ཟངས་མདོག་དཔལ་རི་ནི་མཛེས་བཟོས་ཅི་ཡང་རྒྱན་མི་དགོས་པའི་རང་བྱུང་གྲུབ་ཆ་ཞིག་ཡིན་ཞིང་། རི་བོ་བརྗིད་ཉམས་ལྡན་ལ་མཛེས་སྡུག་རྣམ་པར་བཀྲ། སྣུམ་ཚོན་རི་མོའི་གསར་རྩོམ་ཁྲོད་ཚོས་གཞི་དང་འདྲ་ཞིང་། རྐོ་བཟོ་མི་བྱེད་པའི་ཉམས་འགྱུར་དང་གཡོ་འགེབས་སྤུ་ཙམ་ཡང་མེད་པ་རབ་ཏུ་མཛེས་པ་ནི་རང་བྱུང་ཁམས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཡིད་ཆེས་དང་གཞུང་དྲང་རང་བཞིན་སྟོན་བཞིན་ཡོད་ལ། བཀྲག་མདངས་ཆེ་བའི་མཚལ་རྡོ་དང་འཁྱག་ཀླུང་གིས་ཁེབས།དཀར་དམར་ཕན་ཚུན་འབྲེལ་ནས་འཁྱགས་རོམ་དང་མེ་གཉིས་མཉམ་དུ་འདྲེས་པའི་རིགས་སུ་མཐུན་པར་བརྟེན། མིག་ལམ་དུ་ངོ་མཚར་རབ་ཏུ་ཆེ་བའི་མཛེས་ལྗོངས་ཤིག་མངོན་བཞིན་ཡོད་པ་རེད།
དེ་ནི་བ་ཡན་ཁ་ལ་རི་བོའི་ལྷོ་ངོས་ནི་མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་འབྲེལ་སའི་ས་མཚམས་སུ་ཡོད་པ་རེད། ཐང་རྒོད་དེར་མིའི་སྡོད་གནས་གང་ཡང་མེད་པའི་སེར་ཤུལ་གྱི་རྩྭ་ཐང་ཐོག། འབྲི་ཆུའི་ཆུ་བོ་ཆེ་ཤོས་ཡིན་པའི་ཉག་ཆུ་ནི་དར་དཀར་པོའི་དཔལ་ལ་འགྲན།
ཉག་ཆུའི་མིང་གཞན་ལ་འབྲི་ཆུ་ཆུང་བ་ཡང་ཟེར། བོད་སྐད་ལ་ཉི་ཡ་ཆུ་ཟེར་གྱི་ཡོད། དེའི་རིང་ཚད་བསྡོམས་འབོར་ལ་སྟོང་སྨི1571ཡོད། རྫ་ཆུ་ཁ་ནས་ཐོན་ཏེ་དཀར་མཛེས་བརྒྱུད་དེ་ལྷོ་རུ་ཉག་རོང་བརྒལ་ནས་ཉག་ཆུ་ཁར་སླེབས་ཀྱི་ཡོད། དེ་ནས་མུ་ལི་དང་ཚྭ་ཁུངས་བརྒྱུད་མཐར་ཕན་ཀྲི་ཧྭ་ནས་འབྲི་ཆུར་བཞུར་གྱི་ཡོད། ཉག་ཆུའི་འགྲམ་དུ་རྙོག་འཛིང་ཆེ་བའི་ས་གཤིས་ཀྱིས་གཡང་གཟར་དང་གྲོག་རོང་འབེལ་པོ་ཡོད་པའི་ས་ཁམས་གྲུབ་ཡོད། གལ་ཏེ་མི་མེད་གནམ་གྲུས་པར་མ་བླངས་ན་མི་རྣམས་ཀྱིས་རི་མཐོན་པོ་དང་གཡང་གཟར་དེ་དག་གི་ངོ་མཚར་མཐོང་དཀའ། རྒྱུ་མཚན་དེའི་དབང་གིས་དེ་དག་ལ་མི་རྣམས་ཀྱི་མི་ཤེས་པའི་ལྐོག་གྱུར་གྱི་འདུ་ཤེས་ཤིག་བཞག་ཡོད་པ་རེད།
སི་ཁྲོན་ཞིང་ཆེན་ནུབ་རྒྱུད་ཀྱི་ཉག་ཆུའི་འབབ་རྒྱུད་དུ་གནས་པའི་ཉག་རོང་མཚལ་རྡོའི་ས་དབྱིབས་བཀོད་པ་ལ“ཉག་ཆུའི་ལྟེ་བ”དང“ས་ཡི་ལྟེ་བ”ཞེས་བརྗོད་ཀྱི་ཡོད། ཟངས་མདོག་དཔལ་རིའི་ས་དབྱིབས་དེ་དར་མའི་དུས་སུ་གནས་ཡོད། ཁྱོན་ཡོངས་ཀྱི་མཚོ་འཕགས་སྨི4200ནས་སྨི5000བར་ཡིན་པ་དང་། མཚོ་འཕགས་སྨི5000ལས་བརྒལ་བའི་རི་རྩེ10ལྷག་ཙམ་ཡོད། མཚོ་འཕགས་སྨི800ཙམ་ཁྱད་པ་ཡོད་པར་དཔེ་མཚོན་གྱི་མཐོ་གྲང་རྣམ་པའི་ཟངས་མདོག་དཔལ་རིའི་ཁོངས་སུ་གཏོགས་ཀྱི་ཡོད།
ཉག་རོང་ཟངས་མདོག་དཔལ་རི་ནི་མཚལ་རྡོ་ས་དབྱིངས་ལ་རྡོའི་ཀ་བ་དང་། རྡོའི་གྱང་། རྡོའི་བྲག་ཕུག། བྲག་ལྡེབས་སོགས་དང་དེ་བཞིན་བཟོ་དབྱིབས་སྣ་ཚོགས་ཀྱི་རྡོ་གཙོ་བོར་བྱས་པའི་ས་དབྱིབས་ཁྱད་ཆོས་སུ་གྱུར་ནས་རྒྱང་རིང་ནས་བལྟས་ན་བརྗིད་ཉམས་དང་ཉམས་འགྱུར་སྣ་ཚོགས་ལྡན་ཡོད། རི་རྩེ་མང་ཆེ་བ་གངས་ཐིག་ལས་མཐོ་བ་དང་། འཁྱགས་རོམ་གྱི་ཤུགས་རྐྱེན་མངོན་གསལ་དོད་པའི་དབང་གིས་བྱང་འདབས་ཀྱི་ལུང་ཤུར་ཁག་གཅིག་ལ་ལོ་འཁོར་ཧྲིལ་པོར་ཁ་བས་གཡོགས་ཀྱི་ཡོད།།