ཁ་བའི་ཁྲོད་ཀྱི་སྤྱང་ཁྱུ།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-11


        སྤྱི་ཟླ་2པའི་ཚེས་8ཉིན། གསེར་རྟ་རྫོང་ཉི་སྟོད་གྲོང་རྡལ་སྟོང་ཟ་གྲོང་པའི་ལས་སྒྲུབ་མི་སྣས། རི་སྤྱང་ཁྱུ་གཅིག་གིས་རི་འགོ་ནས་གཟན་འཚོལ་བཞིན་པ་མཐོང་། གཅིག་རྗེས་གཉིས་མཐུད་དུ་གཤར་བའི་སྤྱང་ཁྱུ་དེ། ཁ་བའི་ཁྲོད་དུ་བག་ཕེབས་ཤིང་། སོས་དལ་ངང་རྒྱུ་བས། དཀར་པོའི་གོས་ཀྱིས་བཀླུབས་པའི་གངས་རི་དང་ངོ་བོ་གཅིག་ཏུ་གྱུར།
        སྤྱང་ཁྱུ་དེས། ཁ་བས་རྒྱན་པའི་ཉི་སྟོད་ལ། མཛེས་སྡུག་ཡིད་དུ་འོང་བའི་ཚོན་མདངས་གསར་པ་ཞིག་སྣོན་ཞིང་། རང་བྱུང་སྐྱེ་ཁམས་ཀྱི་བག་ཕེབས་པའི་ལྗོངས་རྣམ་ཞིག་བྲིས། ཉེ་བའི་ལོ་ཤས་རིང་། གསེར་རྟ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་གང་ལེགས་བྱས་ནས། རི་དྭགས་རྔོན་པ་དང་ཤིང་གང་བྱུང་དུ་གཅོད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ཞིང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཆེད་དུ་འཚོ་གནས་ཁོར་ཡུག་བཟང་པོ་བསྐྲུན་པས།  རི་སྐྱེས་སྲོག་ཆགས་འབོར་ཆེན་རང་ཤུགས་ཀྱིས་བཀུག་པ་དང་། ས་ཁོངས་དེའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་སྣ་ཁ་ཉིན་བཞིན་སྣ་མང་ཅན་དུ་འགྱུར་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1