ཚོར་ལ་གཡོ་འགུལ་ཐེབས་པ་དང་བསམ་ཚུལ་གཅིག་མཐུན་གྱི་གློག་བརྙན་དང་། འགུལ་རིས། H5སོགས་བརྒྱུད་ལམ་སྣེ་མང་གི་བརྩམས་ཆོས་རེ་རེ་བཞིན་སྟོན་བཞིན་དུ་རྔ་བའི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མངོན་པར་མཚོན་ཡོད།
      ཚགས་པར་ཁ་ཕྱེ་ན《ནུས་ཤུགས་ཡོད་རྒུས“རྒྱལ་ཁ་གཉིས”བརྩོན་ལེན་བྱས་ནས“དཀའ་གནད་གཉིས”དེ“ཆ་ཚང་གཉིས”ལ་བསྒྱུར་རྒྱུའི་དམ་བཅའ་བཞག་པ》སོགས་མང་ཚོགས་དང་ཐག་ཉེ་བའི་གསར་འགྱུར་རྩོམ་ཡིག་གིས་ལས་བྱེད་པ་དང་མང་ཚོགས་ཀྱི“རིམས་ནད་སྔོན་འགོག”དང“ཆུ་ལོག་སྔོན་འགོག”ཀྱི་སྲ་ཞིང་བརྟན་པའི་བྱས་རྗེས་ཟིན་ཐོར་བཀོད་ཡོད།

      ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་གང་དུ་བཀོད་སྒྲིག་བྱས་ཀྱང་གསར་འགྱུར་གླེང་ཕྱོགས་ལས་དོན་དུས་ཐོག་ཏུ་དེ་གར་ཐོན་པར་བྱས་ཡོད། ལོ་ལྔའི་རིང་ཁུལ་ཡོངས་ཀྱི་བསམ་བློ་དང་རིག་གནས་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་དངོས་འཛིན་དངོས་སྒྲུབ་བྱས་ནས། ལས་དོན་གལ་ཆེན་ཁག་དང་གཙོ་གནད་ལས་དོན་གྱི་དྲིལ་བསྒྲགས་འཕྲིན་སྤེལ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་བཅས་ཧུར་ཐག་གིས་བསྒྲུབས་ཏེ། རྔ་བའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བ་ལ་ཁོར་ཡུག་བཟང་པོ་བསྐྲུན་པ་དང་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད།
      སྨྱན་སྦྱོར་མཉམ་འདྲེས་ལ་བརྟན་པོའི་ངང་སྐུལ་ཏེ། རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་དུ་ཁུལ་རིམ་པའི་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་སྔོན་ལ་བཙུགས་ནས་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན། ཡུན་ནན་བཅས་བོད་འབྲེལ་ས་ཁུལ་གྱི་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས་ཀྱི་མཉམ་ལས་མནའ་འབྲེལ་བཙུགས་པ་དང་། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)རིམ་པའི་སྨྱན་སྦྱོར་ལྟེ་གནས་13དུ་དུད་སྣེ་བསྐྲུན་ཚར་ཞིང་སྨྱན་སྦྱོར་མཉམ་འདྲེས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་། ཐོན་སྐྱེད་ནུས་ཤུགས་དང་། ཁྱབ་སྤེལ་ནུས་པ། ཤུགས་རྐྱེན་ཐེབས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད། 

དཔེ་མཚོན་གྱི་སྣེ་ཁྲིད་ལ་དམིགས་ཏེ་ཤེས་དཔལ་གྱི་ལག་ལེན་ལ་ཤུགས་བསྣན་པས།  བཟང་ལ་དད་ཅིང་དགེ་ལ་ཕྱོགས་པའི་གཤིས་སྲོལ་གསར་བ་བཙུགས།

      ལོ་ལྔའི་རིང་། རང་ཁུལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར། དར་སྤེལ་གཏིང་ཟབ་བཏང་བ་དང་།“སྲི་ཞུ་དང་དགེ་སྒྲུབ། བསྲི་ཚགས། གྲོན་ཆུང”བཅས་ཀྱི་ཀུན་སྤྱོད་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ་། ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་ས་ཁུལ་གྱི་ལས་ཡུལ་དངོས་ཀྱི་གྲོས་ཚོགས་བདེ་བླག་ངང་འཚོགས་ཏེ་བོད་འབྲེལ་ས་ཁུལ་ལ་རྔ་བའི་ཉམས་མྱོང་མཁོ་འདོན་བྱས་ཡོད། སྤྱི་དམངས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་བསྣན་ནས“ཀྲུང་གོའི་མི་བཟང”དང“སི་ཁྲོན་གྱི་མི་བཟང”སོགས་ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་ཞིང་། མི་3སི་ཁྲོན་གྱི་ཀུན་སྤྱོད་དཔེ་བཟང་ནང་ཚུད་པ་དང་། མི་7དང་ཐུན་མོང་2ཀྲུང་གོའི་མི་བཟང་གི་མིང་ཐོའི་ནང་ཚུད་པ། མི་56དང་ཐུན་མོང་3སི་ཁྲོན་གྱི་མི་བཟང་གི་མིང་ཐོའི་ནང་ཚུད། “རྔ་བར་སེམས་འགུལ་ཐེབས་པའི་ལོ་འཁོར་གྱི་མི་སྣའ”ཡི་དཔྱད་འདེམས་བྱེད་སྒོ་སྐབས་བཞི་བདེ་བླག་ངང་སྤེལ་བ་དང་། སྔོན་ཐོན་དཔེ་མཚོན་གྱི་སྐོར་སྐྱོད་སྙན་ཞུའི་ཚོགས་འདུ་ཐེངས་33འཚོགས་པས་ཀུན་སྤྱོད་ལ་སྣང་ཆེན་དང་སྤྱོད་བཟང་ལ་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན།


      གཟི་རྩ་སྡེ་དགུའི་རྫོང་དུ་བསྐྱོད་ཚེ་དཔལ་ཡོན་གྱི་གྲོང་ཁྱེར་གསར་འཛུགས་ཀྱི་སེམས་ཤུགས་ཆེན་པོ་ངམ་ཤུགས་ཀྱིས་རང་དགར་མྱོང་ཐུབ། དགུན་དུས་དྲོད་སྐྱིད་ལྡན་པའི་ཉི་འོད་འོག་གཙང་པོའི་འགྲམ་རྒྱུད་དུ་འཆམ་འཆམ་དུ་སྐྱོད་པའི་མི་ཚོགས་ཀྱིས་དགའ་སྤྲོའི་དགོད་སྒྲ་ཡང་ཡང་ཐོས་ཡོང་། ཁྲོམ་ལམ་ཆེ་ཆུང་དུ་སྤྱི་ཕན་བརྡ་ཁྱབ་དང་ཡ་རབས་ཚུལ་ལྡན་གྱི་སྦྱར་ཡིག་གང་སར་མཐོང་རྒྱུ་ཡོད་པས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་གི་ལྟ་བ་དར་སྤེལ་གཏོང་བཞིན་ཡོད། རྫོང་གྲོང་གི་འགྲིམ་འགྲུལ་ལམ་མདོ་གཙོ་བོ་ཁག་ཏུ་དང་བླངས་པ་ཚོས་དུང་སྒྲ་འཁྱེར་ནས་འགྲོ་འོང་གི་རླངས་འཁོར་དང་འགྲོ་མི་རྣམས་ལ་དྲན་སྐུལ་བྱེད་ཀྱི་ཡོད། དཔལ་ཡོན་གྱི་སྲོལ་གསར་གྱིས་ས་ཆ་དེ་གར་ཁྱབ་པ་བྱས་ནས་གཟི་རྩ་སྡེ་དགུའི་གྲོང་ཚོ་ཀུན་ཏུ་དྲི་བསུང་འཐུལ།    

      ན་ནིང་གཟི་རྩ་སྡེ་དགུ་རྫོང་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གྱི་རྫོང་རིམ་པའི་མིང་འདོན་གྲོང་ཁྱེར་གྱི་མིང་ཐོ་ནང་ཚུད་པ་རེད། མཚན་སྙན་དེ་ནི་ཁས་ལེན་བྱས་པ་ཞིག་ཡིན་ལ་སྐུལ་ལྕག་གཏོང་བ་ཞིག་ཀྱང་ཡིན། དེ་ཡིས་ས་གནས་དེ་གའི་གྲོང་མིའི་དཔལ་ཡོན་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་མཚོན་ཡོད། 

      གཟི་རྩ་སྡེ་དགུ་ནི་ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བསྡུས་རིས་ཤིག་རེད། ལོ་ལྔའི་རིང་། རང་ཁུལ་གྱིས་ཆུ་ཆེན་དང་ཝུན་ཁྲོན་གྱི་རྒྱལ་ཡོངས་ཀྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་གསར་འཛུགས་ཀྱི་ཚོད་ལྟའི་རྫོང་གི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ནས། “བཅུ་གསུམ་གཅིག”གི་རྔ་བའི་འཛུགས་སྐྲུན་བྱེད་སྟངས་གསར་གཏོད་དང་། “དཔལ་ཡོན་ཆེན་པོ་ལྔ་གསར་འཛུགས”ལ་སྤྱི་འདོམས་སྐུལ་འདེད་བཏང་བ། འབར་ཁམས་སོགས་རྫོང(གྲོང་ཁྱེར)7སི་ཁྲོན་ཞིང་ཆེན་གྱི་དཔལ་ཡོན་གྲོང་ཁྱེར་དུ་བདམས་ཤིང་གྲངས་འབོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་བླངས། བཙན་ལྷ་སོགས་རྫོང་6སྐབས་དྲུག་པའི་སི་ཁྲོན་ཞིང་ཆེན་གྱི་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་ནང་བཅུག་པས་ཤེས་དཔལ་སྲོལ་གཏོད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། 

རིག་གནས་འཛུགས་སྐྱོང་ལ་དམིགས་ནས་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བས་རིག་གནས་དར་སྤེལ་གྱི་སྒུལ་ཤུགས་གསར་བ་བཏོད།


      ལོ་ལྔའི་རིང་། རང་ཁུལ་གྱིས་རིག་གནས་ཐོན་ཁུངས་ཀྱི་ཁུལ་ཆེན་མོའི་མི་མངོན་པའི་ནུས་ཤུགས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། རྔ་བའི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་དང་སྤུས་རྟགས་ཧུར་ཐག་བཏོད་དེ།  རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཁྱོན་ཡོངས་ནས་དར་རྒྱས་གོང་འཕེལ་བཏང་ཡོད། 

      གཞི་རིམ་གྱི་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་།   ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ས་ཁུལ་དང་རྫོང་གི་རྒྱང་བསྒྲགས་བརྙན་འཕྲིན་ལས་དོན་དང་། སྤྱི་བའི་ཞབས་ཞུའི་གཙོ་གནད་རྣམ་གྲངས་ཀྱི་ལས་ཡུལ་དངོས་ཀྱི་གྲོས་ཚོགས་ཟུང་ཆུ་རྫོང་དུ་འཚོགས་ཏེ།  ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ས་ཁུལདང་རྫོང་གི་རྒྱང་བསྒྲགས་བརྙན་འཕྲིན་ལས་དོན་ལ་རྔ་བའི་ཉམས་མྱོང་མཁོ་འདོན་བྱས། 

      རིག་གནས་དར་སྤེལ་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་དེ། རྒྱལ་ཁབ་རིམ་པའི་ཆའང་རིགས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་3གཏོད་རྒྱུའི་རེ་ཞུ་བྱས། ཞིང་ཆེན་ཡོངས་སུ་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་རིམ་བཞིའི་མ་ལག་ཀུན་ལ་ཁྱབ་པར་བྱས། བོད་རིགས་དང་ཆའང་རིགས་ཀྱི་ཟློས་གར་སློབ་གྲྭར་སྤེལ་བ”ཞེས་པ་རྒྱལ་ཁབ་ཀྱི་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་གསར་འཛུགས་རྣམ་གྲངས་ཁག་བཞི་པའི་ནང་བཅུག
      རིག་གནས་དང་ལྗོངས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་ཞིང་བརྟན། གཟི་རྩ་སྡེ་དགུ་ཆེན་པོ་དང་དོམ་ཁྲ་ཆེན་པོ་སོགས“ཆེན་པོ་དགུ”ཡི་རིག་གནས་ལྗོངས་སྐོར་སྤུས་རྟགས་བཏོད་པ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་གངས་རི་དང་རྩྭ་ཐང་དུ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་། རྒྱལ་ཁབ་ཀྱི་ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་ཁུལ་1དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ལྗོངས་སྐོར་དཔེ་སྟོན་ཁུལ་1 ཐན་ཧྥུའུ་ལྗོངས་སྐོར་རྫོང་གྲགས་ཅན་3བཅས་གསར་འཛུགས་བྱས། A4རིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་རྫོང་ཁོངས་ཡོངས་སུ་ཁྱབ་པར་བྱས་ཡོད། 

      དེ་རིང་གི་རྔ་བའི་གང་སར་རིག་གནས་ཀྱི་མེ་ཏོག་བཞད་པའི་རྣམ་པ་དང་གང་སར་གསར་བཏོད་ཚ་རླབས་འཕྱུར་བའི་རྣམ་པ་ཞིག་མངོན་ཡོད། 
      ཕལ་བ་ལས་འགོངས་ཤིང་ཁྱད་དུ་འཕགས་པ། ཕན་འབྲས་མངོན་གསལ་ལྡན་པའི་ལོ་ལྔའི་རིང་། རྔ་བས་ཐོབ་པ་ནི་གྲུབ་འབྲས་ཆེན་པོ་ཞིག་ཁོ་ན་མ་ཡིན་པར། ཡིད་ཆེས་དང་བློ་སྟོབས། ནུས་ཤུགས་ཤིག་ཀྱང་ཡིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་དེ། ཁུལ་་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས། དུས་རབས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་བ་དང་། དུས་རབས་ཀྱི་འབོད་སྒྲ་དཀྲོལ་བ། འབད་འབུངས་ཡར་བརྩོན་གྱི་བླ་སྲོག་གཏོད་པ་བཅས་བྱས་ཏེ་ཁུལ་བརྟན་ཁུལ་དར་གྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བསྐུལ་ཅིང་། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་སྤུས་ཚད་མཐོན་པོའི་སྒོ་ནས་བསྐྲུན་པར་ལེགས་སྐྱེས་དེ་བས་མང་བར་ཕུལ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་དགོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1