རྔ་བ་ཁུལ་གྱི་རྣམ་གྲངས26ཞིང་ཆེན་ཡོངས་ཀྱི2022ལོའི་གཙོ་གནད་རྣམ་གྲངས་ཀྱི་མིང་ཐོ་ནང་བཅུག་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 01-24


        ཉེ་ཆར། སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས2022ལོའི་ཞིང་ཆེན་ཡོངས་ཀྱི་གཙོ་གནད་རྣམ་གྲངས་མིང་ཐོ་དངོས་སུ་འགྲེམས་སྤེལ་བྱས་པ་དང་། རྔ་བ་ཁུལ་གྱི་རྣམ་གྲངས26མིང་ཐོ་ནང་བཅུག་ཡོད་ཅིང་། དེའི་ཁྲོད་རྣམ་གྲངས7ཞིང་ཆེན་ཡོངས་ཀྱི་གཙོ་གནད་སྐུལ་འདེད་རྣམ་གྲངས100ཡི་ནང་ཚུད་པ་རེད།
        རྣམ་གྲངས26ཁྲོད་ལྕགས་ཟམ་རྫོང་ནས་ཧྲི་མན་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་དང་། གཙང་པོ་གཉིས་ཀྱི་ཆུ་ཤུགས་གློག་ཁང་། ཡེ་པ་ཐན་ཆུ་ཤུགས་གློག་ཁང་སོགས་སྐྲུན་བཞིན་པའི་རྣམ་གྲངས18དང་། རྒྱལ་ལམ318ཀྱི་སྤུས་ཚད་མཐོར་འདེགས་སྒྱུར་བཀོད་ལས་གཞི། ཞུས་ལུང་ཆུ་ཤུགས་གློག་ཁང་སོགས་གསར་དུ་ལས་མགོ་ཚུགས་པའི་རྣམ་གྲངས8ཚུད་ཡོད། གཙོ་གནད་རྣམ་གྲངས26ཁྲོད་རང་ཚུགས་རྣམ་གྲངས19ཡོད་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2217བཏང་ཞིང་། སྔོན་དཔག་བྱས་ན2022ལོར་མ་དངུལ་སྒོར་དུང་ཕྱུར108.5གཏོང་རྒྱུ་རེད། ལྕགས་ཟམ་རྫོང་ནས་ཧྲི་མན་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་དང་། མོང་ཏི་ལུང་ཆུ་ཤུགས་གློག་ཁང་སོགས་ཁུལ་དང་གྲོང་ཁྱེར་ལས་བརྒལ་བའི་རྣམ་གྲངས4དང་། སི་ཁྲོན་གློག་དྲའི2022ལོའི་ཆན་ཧྥུའུ500ཡི་སྐྲུན་བཞིན་པའི་ལས་གཞི་དང་། 2022ལོའི་སི་ཁྲོན་ཞིང་ཆེན་གྱི་སྐྲུན་བཞིན་པའི་ནུས་རྒྱུ་གསར་པའི་གློག་འདོན་རྣམ་གྲངས། 2022ལོའི་སི་ཁྲོན་ཞིང་ཆེན་གྱི་འོད་ཤུགས་གློག་གཏོང་རྣམ་གྲངས་སོགས་ཞིང་ཆེན་ཡོངས་ཀྱི་གློག་གཏོང་རྣམ་གྲངས3བཅས་ཡོད།
        གཞན་ཡང་། གལ་ཆེན་ནང་གི་འགངས་ཆེན་མངོན་གསལ་དུ་གཏོང་ཆེད། སི་ཁྲོན་ཞིང་ཆེན་ཡོངས་ཀྱིས་གཙོ་གནད་རྣམ་གྲངས་ཀྱི་མིང་ཐོའི་ནང་འདེགས་སྐྱོར་རང་བཞིན་ཆེ་བ་དང་ཤུགས་རྐྱེན་ཐེབས་རྒྱ་ཆེ་བའི་རྣམ་གྲངས་གལ་ཆེན100བདམས་ནས་གཙོ་གནད་སྐུལ་འདེད་བཏང་ཞིང་། དེའི་ནང་རྔ་བ་ཁུལ་གྱི་ལྕགས་ཟམ་རྫོང་ནས་ཧྲི་མན་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམG318རྒྱུད་ཀྱི་དར་མདོའི་རྒྱུ་ལའི་ཕུག་ལམ་རྣམ་གྲངས། གཙང་པོ་གཉིས་ཀྱི་ཆུ་ཤུགས་གློག་ཁང་། མོང་ཏི་ལུང་ཆུ་ཤུགས་གློག་ཁང་། ཡེ་པ་ཐན་ཆུ་ཤུགས་གློག་ཁང་སོགས་རྣམ་གྲངས7གཙོ་གནད་སྐུལ་འདེད་རྣམ་གྲངས་ནང་བཅུག་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1