རྔ་བ་ཁུལ་གྱི་མཛེས་ལྗོངས་ཁུལ་2རྒྱལ་ཁབ་ཀྱི་4Aརིམ་པར་གྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཁུལ་བོད་སྐད་བརྙན་འཕྲིན། སྤེལ་དུས། 02-11



      ཟླ་2ཚེས་7ཉིན། སི་ཁྲོན་ཞིང་ཆེན་རིག་གནས་དང་ལྗོངས་སྐོར་ཐིང་གི་གཞུང་ཕྱོགས་དྲ་ཚིགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་ལྗོངས་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་བསྡུར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་2022ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཞིབ་འཇུག་བྱས་པར་བརྒྱུད། ཁྲེང་ཏུའུ་གྲོང་ཁྱེར་ཆིང་པའེ་ཅང་ས་ཁུལ་གྱི་ཧྥུང་ཧོང་མཚེའུའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ཁུལ་22ལ་རྒྱལ་ཁབ་ཀྱི་4Aརིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་དུ་ཞིབ་དཔྱད་གཏན་འབེབས་བྱ་རྒྱུར་མོས་མཐུན་བྱུང་སྟེ། ཉིན་དེ་ནས་ཡོངས་བསྒྲགས་བྱས་པ་དང་། ཡོངས་བསྒྲགས་ཀྱི་དུས་ཡུན་ནི་ལས་ཉིན་7ཡིན་པ་རེད།

        ད་ཐེངས་སི་ཁྲོན་ཞིང་ཆེན་དུ་རྒྱལ་ཁབ་ཀྱི་4Aརིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་22ཞིབ་དཔྱད་གཏན་འབེབས་བྱས་པའི་ཁྲོད། རང་ཁུལ་དུ་རྔ་བ་རྫོང་གཉན་པོ་གཡུ་རྩེའི་བྲག་དཀར་མཛེས་ལྗོངས་ཁུལ་དང་གཟི་རྩ་སྡེ་དགུ་རྫོང་དུང་མཚོའི་མཛེས་ལྗོངས་ཁུལ་བཅས་མཛེས་ལྗོངས་ཁུལ་2ཚུད་ཡོད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1